ནུས་ཁུངས་གཙོ་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུས་ཁུངས་གཙོ་བོ།
གློག་ནུས་ནི་རྣམ་པ་གཞན་དག་གི་ནུས་པ་འཕོ་འགྱུར་བྱས་ནས་ཐོབ་པའི་ཐེངས་གཉིས་ནུས་ཁུངས་ཡིན། དེ་མཐའ་མཇུག་ཏུ་ད་དུང་འོད་ནུས་དང་ནང་ནུས། འགུལ་ནུས་སོགས་རྣམ་པ་གཞན་དག་གི་ནུས་པར་བསྒྱུར་ན་ད་གཟོད་འགྲོ་བ་མིས་བཀོལ་སྤྱོད་བྱས་ཆོག དུས་རབས20བའི་ལོ་རབས་40བའི་ནང་དུ་དངོས་ལུགས་རིག་པ་བས་ཉིང་ནུས་ཕྱིར་གཏོང་བར་ཚོད་འཛིན་བྱེད་ཐུབ་པའི་སྒྲིག་ཆས་ཏེ། འགྱུར་འབྱུང་ཕུང་བོ་གསར་གཏོད་བྱས་པ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
主要能源
1 འགྱུར་རྡོའི་ནུས་ཁུངས་གཙོ་བོ།

9.png

གློག་ནུས་ནི་རྣམ་པ་གཞན་དག་གི་ནུས་པ་འཕོ་འགྱུར་བྱས་ནས་ཐོབ་པའི་ཐེངས་གཉིས་ནུས་ཁུངས་ཡིན། དེ་མཐའ་མཇུག་ཏུ་ད་དུང་འོད་ནུས་དང་ནང་ནུས། འགུལ་ནུས་སོགས་རྣམ་པ་གཞན་དག་གི་ནུས་པར་བསྒྱུར་ན་ད་གཟོད་འགྲོ་བ་མིས་བཀོལ་སྤྱོད་བྱས་ཆོག དེ་འདྲ་ཡིན་ན། ད་དུང་གློག་ནུས་བཀོལ་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ནི་གློག་ནུས་སྐྱེལ་བདེ་བ་དང་འཕོ་འགྱུར་བྱེད་སླ་བའི་རྐྱེན་གྱིས་རེད། དེང་རབས་སྤྱི་ཚོགས་ཀྱི་འབྲལ་ཐབས་མེད་པའི་གློག་ཆས་རིགས་སོ་སོ་ནི་གློག་ནུས་དེ་རྣམ་པ་གཞན་དག་གི་ནུས་ཚད་དུ་འཕོ་འགྱུར་བྱེད་པའི་སྒྱུར་ཆས་རེད།

2 གློག་ནུས་ནི་ཆེས་སྟབས་བདེའི་ནུས་པ་ཡིན།

དུས་རབས20བའི་ལོ་རབས40བའི་ནང་དུ་དངོས་ལུགས་རིག་པ་བས་ཉིང་ནུས་ཕྱིར་གཏོང་བར་ཚོད་འཛིན་བྱེད་ཐུབ་པའི་སྒྲིག་ཆས་ཏེ། འགྱུར་འབྱུང་ཕུང་བོ་གསར་གཏོད་བྱས་པས། ཉིང་ནུས་ཀྱིས་ཚབ་བྱས་པའི་ཐེངས་གསུམ་ནུས་ཁུངས་ཀྱི་གསར་བརྗེའི་འགོ་ཚུགས། ལོ་བཅུ་ཕྲག་འགའི་རིང་ལ་ཉིང་གློག་གི་ལག་རྩལ་བྱང་ཆུབ་པ་ཞིག་ཏུ་གྱུར། ཉིང་གློག་དེ་མེ་གློག་ལས་གཙང་བ་དང་བདེ་འཇགས། གྲོན་ཆུང་བཅས་ཡིན་པས། ཉིང་ནུས་དེ་དཔལ་འབྱོར་དར་རྒྱས་ཆེ་བ་རྒྱལ་ཁབ་མང་ཆེ་བའི་ནང་གི་རྒྱུན་སྲོལ་གྱི་ནུས་ཁུངས་སུ་གྱུར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།