ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ཡི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ཡི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ཡི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནི་ཆུའི་སྦགས་བཙོག་འགོག་སེལ། ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས། འཐུང་ཆུའི་བདེ་འཇགས་འགན་སྲུང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་བཟོ་བཀོད་བྱས་པའི་བཅའ་ཁྲིམས་ཞིག་ཡིན། སྤྱི་ལོ1984ལོའི་ཟླ5ཚེས11ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཐོག་གྲོས་འཆམ་བྱུང་ཞིང་། སྤྱི་ལོ1996ལོའི་ཟླ5ཚེས15ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བའི་ཐོག་བཞག་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ཡི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》ལ་གཞིགས་ནས།སྤྱི་ལོ2008ལོའི་ཟླ2ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པའི་ཐོག་དག་བཅོས་བྱས།སྤྱི་ལོ2008ལོའི་ཟླ2ཚེས28ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་ཨང་གྱ་བདུན་པའི་ཐོག་སྤྱི་བསྒྲགས་བྱས་པ་དང་།སྤྱི་ལོ2008ལོའི་ཟླ6ཚེས1ཉིན་ནས་ལག་ལེན་དུ་བསྟར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国水污染防治法
ལག་བསྟར་ལོ་ཚིགས།
སྤྱི་ལོ2008ལོའི་ཟླ6པའི་ཚེས1ཉིན།
བཟོ་བཅོས་ལོ་ཚིགས།
སྤྱི་ལོ2008ལོའི་ཟླ2པའི་ཚེས28ཉིན།
བཟོ་བཅོས་སྡེ་ཁག
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

                ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ཡི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།(ཚན་བཤུས།)

1 ལེའུ་གཉིས་པ། ཆུའི་སྦགས་བཙོག་འགོག་སེལ་གྱི་ཚད་གཞི་དང་འཆར་གཞིའི་སྐོར།

དོན་ཚན་བཅུ་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་ནས་རྒྱལ་ཁབ་ཀྱི་སྤུས་ཀའི་ཚད་གཞི་གཏན་འབེབས་རྒྱུ།

རྒྱལ་ཁབ་ཀྱི་ཆུ་ཁམས་ཀྱི་སྤུས་ཀའི་ཚད་གཞིའི་ནང་གཏན་ཁེལ་བྱས་མེད་པའི་རྣམ་གྲངས་ཐད་ཞིབ་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ས་གནས་ཀྱི་ཚད་གཞི་བཟོས་ཆོག་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་ལའང་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བཅུ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུ་བེད་དོ་དམ་སྡེ་ཁག་དང་། འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་དང་མཉམ་དུ་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་ཆུ་ཀླུང་དང་མཚེའུ་གལ་ཆེན་འབབ་རྒྱུད་ཀྱི་ཆུ་བེད་སྤྱོད་ནུས་པ་དང་དེ་བཞིན་འབྲེལ་ཡོད་ས་ཁུལ་གྱི་དཔལ་འབྱོར་དང་ལག་རྩལ་གྱི་ཆ་རྐྱེན་དང་བསྟུན་ནས་ཆུ་ཀླུང་དང་མཚེའུ་གལ་ཆེན་འབབ་རྒྱུད་དེའི་ཞིང་ཆེན་འབྲེལ་མཚམས་ཀྱི་གཙང་པོ་དག་ལ་སྤྱད་འཐུས་པའི་ཆུ་ཁམས་ཀྱི་སྤུས་ཀའི་ཚད་གཞི་གཏན་ཁེལ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱ་དགོས།

དོན་ཚན་བཅུ་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཆུ་ཁམས་ཀྱི་སྤུས་ཀའི་ཚད་གཞི་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ལག་རྩལ་གྱི་ཆ་རྐྱེན་ཇི་ཡོད་ལ་གཞིགས་ནས་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་གཏན་འབེབས་བྱ་རྒྱུ།

སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་རྒྱལ་ཁབ་ཁྱི་ཚད་གཞིའི་ནང་གཏན་འབེབས་བྱས་མེད་པའི་རྣམ་གྲངས་ཀྱི་ཐད་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཆུའི་སྦགས་བཙོག་དངོས་རིགས་གཏོང་འབུད་བྱ་རྒྱུའི་ས་གནས་ཀྱི་ཚད་གཞི་བཟོས་ཆོག། སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི་ནང་གཏན་འབེབས་བྱས་ཟིན་པའི་རྣམ་གྲངས་ལ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ལས་ཀྱང་དམ་པའི་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་ས་གནས་ཀྱི་ཚད་གཞི་བཟོས་ཆོག ཆུའི་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་ས་གནས་ཀྱི་ཚད་གཞི་ངེས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་ས་གནས་ཀྱི་ཚད་གཞི་ཡོད་པའི་ཆུ་ལ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་པར་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་ས་གནས་ཀྱི་ཚད་གཞི་ལྟར་བྱ་དགོས།

དོན་ཚན་བཅུ་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོད་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ནང་ཆུའི་སྦགས་བཙོག་འགོག་སེལ་བྱ་རྒྱུའི་བླང་བྱ་དང་རྒྱལ་ཁབ་བམ་ས་གནས་ཀྱི་དཔལ་འབྱོར་དང་ལག་རྩལ་གྱི་ཆ་རྐྱེན་ལ་གཞིགས་ནས་ཆུ་ཁམས་ཀྱི་སྤུས་ཀའི་ཚད་གཞི་དང་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུད་ཀྱི་ཚད་གཞི་དུས་བབ་དང་བསྟུན་ནས་བཟོ་བཅོས་རྒྱག་དགོས།

དོན་ཚན་བཅོ་ལྔ་པ། ཆུའི་སྦགས་བཙོག་འགོག་སེལ་བྱེད་པར་འབབ་རྒྱུད་དམ་ཡང་ན་ས་ཁོངས་ལྟར་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། རྒྱལ་ཁབ་ཀྱིས་གཏན་ཁེལ་བའི་ཆུ་བོ་དང་མཚེའུ་གཙོ་བོའི་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་འགོག་སེལ་འཆར་གཞི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་ཕྱོགས་བསྡུས་སྤྱི་ཁོག་སྙོམས་སྒྲིག་དང་ཆུ་བེད་དོ་དམ་སོགས་པའི་སྡེ་ཁག་དང་། འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོད་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་བཅས་དང་མཉམ་དུ་བཟོ་འགོད་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།

གོང་གསལ་གཏན་འབེབས་ནང་མ་ཚུད་པའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ལས་བརྒལ་བའི་ཆུ་ཀླུང་དང་མཚེའུ་ཡི་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་འགོག་སེལ་འཆར་གཞི་གཞན་དག་ནི་རྒྱལ་ཁབ་ཀྱིས་ངེས་གཏན་ཁེལ་བའི་ཆུ་བོ་དང་མཚེའུ་གཙོ་བོའི་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་འགོག་སེལ་འཆར་འགོད་དང་ས་གནས་དེ་གའི་དོན་དངོས་དང་བསྟུན་ནས་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་རིམ་མཚུམས་ཆུ་བེད་དོ་དམ་སོགས་པའི་སྡེ་ཁག་དང་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་དང་མཉམ་དུ་བཟོ་འགོད་བྱས་ཐོག འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་རྒྱལ་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོད་གྲོང་ཁྱེར་བཅས་ནང་ལོགས་ཀྱི་རྫོང་ལས་བརྒལ་བའི་ཆུ་བོ་དང་མཚེའུ་ཡི་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་འགོག་སེལ་གྱི་འཆར་འགོད་ནི་རྒྱལ་ཁབ་ཀྱིས་ངེས་གཏན་ཁེལ་བའི་ཆུ་ཀླུང་དང་མཚེའུ་གཙོ་བོའི་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་འགོག་སེལ་གྱི་འཆར་འགོད་དང་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་ཞིང་ཆེན་དང། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་རིམ་མཚུངས་ཆུ་བེད་དོ་དམ་སོགས་པའི་སྡེ་ཁག་དང་མཉམ་དུ་བཟོ་འགོད་བྱས་ཐོན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་རྒྱུ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ལའང་ཐོ་འགོད་སྙན་སེང་ཞུ་དགོས།

ཆོག་མཆན་བཀོད་པའི་ཆུའི་སྦགས་བཙོག་འགོག་སེལ་གྱི་འཆར་གཞི་ནི་ཆུའི་སྦགས་བཙོག་འགོག་སེལ་གྱི་རྩ་བའི་གཞི་འཛིན་ས་ཡིན་པས། འཆར་གཞི་ལ་བཟོ་བཅོས་རྒྱག་དགོས་ཚེ་ཆོག་མཆན་འགོད་མཁན་ལས་ཁུངས་སྔོན་མའི་ཆོག་མཆན་ཐོབ་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁྲིམས་མཐུན་ལྟར་ཆོག་མཆན་ཐོབ་པའི་ཆུ་བོ་དང་མཚེའུ་ཡི་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་འགོག་སེལ་འཆར་གཞི་ལ་གཞིགས་ནས་སྲིད་འཛིན་ས་ཁོངས་དེ་གའི་ཆུའི་སྦགས་བཙོག་འགོག་སེལ་འཆར་འགོད་བཟོ་རྒྱུའི་སྒྲིག་འཛུགས་བྱ་དགོས།

དོན་ཚན་བཅུ་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཆུའི་ཐོན་ཁུངས་གསར་འབྱེད་བེད་སྤྱོད་དང་། སྙོམས་སྒྲིག་དང་འཁྲིད་གཏོང་བཅས་བྱེད་སྐབས། གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་ཆུ་བོའི་ཆུ་རྒྱགས་ཚད་ལུགས་དང་མཐུན་པ་དང་། མཚེའུ་དང་། ཆུ་མཛོད། དེ་བཞིན་ས་འོག་གི་ཆུ་བཅས་གསོག་ཚད་ལུགས་དང་མཐུན་པར་སྲུང་སྐྱོབ་བྱ་དགོས་པ་དང་ཆུ་ཁམས་ཀྱི་སྐྱེ་དངོས་གནས་ལུགས་ཀྱི་ནུས་པ་སྲུང་སྐྱོབ་བྱ་དགོས།

2  ལེའུ་གསུམ་པ། ཆུ་ཡི་སྦགས་བཙོག་འགོག་སེལ་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་ཕྱོགས་སྐོར།

དོན་ཚན་བཅུ་བདུན་པ། དངོས་ཤུགས་བརྒྱུད་གསུམ་གང་གི་ཐོག་ནས་ཆུའི་ནང་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་དང་ཆུ་ཐོག་གི་སྒྲིག་བཀོད་གཞན་དག་གསར་སྐྲུན་དང་། བཅོས་བཟོ། རྒྱས་སྐྲུན་གང་བྱེད་པར་ཁྲིམས་ལྟར་ཁོར་ཡུག་ལ་གནོད་སྐྱོན་བྱུང་ཉེན་ཡོད་མེད་ཐད་གདེང་འཇོག་བྱ་དགོས།

འཛུགས་སྐྲུན་སྡེ་ཚན་གྱིས་ཆུ་བོ་དང་མཚེའུ་རྒྱུད་དུ་བཙོག་འབུད་མདོ་ཁ་གསར་སྐྲུན་དང་། བཅོས་བཟོ། རྒྱས་སྐྲུན་གང་བྱེད་པར་ཆུ་བེད་དོ་དམ་གཙོ་གཉེར་སྡེ་ཁག་གམ་འབབ་རྒྱུད་དོ་དམ་ལས་ཁུངས་ནས་མོས་མཐུན་ཐོབ་དགོས། གྲུ་གཟིངས་ཤར་གཏོང་དང་ཉ་ལས་ཀྱི་ཆུ་ཁོངས་དང་འབྲེལ་བ་ཡོད་སྐབས། ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་ཁོར་ཡུག་ལ་གནོད་སྐྱོན་བྱུང་མེད་ཀྱི་གདེང་འཇོག་ཡིག་ཆར་ཞིབ་མཆན་འགོད་ཚེ་འགྲིམ་འགྲུལ་དང་ཉ་ལས་གཙོ་གཉེར་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱ་དགོས།

འཛུགས་སྐྲུན་རྣམ་གྲངས་ཐད་ཀྱི་ཆུའི་སྦགས་བཙོག་འགོག་སེལ་སྒྲིག་བཀོད་དག་ངེས་པར་དུ་ལས་གྲྭའི་གཙོ་གནས་དང་དུས་གཅིག་ཏུ་ཇུས་འགོད་དང་། དུས་གཅིག་ཏུ་ལས་འགོ་འཛུགས་པ། དུས་གཅིག་ཏུ་བེད་སྤྱོད་གཏོང་བ་བཅས་བྱ་དགོས། ཆུའི་སྦགས་བཙོག་འགོག་སེལ་སྒྲིག་བཀོད་དག་ལ་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་ནས་ཞིབ་བཤེར་བྱ་དགོས་ཤིང་། ཞིབ་བཤེར་བྱས་རྗེས་ཚད་ལ་མ་ལོན་ན། འཛུགས་སྐྲུན་རྣམ་གྲངས་དེ་ཐོན་སྐྱེད་བྱེད་འགོ་བཙུགས་མི་ཆོག་པའམ་བེད་སྤྱོད་བྱས་མི་ཆོག

དོན་ཚན་བཅོ་བརྒྱད་པ། ཆུའི་སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བ་གཏོང་འབུད་ཀྱི་བསྡོམས་འབོར་ལ་རྒྱལ་ཁབ་ནས་ཚོད་འཛིན་བྱ་རྒྱུ།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་སྲིད་འཛིན་ས་ཁོངས་དེ་གའི་སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བའི་གཏོང་འབུད་བསྡོམས་འབོར་ཉུང་འཕྲི་གཏོང་བ་དང་ཚོད་འཛིན་བྱ་དགོས་པ་མ་ཟད། ཆུའི་སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བ་གཏོང་འབུད་བསྡོམས་འབོར་ཚོད་འཛིན་བྱ་རྒྱུའི་དམིགས་ཚད་དེ་གྲོང་ཁྱེར་དང་རྫོང་གི་མི་དམངས་སྲིད་གཞུང་རེ་རེར་ཡང་དོན་འཁྱོལ་བྱ་དགོས། གྲོང་ཁྱེར་དང་རྫོང་གི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བ་གཏོང་འབུད་བསྡོམས་འབོར་ཚོད་འཛིན་བྱ་རྒྱུའི་དམིགས་ཚད་དང་བསྟུན་ནས་སོ་སོའི་ཚོད་འཛིན་དམིགས་ཚད་དེ་བཙོག་འབུད་སྡེ་ཚན་རེ་རེར་དོན་འཁྱོལ་བྱ་དགོས། བྱེད་ཐབས་ཞིབ་ཕྲ་དང་ལག་བསྟར་བྱ་རིམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོད་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ཆུ་ཁམས་ཀྱི་སྤུས་ཀའི་གནས་ཚུལ་དང་ཆུའི་སྦགས་བཙོག་འགོག་སེལ་ལས་ཀའི་དགོས་མཁོ་དང་བསྟུན་ནས་སྲིད་འཛིན་ས་ཁོངས་དེ་གའི་ནང་བསྡོམས་གྲངས་ཉུང་འཕྲོ་གཏོང་རྒྱུ་དང་ཚོད་འཛིན་བྱ་རྒྱུའི་སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བ་གཏན་འབེབས་བྱས་ཆོག

སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བའི་གཏོང་འབུད་བསྡོམས་འབོར་ཚོད་འཛིན་བྱ་རྒྱུའི་དམིགས་ཚད་ལས་བརྒལ་བའི་ས་ཁུལ་ཡིན་ཕྱིན། འབྲེལ་ཡོད་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲོང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་ཆུའི་སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བའི་གཏོང་འབུད་བསྡོམས་གྲངས་འཕར་སྣོན་བྱུང་བའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གནོད་རྐྱེན་བཟོ་མེད་ཀྱི་གདེང་འཇོག་ཡིག་ཆར་གནས་སྐབས་ཞིབ་མཆན་འགོད་མཚམས་འཇོག་དགོས།

དོན་ཚན་བཅུ་དགུ་པ། བླང་བྱ་ལྟར་ཆུའི་སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བའི་གཏོང་འབུད་བསྡོམས་འབོར་ཚོད་འཛིན་བྱ་རྒྱུའི་དམིགས་ཚད་མ་འགྲུབ་པའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་བྱུང་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་སྤྱི་བསྒྲགས་བྱ་རྒྱུ་དང་།བླང་བྱ་ལྟར་ཆུའི་སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བའི་གཏོང་འབུད་བསྡོམས་འབོར་ཚོད་འཛིན་བྱ་རྒྱུའི་དམིགས་ཚད་མ་འགྲུབ་པའི་གྲོང་ཁྱེར་དང་རྫོང་བྱུང་རིགས་ཞིང་ཆེན་དང་། རང་སྐྱོངས་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་སྤྱི་བསྒྲགས་བྱ་རྒྱུ།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་ཆུ་ཁམས་ལ་སྦགས་བཙོག་ཚབས་ཆེན་བཏང་བའི་ཁེ་ལས་བྱུང་རིགས་སྤྱི་བསྒྲགས་བྱ་དགོས།

དོན་ཚན་ཉི་ཤུ་པ། རྒྱལ་ཁབ་ནས་བཙོག་འབུད་ཆོག་འཐུས་ལག་ཁྱེར་སྤྲོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ།

དངོས་ཤུགས་བརྒྱུད་གསུམ་གང་གི་ཐོག་ནས་ཆུ་རུ་བཟོ་ལས་ཀྱི་ཆུ་རྙོག་དང་སྨན་བཅོས་ཀྱི་བཙོག་ཆུ་དང་དེ་བཞིན་གཏན་འབེབས་ལྟར་བཙོག་འབུད་ཆོག་འཐུས་ལག་ཁྱེར་ཐོབ་རྗེས་གཞི་ནས་གཏོང་འབུད་ཆོག་པའི་ཆུ་རྙོག་དང་བཙོག་ཆུ་གཞན་དག་གཏོང་འབུད་བྱེད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་ལ་བཙོག་འབུད་ཆོག་འཐུས་ལག་ཁྱེར་ཐོབ་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་སྒྲིག་བཀོད་འཁོར་སྐྱོད་ཚོང་གཉེར་བྱེད་མཁན་སྡེ་ཚན་ལའང་བཙོག་འབུད་ཆོག་འཐུས་ལག་ཁྱེར་ཐོབ་དགོས། བཙོག་འབུད་ཆོག་འཐུས་ལག་ཁྱེར་སྤྲོད་ཐབས་ཞིབ་ཕྲ་དང་ལག་བསྟར་བྱ་རིམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།

ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་བཙོག་འབུད་ཆོག་འཐུས་ལག་ཁྱེར་མེད་པའམ་ཡང་ན་བཙོག་འབུད་ཆོག་འཐུས་ལག་ཁྱེར་ནང་གསལ་གཏན་འབེབས་དང་འགལ་ནས་དོན་ཚན་གོང་མའི་ནང་གསལ་ཆུ་རྙོག་དང་བཙོག་ཆུའི་རིགས་གཙང་པོར་འབུད་མི་ཆོག

དོན་ཚན་ཉེར་གཅིག་པ། དངོས་ཤུགས་བརྒྱུད་གསུམ་གང་གི་ཐོག་ནས་ཆུ་ནང་དུ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་དང་ཁེར་གཉེར་བཟོ་ཚོང་ཁྱིམ་དུད་བཅས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གི་གཏན་འབེབས་ལྟར་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་ལ་སོ་སོར་སྦགས་བཙོག་དངོས་རིགས་གཏོང་འབུད་དང་སྒྱུར་བྱེད་ཀྱི་སྒྲིག་བཀོད་གང་ཡོད་དང་། རྒྱུན་ལྡན་གྱི་བྱེད་ལས་སྤེལ་རིང་སྦགས་བཙོག་དངོས་རིགས་གཏོང་འབུད་བྱ་རྒྱུའི་སྣ་རིགས་དང་། མང་ཉུང་། གར་སླའི་ཚད་བཅས་གང་ཡིན་སྙན་སེང་ཞུས་ཤིང་ཐོ་རུ་འགོད་དགོས་པ་དང་འབྲེལ་ཆུ་ཡི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་འབྲེལ་ཡོད་ལག་རྩལ་གྱི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱ་དགོས།

ཁེ་ལས་དང་བྱ་ལས་སྡེ་ཚན་དང་ཁེར་གཉེར་ཚོང་ལས་ཁྱིམ་དུད་བཅས་ཀྱིས་སྦགས་བཙོག་དངོས་རིགས་གཏོང་འབུད་བྱ་རྒྱུའི་སྣ་རིགས་དང་། མང་ཉུང་། གར་སླའི་ཚད་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཚེ་དུས་ཐོག་ཏུ་ཐོ་འགོད་སྙན་སེང་ཞུ་དགོས། གང་དེའི་སྦགས་བཙོག་དངོས་རིགས་གཙང་སྒྱུར་སྒྲིག་བཀོད་ངེས་པར་དུ་སྲོལ་རྒྱུན་ལྟར་བེད་སྤྱོད་ཐུབ་བ་བྱ་དགོས་ཤིང་། སྦགས་བཙོག་དངོས་རིགས་གཙང་བསྒྱུར་སྒྲིག་བཀོད་བཤིག་པའམ་བེད་མེད་དུ་བཞག་ན་ངེས་པར་དུ་སྔོན་ཚུད་ནས་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་ནས་ཆོག་མཆན་ཞུ་དགོས།

དོན་ཚན་ཉེར་གཉིས་པ། ཆུ་ནང་དུ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་དང་ཁེར་གཉེར་བཟོ་ཚོང་ཁྱིམ་དུད་བཅས་ཀྱིས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་བཅས་ཀྱི་གཏན་འབེབས་ལྟར་བཙོག་འབུད་མདོ་ཁ་བཟོ་དགོས་པ་དང་། ཆུ་བོ་དང་མཚེའུ་ཡི་རྒྱུད་དུ་བཙོག་འབུད་མདོ་ཁ་བཟོ་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུ་བེད་དོ་དམ་གཙོ་གཉེར་སྡེ་ཁག་གི་གཏན་འབེབས་དམ་སྲུང་ཡང་བྱ་དགོས།

ལྕགས་མདོང་ལྐོག་ཏུ་འཛུགས་པའམ་ཡང་ན་ལྟ་སྐུལ་དོ་དམ་ལས་གཡོལ་ཐབས་གཞན་དག་ལ་བརྟེན་ནས་ཆུ་རུ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་རིགས་མི་ཆོག

དོན་ཚན་ཉེར་གསུམ་པ། སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བ་གཏོང་འབུད་བྱེད་པའི་སྡེ་ཚན་གྱིས་སྦགས་བཙོག་དངོས་རིགས་གཏོང་འབུད་གནས་ཚུལ་རང་འགུལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྒྲིག་ཆས་སྒར་ཏེ། ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་དང་དྲ་སྦྲེལ་བྱ་དགོས་པ་མ་ཟད། ལྟ་ཞིབ་ཚད་ལེན་སྒྲིག་ཆས་རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པར་འགན་ལེན་ཡང་བྱ་དགོས། བཟོ་ལས་ཀྱི་ཆུ་རྙོག་གཏོང་འབུད་བྱེད་པའི་ཁེ་ལས་ཀྱིས་བཟོ་ལས་ཀྱི་ཆུ་རྙོག་གཏོང་འབུད་བྱེད་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་འབྲེལ་ཐོག་མའི་ལྟ་ཞིབ་ཚད་ལེན་བྱས་འབྲས་ཉར་ཚགས་ཀྱང་བྱ་དགོས། དེའི་ཐད་ཀྱི་བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

ཆུ་ནང་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་ཚུལ་རང་འགུལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྒྲིག་ཆས་སྒར་དགོས་པའི་སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བ་གཏོང་འབུད་བྱེད་པའི་སྡེ་ཚན་གྱི་མིང་ཐོ་ནི་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་སྲོད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་གི་ཤོང་ཚད་དང་། ཆུའི་སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བའི་གཏོང་འབུད་བསྡོམས་འབོར་ཚོད་འཛིན་བྱ་རྒྱུའི་དམིགས་ཚད་ཀྱི་བླང་བྱ་དང་དེ་བཞིན་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་པའི་སྡེ་ཚན་གྱིས་ཆུ་ནང་དུ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་པའི་སྡེ་ཚན་གྱིས་ཆུ་ནང་དུ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་པའི་སྣ་རིགས་དང་། མང་ཉུང་། གར་སླའི་ཚད་བཅས་གང་ཡིན་པར་གཞིགས་ནས་རིམ་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་གྲོས་མོལ་ཐོག་གཏན་ཁེལ་བྱ་རྒྱུ།

དོན་ཚན་ཉེར་བཞི་པ། ཆུ་རུ་སྦགས་བཙོག་དངོས་རིགས་ཐད་ཀར་གཏོང་འབུད་བྱེད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་དང་ཁེར་གཉེར་བཟོ་ཚོང་ཁྱིམ་དུད་བཅས་ཀྱིས་ཆུ་རུ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་པའི་སྣ་རིགས་དང་། མང་ཉུང་། བཙོག་འབུད་གླ་ཆ་བསྡུ་ལེན་ཚད་གཞི་བཅས་དང་བསྟུན་ནས་བཙོག་འབུད་གླ་ཆ་སྤྲོད་དགོས།

བཙོག་འབུད་གླ་ཆ་དག་ངེས་པར་དུ་སྦགས་བཙོག་འགོག་སེལ་ཐད་ལ་སྤྱོད་དགོས་པ་ལས་གཞན་སར་སྤྱད་མི་ཆོག

དོན་ཚན་ཉེར་ལྔ་པ། རྒྱལ་ཁབ་ནས་ཆུ་ཁམས་ཀྱི་སྤུས་ཀར་ལྟ་ཞིབ་ཚད་ལེན་དང་ཆུ་ནང་དུ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་འཛུགས་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱོ་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་ཆུ་ཁམས་ཀྱི་སྤུས་ཀར་ལྟ་ཞིབ་ཚད་ལེན་བྱེད་པའི་ཚད་གཞི་གཏན་འབེབས་དང་རྒྱལ་ཁབ་ཀྱི་ཆུ་ཁམས་གནས་ཚུལ་གྱི་ཆ་འཕྲིན་གཅིག་གྱུར་གྱིས་ཡོངས་བསྒྲགས་བྱེད་འགན་འཁུར་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུ་བེད་དོ་དམ་སོགས་པའི་སྡེ་ཁག་དང་མཉམ་དུ་ལྟ་ཞིབ་ཚད་ལེན་དྲ་བ་སྒྲིག་འཛུགས་བྱ་རྒྱུ།

དོན་ཚན་ཉེར་དྲུག་པ། རྒྱལ་ཁབ་ཀྱིས་ངེས་གཏན་ཁེལ་བའི་ཆུ་བོ་དང་མཚེའུ་གཙོ་བོའི་འབབ་རྒྱུད་ཀྱི་ཞིང་ཆེན་བར་མཚམས་ཀྱི་ཆུ་ཁམས་ཀྱི་སྤུས་ཀར་ལྟ་ཞིབ་ཚད་ལེན་བྱེད་འགན་འཁུར་རྒྱུ་དང་འབྲེལ་ལྟ་ཞིབ་ཚད་ལེན་བྱས་འབྲས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཡུལ་ཁམས་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུ་བེད་དོ་དམ་གཙོ་གཉེར་སྡེ་ཁག་ལ་དུས་ཐོག་ཏུ་སྙན་ཞུ་འབུལ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་སྟེ་བཙུགས་པའི་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་སྲུང་སྐྱོབ་འགོ་ཁྲིད་ལས་ཁུངས་ཡོད་སར་ལྟ་ཞིབ་ཚད་ལེན་བྱས་འབྲས་དུས་ཐོན་ཏུ་འབབ་རྒྱུད་ཆུའི་ཐོན་ཁུངས་སྲུང་སྐྱོབ་འགོ་ཁྲིད་ལས་ཁུངས་ལ་སྙན་ཞུ་འབུལ་དགོས།

དོན་ཚན་ཉེར་བདུན་པ། ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་དང་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་སོ་སོའི་ལྟ་སྐུལ་དོ་དམ་བྱེད་དབང་སྤྱོད་པའི་སྡེ་ཁག་གིས་གཙོ་སྐྱོང་བྱེད་ཁོངས་སུ་གཏོགས་པའི་བཙོག་འབུད་སྡེ་ཚན་གྱི་ལས་ཡུལ་དངོས་སུ་ཞིབ་བཤེར་བྱས་ཆོག་ཅིང་། ཞིབ་བཤེར་བྱ་ཡུལ་སྡེ་ཚན་ནས་ངེས་པར་དུ་གནས་ཚུལ་ཇི་བཞིན་ཡིན་པ་དེ་བཞིན་དུ་ཞུ་དགོས་པ་མ་ཟད། དགོས་ངེས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱང་འདོན་སྤྲོད་བྱ་དགོས།ཞིབ་བཤེར་བྱེད་རིང་ཐོབ་པའི་ཞིབ་བཤེར་བྱ་ཡུལ་སྡེ་ཚན་གྱི་ཚོང་ལས་ཀྱི་གསང་དོན་དག་ཞིབ་བཤེར་ལས་ཁུངས་ལ་དམ་སྲུང་བྱེད་པའི་འོས་འགན་ཡོད།

དོན་ཚན་ཉེར་བརྒྱད་པ། སྲིད་འཛིན་ས་ཁོངས་ལས་བརྒལ་བའི་ཆུ་ཡི་སྦགས་བཙོག་ཐད་ཀྱི་རྩོད་གཞི་བྱུང་རིགས་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་གྲོས་མོལ་ཐོག་ཐག་གཅོད་བྱ་རྒྱུའམ། ཡང་ན་ཐུན་མོང་གི་གོང་རིམ་མི་དམངས་སྲིད་གཞུང་གིས་ཐག་གཅོད་ཆ་མཐུན་ཡོང་བ་བྱ་རྒྱུ།

3 ལེའུ་བཞི་པ། ཆུའི་སྦགས་བཙོག་འགོག་སེལ་བྱེད་ཐབས་སྐོར།

ས་བཅད་དང་པོ། སྤྱིར་བཏང་གི་གཏན་འབེབས་སྐོར།

དོན་ཚན་ཉེར་དགུ་པ། སྣུམ་རིགས་དང་། སྐྱུར་ཆུ། བུལ་ཆུ་བཅས་སམ་ཡང་ན་དུག་ཤུགས་ཆེ་བའི་བེད་མེད་བཤེར་རིགས་ཆུར་བསྐྱུར་མི་ཆོག

སྣུམ་རིགས་སམ་ཡང་ན་དུག་ལྡན་སྦགས་བཙོག་དངོས་རིགས་བླུགས་མྱོང་བའི་རླངས་འཁོར་གྱི་རིགས་དང་སྣོད་ཆས་ཆུར་བཀྲུས་མི་ཆོག

དོན་ཚན་སུམ་ཅུ་པ། དུག་ཕྲེང་འགྱེད་ནུས་ལྡན་པའི་སྲ་གཟུགས་དངོས་པོ་བེད་མེད་གྲས་སམ་དུག་ཕྲེང་འགྱེད་ནུས་ཆེན་པོ་དང་འབྲེང་ཙམ་ལྡན་པའི་དངོས་པོ་འདྲེས་པའི་ཆུ་རྙོག་ཆུར་བསྐྱུར་རིགས་སམ་འབུད་རིགས་མི་ཆོག

ཆུ་ནང་དུག་ཕྲེང་འགྱེད་ནུས་ཆུང་ཙམ་ལྡན་པའི་དངོས་འདྲེས་པའི་ཆུ་རྙོག་འབུད་དུས་ངེས་པར་དུ་དུག་ཕྲེང་འགྱེད་ནུས་གྱི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་ཚད་གཞི་དང་མཐུན་དགོས།

དོན་ཚན་སོ་གཅིག་པ། ཆུ་ནང་དུ་ཆུ་རྙོག་ཚ་པོ་གཏོང་འབུད་བྱེད་དགོས། ཆུའི་དྲོད་ཚད་དེ་ཆུ་ཁམས་ཀྱི་སྤུས་ཀའི་ཚད་གཞི་དང་མཐུན་པར་འགན་ལེན་ཐུབ་པའི་བྱེད་ཐབས་སྤྱོད་དགོས།

དོན་ཚན་སོ་གཉིས་པ། ནད་ཀྱི་གཞི་ཁམས་འདྲེས་པའི་བཙོག་ཆུ་འབུད་དགོས་ཚེ་ངེས་པར་དུ་དུག་བསལ་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་མཐུན་མཚམས་སུ་གཞི་ནས་ཆུར་བསྐྱུར་ཆོག

དོན་ཚན་སོ་གསུམ་པ། ཆུ་ནང་དུ་བཟོ་ལས་ཀྱི་སྙིགས་རོ་དང་གྲོང་ཁྱེར་གྱི་གད་སྙིགས་དང་མཁོ་མེད་སྙིགས་རོ་གཞན་དག་བཅས་གཏོང་འབུད་དང་བསྐྱུར་རིགས་མི་ཆོག དངུལ་ཆུ་དང་། ཁད། སེན། ཁིར། ཞ། ཆིན་འདྲེས་དངོས་རིགས། ལིན་སེར་སོགས་ཀྱི་ཆུ་རུ་ཞུ་ཐུབ་ཅིང་དུག་ཤུགས་ཆེ་བའི་སྙིགས་རོ་ཆུ་ནང་གཏོང་འབུད་དང་གཤོས་པའམ་ཡང་ན་ཐད་ཀར་ས་འོག་ཏུ་སྦས་རིགས་གཏན་འགོག་བྱ་རྒྱུ།

ཞུ་ཐུབ་ཅིང་དུག་ཤུགས་ཆེ་བའི་སྙིགས་རོ་གསོག་ཉར་བྱེད་སར་ངེས་པར་དུ་ཆུ་མི་འགྲོ་བ་དང་། མི་ཐིམ་པ། མི་ཤོར་བ་བཅས་ཀྱི་བྱེད་ཐབས་སྤྱོད་དགོས།

དོན་ཚན་སོ་བཞི་པ། ཆུ་ཀླུང་དང་། མཚེའུ། མིས་བཟོས་གཙང་པོ། ཆུ་ཡུར། ཆུ་ཡུར། ཆུ་མཛོད་སོགས་ཀྱི་ཆུ་ཁའི་ཐིག་ཚད་མཐོ་ཤོས་མན་གྱི་གྲམ་ཐང་དང་ཆུ་འགྲམ་གྱི་གྱེན་སར་བེད་མེད་སྲ་གཟུགས་དངོས་རིགས་ཀྱི་སྙིགས་རོ་དང་སྦགས་བཙོག་དངོས་རིགས་གཞན་དག་སྤུང་གསོག་དང་ཉར་གསོག་བྱེད་མི་ཆོག

དོན་ཚན་སོ་ལྔ་པ། ཆུ་སིམ་ཁྲོན་པ་དང་ཆུ་སིམ་ས་དོང་། གས་སྲུབས། བྲག་ཕུག་བཅས་ལ་བརྟེན་ནས་དུག་ལྡན་སྦགས་བཙོག་དངོས་རིགས་འདྲེས་པའི་ཆུ་རྙོག་དང་། ནད་ཀྱི་གཞི་ཁམས་འདྲེས་པའི་བཙོག་ཆུ་འབུད་མི་ཆོག་ལ། བེད་མེད་དངོས་རོ་གཞན་དག་ཀྱང་བསྐྱུར་མི་ཆོག

དོན་ཚན་སོ་དྲུག་པ། ཆུ་སིམ་འགོག་ནུས་མེད་པའི་ཡུར་བུ་དང་། ས་དོང་རྫིང་བུ་སོགས་ལ་བརྟེན་ནས་དུག་ལྡན་སྦགས་བཙོག་དངོས་རིགས་འདྲེས་པའི་ཆུ་རྙོག་དང་། ནད་ཀྱི་གཞི་ཁམས་ལྡན་པའི་བཙོག་ཆུ་དང་དེ་བཞིན་བེད་མེད་དངོས་རོ་གཞན་དག་བཅས་སྐྱེལ་འདྲེན་ནམ་ཉར་གསོག་བྱེད་མི་ཆོག

དོན་ཚན་སོ་བདུན་པ། ཆུ་རིམ་མང་པོ་ལྡན་པའི་ས་འོག་གི་ཆུ་སྔོག་འདོན་བྱེད་སྐབས་གལ་ཏེ་ཆུ་ལྡན་ས་རིམ་ཁག་གི་ཆུ་སྤུས་ལ་ཁྱད་པར་ཆེན་པོ་ཡོད་ན་རིམ་པ་ལྟར་སྔོག་འདོན་བྱ་རྒྱུ་དང་། བཙོག་པས་སྦགས་པའི་མངོན་མེད་ཆུ་རིམ་གྱི་ཆུ་དང་གནོན་ཐེག་ཆུ་རིམ་གྱི་ཆུ་མཉམ་བསྲེས་ཀྱིས་སྔོག་འདོན་བྱེད་མི་རུང་།

དོན་ཚན་སོ་བརྒྱད་པ། ས་འོག་གི་ཨར་ལས་སྒྲིག་བཀོད་གསར་འཛུགས་སམ་ས་འོག་ཏུ་རྩད་ཞིབ་དང་གཏེར་འདོན་སོགས་བྱེད་སྐབས་འགོག་སྲུང་ཐུབ་པའི་བྱེད་ཐབས་སྤྱད་དེ་ས་འོག་གི་ཆུ་བཙོག་པས་མི་སྦགས་པའི་སྔོན་འགོག་བྱ་དགོས།

དོན་ཚན་སོ་དགུ་པ། མིའི་ཐབས་ཀྱིས་ས་འགོ་ཏུ་ཆུ་བླུགས་ནས་ས་འོག་གི་ཆུ་གསབ་སྣོན་བྱེད་སྐབས་ས་འོག་གི་ཆུའི་སྤུས་ཀ་ཞན་དུ་གཏོང་མི་རུང་།

ས་བཅད་གཉིས་པ། བཟོ་ལས་ནས་ཆུར་སྦགས་བཙོག་བཟོ་རིགས་འགོག་སེལ་བྱེད་སྟངས་སྐོར།

དོན་ཚན་བཞི་བཅུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བཟོ་ལས་ཀྱི་གནས་སྟངས་བཀོད་སྒྲིག་ལུགས་དང་མཐུན་པར་བྱ་དགོས་པ་དང་། ཆུར་སྦགས་བཙོག་གཏོང་བའི་ཁེ་ལས་ལ་ལག་རྩལ་བསྐྱུར་བཀོད་གཏོང་བ་དང་། ཕྱོགས་བསྡུས་ཀྱི་འགོག་སེལ་བྱེད་ཐབས་སྤྱད་དེ་ཆུ་བེད་སྤྱོད་བསྐྱུར་མ་བྱེད་ཚད་མཐོ་རུ་བཏང་ཁར་ཆུ་སྙོག་དང་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་ཚད་ཉུང་འཕྲི་གཏོང་དགོས་པའི་བླང་བྱ་འདོན་དགོས།

དོན་ཚན་ཞེ་གཅིག་པ། ཆུ་ཁམས་སྦགས་བཙོག་ཚབས་ཆེན་བཟོ་བའི་བཟོ་རྩལ་རྗེས་ལུས་དང་སྒྲིག་བཀོད་རྗེས་ལུས་དག་རྒྱལ་ཁབ་ཀྱིས་དགོས་མེད་དུ་གཏོང་རྒྱུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་ཕྱོགས་བསྡུས་སྤྱི་ཁོག་སྙོམ་སྒྲིག་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དུས་བཀག་ནང་སྤྱོད་མི་ཆོག་པའི་བཀག་འགོག་བྱ་རྒྱུའི་ཆུ་ཁམས་སྦགས་བཙོག་ཚབས་ཆེན་བཟོ་བའི་བཟོ་རྩལ་གྱི་མིང་ཐོ་དང་། དུས་བཀག་ནང་ཐོན་སྐྱེད་དང་བྲིད་ཚོང་། ནང་འདྲེན། བཀོལ་སྤྱོད་བཅས་བྱེད་མི་ཆོག་པའི་བཀག་འགོག་བྱ་རྒྱུའི་ཆུ་ཁམས་སྦགས་བཙོག་ཚབས་ཆེན་བཟོ་བའི་སྒྲིག་ཆས་ཀྱི་མིང་ཐོ་ཡོངས་བསྒྲགས་བྱ་རྒྱུ།

གཏན་འབེབས་བྱས་པའི་དུས་བཀག་ནང་ཐོན་སྐྱེད་བྱེད་མཁན་དང་བྲིན་ཚོང་བྱེད་མཁན། ནང་འདྲེན་བྱེད་མཁན་ནམ་ཡང་ན་བཀོལ་སྤྱོད་བྱེད་མཁན་གྱིས་དོན་ཚན་གོང་མའི་ནང་གསལ་གཏན་འབེབས་ཀྱི་སྒྲིག་ཆས་ཀྱི་མིང་ཐོའི་ནང་ཚུད་པའི་སྒྲིག་ཆས་ཀྱི་རིགས་ཐོན་སྐྱེད་དང་བྲིན་ཚོང་། ནང་འདྲེན་ནང་ཡང་ན་བཀོལ་སྤྱོད་བྱེད་མཚམས་འཇོག་དགོས། གཏན་འབེབས་བྱས་པའི་དུས་བཀག་ནང་བཟོ་རྩལ་བཀོལ་སྤྱོད་བྱེད་མཁན་གྱིས་དོན་ཚན་གོང་མའི་གཏན་འབེབས་ཀྱི་བཟོ་རྩལ་གྱི་མིང་ཐོའི་ནང་ཚུད་པའི་བཟོ་རྩལ་སྤྱོད་མཚམས་འཇོག་དགོས།

དོན་ཚན་འདིའི་ནང་གསེས་དོན་ཚན་གཉིས་པ་དང་གསུམ་པའི་གཏན་འབེབས་ལྟར་དགོས་མེད་དུ་བཏང་བའི་སྒྲིག་ཆས་ཀྱི་རིགས་མི་གཞན་པར་བཤུག་སྤྲོད་ཀྱིས་བཀོལ་སྤྱོད་བྱེད་དུ་བཅུག་མི་ཆོག

དོན་ཚན་ཞེ་གཉིས་པ། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མི་མཐུན་པའི་ཤོག་བུ་བཟོ་བ་དང་། ཀོ་བཟོ་བ། པར་འདེབས་ཚོས་རྒྱག ཚོན་རྩི་བཟོ་བ། རྡོ་སོལ་བསྲེགས་མ་བཟོ་བ། ཀོ་བཟོ་བ། པར་འདེབས་ཚོས་རྒྱག ཚོན་རྩི་བཟོ་བ། རྡོ་སོལ་བསྲེགས་མ་བཟོ་བ། མུ་སི་བཙོ་སྦྱང་། སེན་བཙོ་སྦྱང་། དངུལ་ཆུ་བཙོ་སྦྱང་། རྡོ་སྣུམ་བཙོ་སྦྱང་། གློག་རྩི་གཏོང་བ། ཞིང་སྨན་བཟོ་བ། རྡོ་རྒྱུས་བཟོ་བ། ཨར་འདམ་བཟོ་བ། ཤེལ་བཟོ་བ། ངར་ལྕགས་བཙོ་སྦྱང་། མེ་ཤུགས་གློག་འདོན་བཅས་པའི་ཁེ་ལས་ཆུང་གྲས་དང་དེ་བཞིན་ཆུ་ཁམས་སྦགས་བཙོག་ཚབས་ཆེན་བཟོ་བའི་ཐོན་སྐྱེད་རྣམ་གྲངས་གཞན་དག་གསར་འཛུགས་བྱེད་རིགས་རྒྱལ་ཁབ་ནས་གཏན་འགོག་བྱ་རྒྱུ།

དོན་ཚན་ཞེ་གསུམ་པ། ཁེ་ལས་ཀྱིས་རྒྱུ་ཆ་དང་རྒྱུ་ཆས་བཀོལ་སྤྱོད་བྱེད་སྐབས་ལས་ཆོད་ཆེ་བ་དང་སྦགས་བཙོག་དངོས་རིགས་འབུད་ཚད་དམའ་བའི་གཙང་སྦྲའི་བཟོ་རྩལ་སྤྱོད་པ་དང་དེའི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆུར་བཙོག་པས་སྦགས་རིགས་ཉུང་དུ་གཏོང་དགོས།

ས་བཅད་གསུམ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུའི་སྦགས་བཙོག་འགོག་སེལ་བྱེད་སྟངས་སྐོར།

དོན་ཚན་ཞེ་བཞི་པ། གྲོང་ཁྱེར་དང་གྲོང་བརྡ་གྱི་བཙོག་ཆུ་གཅིག་བསྡུས་ཀྱིས་གཙང་སྒྱུར་བྱ་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ནོར་སྲིད་སྔོན་རྩིས་དང་ཐབས་ལམ་གཞན་ལ་བརྟེན་ནས་མ་དངུལ་གྲབས་གསོག་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་ཀྱིས་གཙང་སྒྱུར་བཀོད་དང་ཆ་སྒྲིག་གི་སྦུགས་ལམ་དང་དྲ་བ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས། སྲིད་འཛིན་ས་ཁོངས་དེ་གའི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་ཀྱིས་གཙང་སྒྱུར་བྱེད་ཚད་མཐོ་རུ་གཏོང་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་དཔལ་འབྱོར་ཕྱོགས་བསྡུས་སྤྱི་ཁོག་སྙོམ་སྒྲིག་སྡེ་ཁག་དང་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་དང་མཉམ་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་འཆར་གཞི་དང་ཆུའི་སྦགས་བཙོག་འགོག་སེལ་འཆར་གཞིར་གཞིགས་ནས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སྒྱུར་སྒྲིག་བཀོད་འཛུགས་སྐྲུན་འཆར་གཞི་བཟོ་འགོད་བྱེད་པའི་སྒྲིག་འཛུགས་བྱ་དགོས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འཛུགས་སྐྲུན་དང། དཔལ་འབྱོར་ཕྱོགས་བསྡུས་སྤྱི་ཁོག་སྙོམ་སྒྲིག། ཁོར་ཡུག་སྲུང་སྐྱོབ།ཆུ་བདེ་དོ་དམ་སོགས་པའི་སྡེ་ཁག་སྒྲིག་འཛུགས་བྱས་ནས་སྲིད་འཛིན་ས་ཁོངས་དེ་གའི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སྒྱུར་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་འཆར་གཞི་བཟོ་འགོད་བྱ་དགོས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་གྲོང་ཁྱེར་དང་གྲོང་བརྡ་གྱི་བཙོག་ཆུ་གཅིག་བསྡུས་ཀྱིས་གཙང་སྒྱུར་བྱེད་པའི་སྒྲིག་བཀོད་དང་ཆ་སྒྲིག་གི་སྦུགས་ལམ་དང་དྲ་བ་འཛུགས་སྐྲུན་བྱ་རྒྱུའི་སྒྲིག་འཛུགས་བྱེད་པ་དང་འབྲེལ་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་སྒྲོག་བཀོད་འཁོར་སྐྱོད་ཚོང་གཉེར་བྱེད་ཚུལ་ལ་ལྟ་སྐུལ་དོ་དམ་ཡང་བྱ་དགོས།

གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་སྒྲིག་བཀོད་འཁོར་སྐྱོད་ཚོང་གཉེར་བྱེད་མཁན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་བཙོག་ཆུ་གཏོང་འབུད་བྱེད་མཁན་ལ་བཙོག་ཆུ་གཙང་སྒྱུར་བྱེད་གླ་ལེན་པའི་ཞབས་འདེགས་ཞུ་རྒྱུ་དང་། བཙོག་ཆུ་གཙང་སྒྱུར་བྱེད་གླ་བླངས་ནས་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་བྱེད་པའི་སྒྲིག་བཀོད་འཆར་ཅན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་བྱེད་པའི་སྒྲིག་བཀོད་ལ་བཙོག་ཆུ་ཕུད་ནས་བཙོག་ཆུ་གཙང་སྒྱུར་བྱེད་གླ་སྤྲོད་མཁན་གྱིས་བཙོག་འབུད་གླ་ཆ་བསྐྱར་སྤྲོད་བྱ་མི་དགོས། བཙོག་ཆུ་གཙང་སྒྱུར་བྱེད་གླ་བླངས་རིགས་གྲོང་ཁྱེར་དང་གྲོང་བརྡ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་སྐྱོད་ཐད་སྤྱོད་དགོས་པ་ལས་སྤྱོད་སྒོ་གཞན་དུ་བཏང་མི་ཆོག

གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་སྒྲིག་བཀོད་ཀྱིས་བཙོག་ཆུ་གཙང་སྒྱུར་བྱེད་གླ་སྡུད་ལུགས་དང་། དེར་དོ་དམ་བྱ་རྒྱུ། དེ་བཞིན་བཀོལ་སྤྱོད་བྱ་རྒྱུ་བཅས་བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།

དོན་ཚན་ཞེ་ལྔ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་སྒྲིག་བཀོད་ལ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་པར་རྒྱལ་ཁབ་བམ་ས་གནས་ཀྱིས་གཏན་ལ་ཕབ་པའི་ཆུའི་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཚད་གཞི་དང་མཐུན་དགོས།

གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་སྒྲིག་བཀོད་ལས་ཐོན་པའི་ཆུ་སྤུད་ཚད་དེ་རྒྱལ་ཁབ་བམ་ས་གནས་ཀྱིས་གཏན་ལ་ཕབ་པའི་ཆུའི་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཚད་གཞི་དང་མཐུན་ཡོད་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བཙོག་འབུད་གླ་ཆ་སྤྲོད་མི་དགོས།

གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་སྒྲིག་བཀོད་འཁོར་སྐྱོད་ཚོང་གཉེར་བྱེད་མཁན་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་སྒྲིག་བཀོད་ལས་ཐོན་པའི་ཆུའི་སྤུས་ཚད་ལ་འགན་འཁུར་དགོས།

ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་སྒྲིག་བཀོད་ལས་ཐོན་པའི་ཆུའི་སྤུས་ཚད་དང་ཆུ་འབབ་ཚད་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས།

དོན་ཚན་ཞེ་དྲུག་པ། འཚེ་བའི་གད་སྙིགས་སྦས་ས་འཛུགས་སྐྲུན་བྱེད་དུས་བཙོག་ཆུ་མི་སིམ་བྱེད་ཐབས་སོགས་སྤྱད་དེ་ཆུ་ལ་སྦགས་བཙོག་མི་ཤོར་བའི་སྔོན་འགོག་བྱ་དགོས།

ས་བཅད་བཞི་པ། ཞིང་ལས་དང་གྲོང་གསེབ་ཀྱི་བཙོག་ཆུའི་སྦགས་བཙོག་འགོག་སེལ་བྱེད་སྟངས་སྐོར།

དོན་ཚན་ཞེ་བདུན་པ། ཞིང་སྨན་སྤྱོད་པར་ཞིང་སྨན་ཉེན་མེད་བེད་སྤྱོད་བྱེད་ཕྱོགས་སྐོར་གྱི་རྒྱལ་ཁབ་ཀྱི་གཏན་འབེབས་དང་ཚད་གཞི་དང་མཐུན་པར་བྱ་དགོས།

ཞིང་སྨན་སྐྱེལ་འདྲེན་དང་ཉར་གསོག་བྱེད་པ་དང་དུས་ལས་ཡོལ་ཞིང་ནུས་པ་ཤོར་ཟིན་པའི་ཞིང་སྨན་སྐྱུར་སྐབས་ངེས་པར་དུ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་ལ་སྦགས་བཙོག་མི་ཤོར་བའི་སྔོན་འགོག་བྱ་དགོས།

དོན་ཚན་ཞེ་བརྒྱད་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་གཙོ་གཉེར་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་བྱེད་ཐབས་སྤྱད་དེ་ཞིང་ལས་ཐོན་སྐྱེད་བྱེད་མཁན་གྱིས་རྫས་ལུད་དང་ཞིང་སྨན་ཚན་རིག་དང་མཐུན་ཞིང་འཚམ་པོར་སྤྱོད་པའི་ཁྲོད་སྟོན་བྱས་ཏེ། རྫས་ལུད་དང་ཞིང་སྨན་ཚད་ལས་བརྒལ་བར་སྤྱོད་རིགས་ཚོད་འཛིན་བྱས་ནས་ཆུ་སྦགས་བཙོག་མི་ཤོར་བའི་སྔོན་འགོག་བྱ་དགོས།

དོན་ཚན་ཞེ་དགུ་པ། ཕྱུགས་རིགས་དང་བྱ་རིགས་གསོ་སྤོལ་རེ་བ་དང་གསོ་སྤེལ་ཁུལ་ཆུང་གྲས་སུ་ཕྱུགས་རིགས་དང་བྱ་རིགས་ཀྱི་སྐྱག་ལུད་དང་ཆུ་རྙོག་ཕྱོགས་བསྡུས་བེད་སྤྱོད་བྱེད་པའམ་གནོད་མེད་གཞན་སྒྱུར་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ནས་རྒྱབ་སྐྱོར་བྱ་རྒྱུ།

ཕྱུགས་རིགས་དང་བྱ་རིགས་གསོ་སྤེལ་ར་བ་དང་གསོ་སྤེལ་ཁུལ་ཆུང་གྲས་ཀྱིས་ཕྱུགས་རིགས་དང་བྱ་རིགས་ཀྱི་སྐྱག་ལུད་དང་ཆུ་རྙོག་ཕྱོགས་བསྡུས་བེད་སྤྱོད་བྱེད་པའམ་གནོད་མེད་གཙང་སྒྱུར་སྒྲིག་བཀོད་དེ་འཆར་ཅན་དུ་འཁོར་སྐྱོད་ཐུབ་པ་དང་བཙོག་ཆུ་ཚད་གཞི་དང་མཐུན་པར་འབུད་རྒྱུར་འགན་ལེན་བྱས་ནས་ཆུ་ལ་སྦགས་བཙོག་མི་བཟོ་བའི་སྔོན་འགོག་བྱ་དགོས།

དོན་ཚན་ལྔ་བཅུ་པ། ཆུ་ཐོན་དངོས་རིགས་གསོ་སྤེལ་བྱེད་པར་ས་ཁོངས་ཀྱི་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོབ་བྱས་ནས་གསོ་སྤེལ་བྱེད་ཚད་ཚན་རིག་དང་མཐུན་པར་གཏན་ཁེལ་བྱ་དགོས་པ་དང་། སླུ་བྱེད་ཉ་ཟན་གཏོང་འབུད་ལུགས་མཐུན་དང་སྨན་རིགས་བེད་སྤྱོད་ལུགས་མཐུན་བྱས་ནས་ཆུ་ལ་སྦགས་བཙོག་མི་བཟོ་བའི་སྔོན་འགོག་བྱ་དགོས།

དོན་ཚན་ང་གཅིག་པ། ཞིང་ཁའི་ཆུ་འདྲེན་ཡུར་བུར་བཟོ་ལས་ཀྱི་ཆུ་རྙོག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་འབུད་སྐབས་དེའི་སྨད་རྒྱུད་ཀྱི་ཞིང་ཆུ་འདྲེན་ས་ཉེ་ཤོས་ཀྱི་ཆུ་སྤུས་དེ་ཞིང་ཆུ་འདྲེན་བྱའི་ཆུ་སྤུས་ཚད་དང་མཐུན་པར་འགན་ལེན་བྱ་དགོས།

བཟོ་ལས་ཀྱི་ཆུ་རྙོག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་ཞིང་ལ་འདྲེན་ཚེ་ས་རྒྱུ་དང་། ས་འོག་གི་ཆུ། ཞིང་ལས་ཐོན་རྫས་བཅས་བཙོག་པས་མི་སྦགས་པའི་སྔོན་འགོག་བྱ་དགོས།

ས་བཅད་ལྔ་པ། གྲུ་གཟིངས་ནས་ཆུར་སྦགས་བཙོག་བཟོ་རིགས་འགོག་སེལ་བྱེད་སྟངས་སྐོར།

དོན་ཚན་ང་གཉིས་པ། གྲུ་གཟིངས་ནས་སྣུམ་ལྡན་བཙོག་ཆུ་དང་འཚོ་བའི་བཙོག་ཆུ་གཏོང་འབུད་བྱས་རིགས་གྲུ་གཟིངས་ལས་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་ཚད་གཞི་དང་མཐུན་དགོས། མཚོ་ཐོག་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ནང་ལོགས་ཀྱི་ཆུ་ཀླུང་དང་གྲུ་ཁར་ཡོང་དུས་ནང་ལོགས་ཀྱི་ཆུ་ཀླུང་གི་གྲུ་གཟིངས་ནས་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་ཚད་གཞི་ལྟར་བྱ་དགོས།

གྲུ་གཟིངས་ནང་གི་སྣུམ་ལྷག་དང་སྣུམ་སྙིགས་ངེས་པར་དུ་ཚུར་བསྡུ་དགོས་པ་ལས་ཆུའི་ནང་དུ་འབུད་མི་ཆོག

གྲུ་གཟིངས་ནང་གི་གད་སྙིགས་ཆའི་ནང་བསྐྱུར་མི་ཆོག

གྲུ་གཟིངས་ནང་སྣུམ་རིགས་སམ་དུག་ལྡན་དངོས་ཟོག་བླུགས་ནས་དབོར་འདྲེན་བྱེད་སྐབས་ཁ་ནས་མི་ལུད་པ་དང་སྣོད་ལས་མི་སིམ་པའི་ཐབས་སྤྱད་དེ་དངོས་ཟོག་ཆུར་ལྷུང་ནས་ཆུ་བཙོག་པས་མི་སྦགས་པའི་སྔོན་འགོག་བྱ་དགོས།

དོན་ཚན་ང་གསུམ་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གྲུ་གཟིངས་ནང་དུ་བབ་མཚུངས་ཀྱི་བཙོག་འགོག་སྒྲིག་ཆས་དང་ཡོ་བྱད་སྒྲིག་སྦྱོར་བྱ་དགོས་པ་དང་ཡིག་རིགས་ཁྲིམས་དང་མཐུན་ཞིང་གོ་ཆོད་པོ་ཁྱེར་རྒྱུ་ཡོད་དགོས།

གྲུ་གཟིངས་ནས་སྦགས་བཙོག་དངོས་རིགས་གཏོང་འབུད་བྱ་རྒྱུ་དང་འབྲེལ་ཡོད་ཀྱི་ལས་ཀ་བྱེད་སྐབས་བཀོལ་སྤྱོད་བྱེད་ལུགས་ལྟར་བྱ་རྒྱུ་དང་འབྲེལ་བབ་མཚུངས་ཀྱི་འབྲི་དེབ་སྟེང་གནས་ཚུལ་ཇི་བཞིན་པ་དེ་བཞིན་དུ་འགོད་དགོས།

དོན་ཚན་ང་བཞི་པ། མཚོ་ཁ་དང་། གྲུ་ཁ། འདོན་འཇུག་ས་ཚུགས། གྲུ་གཟིངས་བཟོ་སྐྲུན་བཟོ་གྲྭ་བཅས་ལ་གྲྭ་གཟིངས་ཀྱི་སྦགས་བཙོག་དངོས་རིགས་དང་བེད་མེད་དངོས་རོ་ཚུར་བསྡུ་བྱེད་པའི་སྒྲིག་བཀོད་འདང་ངེས་ཡོད་དགོས། གྲུ་གཟིངས་ཀྱི་སྦགས་བཙོག་དངོས་རིགས་དང་བེད་མེད་དངོས་རོ་ཚུར་བསྡུའི་ལས་ཀ་བྱེད་པའམ་ཡང་ན་སྣུམ་རིགས་དང་སྦགས་བཙོག་གི་གནོད་སྐྱོན་ལྡན་པའི་དངོས་ཟོག་བླུགས་པའི་གྲུ་གཟིངས་གཙང་འཁྲུད་རྒྱག་པའི་ལས་ཀ་བྱེད་པའི་སྡེ་ཚན་ལ་དེའི་འཁོར་སྐྱོད་ཚོང་གཉེར་གྱི་གཞི་ཁྱོན་དང་མཚུངས་པའི་ཚུར་བསྡུ་དང་གཙང་སྒྱུར་བྱེད་ནུས་ཡོད་དགོས།

དོན་ཚན་ང་ལྔ་པ། གྲུ་གཟིངས་ཀྱིས་གཤམ་གསལ་བྱེད་སྒོ་སྤེལ་སྐབས་ལས་ཀའི་འཆར་གཞི་བཟོས་ཐོག ཉེན་ཁ་མེད་ལ་སྦགས་བཙོག་འགོག་སེལ་ཐུབ་པའི་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་འབྲེལ་ལས་ཀ་བྱེད་སའི་མཚོ་དོན་དོ་དམ་ལས་ཁུངས་ལ་ཆོག་མཆན་གནང་རོགས་ཞུ་དགོས།

(གཅིག) སྣུམ་ལྷག་དང་། སྣུམ་ལྡན་བཙོག་ཆུ། སྦགས་བཙོག་གི་གནོད་སྐྱོན་ལྡན་རོ་བཅས་ཚུར་བསྡུའི་ལས་ཀ་བྱེད་པའམ་ཡང་ན་སྣུམ་རིགས་དང་སྦགས་བཙོག་གི་གནོད་སྐྱོན་ལྡན་པའི་དངོས་ཟོག་བླུགས་པའི་གྲུ་གཟིངས་གཙང་འཁྲུད་རྒྱག་པའི་ལས་ཀ་བྱེད་རིགས་དང་།

(གཉིས) གཤེར་གཟུགས་སིལ་མ་དང་སྦགས་བཙོག་གི་གནོད་སྐྱོན་ལྡན་པའི་དངོས་ཟོག་འདྲུད་གྲུའི་སྐྱེལ་འདྲེན་ལས་ཀ་བྱེད་རིགས།

(གསུམ) གྲུ་གཟིངས་ཆུའི་ངོས་ལྷུ་བཤིག་དང་ཆུ་ནས་ལེན་པའམ་ཡང་ན་གཟིངས་ཀྱིས་ཆུའི་ངོས་དང་ཆུ་འོག་ཨར་ལས་བྱེད་རིགས།

ཉ་ལས་གྲུ་ཁའི་ཆུ་ཁོངས་སུ་ཉ་འཛིན་གྲུ་གཟིངས་ལྷུ་བཤིག་བྱེད་སྐབས་ལས་ཀ་བྱེད་སའི་ཉ་ལས་གཙོ་གཉེར་སྡེ་ཁག་ལ་ཆོག་མཆན་གནང་རོགས་ཞུ་དགོས།

4 ལེའུ་ལྔ་པ། འཐུང་ཆུའི་ཆུ་འགོ་དང་ཆུ་ཁམས་དམིགས་བསལ་ཅན་གཞན་དག་སྲུང་སྐྱོབ་བྱེད་ཕྱོགས་སྐོར།

དོན་ཚན་ང་དྲུག་པ། རྒྱལ་ཁབ་ནས་འཐུང་ཆུའི་ཆུ་འགོ་སྲུང་ཁུལ་ལམ་ལུགས་འཛུགས་རྒྱུ། འཐུང་ཆུའི་ཆུ་འགོ་སྲུང་ཁུལ་ལ་སྲུང་ཁུལ་རིམ་པ་དང་པོ་དང་སྲུང་ཁུལ་རིམ་པ་གཉིས་པར་དབྱེ་རྒྱུ། དགོས་མཁོ་བྱུང་ཚེ། འཐུང་ཆུའི་ཆུ་འགོ་སྲུང་ཁུལ་གི་ཕྱི་སྐོར་ནས་ས་ཁོངས་ངེས་ཅན་ཞིག་སྲུང་ཁུལ་རིམ་པ་གཞན་དག་ཏུ་དབྱེ་འབྱེད་གཏན་འབེབས་བྱས་ཆོག

འཐུང་ཆུའི་ཆུ་འགོ་སྲུང་ཁུལ་དབྱེ་འབྱེད་བྱ་རྒྱུའི་ཐད་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གིས་དབྱེ་འབྱེད་གཏན་འབེབས་འཆར་གཞི་བཏོན་རྗེས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་འགོ་སྲུང་ཁུལ་དབྱེ་འབྱེད་གཏན་འབེབས་བྱ་རྒྱུའི་ཐད་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གིས་གྲོས་མོལ་ཐོག་དབྱེ་འབྱེད་གཏན་འབེབས་འཆར་གཞི་བཏོན་རྗེས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་གནང་རོགས་ཞུ་དགོས། གྲོས་མཐུན་མ་བྱུང་ཚེ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོད་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་རིམ་མཚུངས་ཆུ་བེད་དོ་དམ་དང་། རྒྱལ་ས་ཐོན་ཁུངས། འཕྲོད་བསྟེན། འཛུགས་སྐྲུན་སོགས་པའི་སྡེ་ཁག་དང་མཉམ་དུ་དབྱེ་འབྱེད་འཆར་གཞི་བཏོན་མཐར་རིམ་པ་མཚུངས་པའི་འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོད་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་གནང་རོགས་ཞུ་དགོས།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ལས་བརྒལ་བའི་འཐུང་ཆུའི་ཆུ་འགོ་སྲུང་ཁུལ་ནི་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་འབབ་རྒྱུད་ཀྱི་འབྲེལ་ཡོད་དོ་དམ་ལས་ཁུངས་དང་གྲོས་མོལ་ཐོག་དབྱེ་འབྱེད་གཏན་འབེབས་བྱ་དགོས། གྲོས་མཐུན་མ་བྱུང་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་རིམ་མཚུངས་ཆུ་བེད་དོ་དམ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་ཐོན་ཁུངས། འཕྲོད་བསྟེན། འཛུགས་སྐྲུན་སོགས་པའི་སྡེ་ཁག་དང་མཉམ་དུ་དབྱེ་འབྱེད་གཏན་འབེབས་འཆར་གཞི་བཏོན་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་མཐའ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་གནང་རོགས་ཞུ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོད་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་བྱ་རྒྱའི་དགོས་མཁོ་དངོས་དང་བསྟུན་ནས་འཐུང་ཆུའི་ཆུ་འགོ་སྲུང་ཁུལ་གྱི་གཞི་ཁྱོན་ལེགས་སྒྲིག་བྱས་ནས་འཐུང་ཆུ་ཉེན་མེད་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་འཐུང་ཆུའི་ཆུ་འགོ་སྲུང་ཁུལ་གྱི་མཐའ་མཚམས་སུ་ས་བབ་དབྱེ་རྟགས་དང་ཉེན་ཟོན་མཚོན་བྱེད་གསལ་པོ་འཛུགས་དགོས།

དོན་ཚན་ང་བདུན་པ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་བྱེད་ཁུལ་ནང་དུ་བཙོག་འབུད་མདོ་ཁ་བཟོས་མི་ཆོག

དོན་ཚན་ང་བརྒྱད་པ། འཐུང་ཆུའི་ཆུ་འགོ་སྲུང་ཁུལ་རིམ་པ་དང་པོའི་རྒྱུད་དུ་ཆུ་འདོན་སྒྲིག་བཀོད་དང་ཆུ་འགོ་སྲུང་སྐྱོབ་དང་འབྲེལ་མེད་ཀྱི་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་། བཅོས་སྐྲུན། རྒྱས་སྐྲུན་བཅས་བྱས་མི་ཆོག ཆུ་འདོན་སྒྲིག་བཀོད་དང་ཆུ་འགོ་སྲུང་སྐྱོབ་དང་འབྲེལ་མེད་ཀྱི་འཛུགས་སྐྲུན་རྣམ་གྲངས་བསྐྲུན་ཚར་རིགས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བཤིག་ཏུ་འཇུག་རྒྱུའམ་ཡང་ན་སྒོ་རྒྱག་ཏུ་འཇུག་དགོས།

འཐུང་ཆུའི་ཆུ་འགོ་སྲུང་ཁུལ་རིམ་པ་དང་པོའི་རྒྱུད་དུ་དྲ་སྒམ་གྱིས་གསོ་སྤེལ་བྱེད་རིགས་དང་། ཡུལ་སྐོར་སྤྲོ་གསེང་། ཆུ་རྐྱལ། ཉ་འཛིན་དང་དེ་བཞིན་འཐུང་ཆུར་སྦགས་བཙོག་བཟོ་སྲིད་པའི་བྱེད་སྒོ་གཞན་དག་སྤེལ་མི་ཆོག

དོན་ཚན་ང་དགུ་པ། འཐུང་ཆུའི་ཆུ་འགོ་སྲུང་ཁུལ་རིམ་པ་གཉིས་པའི་རྒྱུད་དུ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་། བཅོས་སྐྲུན། རྒྱས་སྐྲུན་བཅས་བྱ་མི་ཆོག སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་བསྐྲུན་ཚར་རིགས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བཤིག་ཏུ་འཇུག་པའམ་ཡང་ན་སྒོ་རྒྱག་ཏུ་འཇུག་དགོས།

འཐུང་ཆུའི་ཆུ་འགོ་སྲུང་ཁུལ་རིམ་པ་གཉིས་པའི་རྒྱུད་དུ་དྲ་སྒམ་གྱིས་གསོ་སྤེལ་བྱེད་རིགས་དང་ཡུལ་སྐོར་སྤྲོ་གསེང་སོགས་པའི་བྱེད་སྒོ་སྤེལ་སྐབས་གཏན་འབེབས་ལྟར་བྱེད་ཐབས་སྤྱད་དེ་འཐུང་ཆུར་བཙོག་པས་མི་སྦགས་པའི་སྔོན་འགོག་བྱ་དགོས།

དོན་ཚན་དྲུག་བཅུ་པ། འཐུང་ཆུའི་ཆུ་འགོ་སྲུང་ཁུལ་གཞན་དག་དུ་ཆུ་བཙོག་པ་ཚབས་ཆེན་བཟོ་པའི་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་། བཅོས་སྐྲུན་དང་། རྒྱས་སྐྲུན་བཅས་བྱས་མི་ཆོག འཛུགས་སྐྲུན་རྣམ་གྲངས་བཅོས་སྐྲུན་བྱེད་པར་བཙོག་འབུད་བྱེད་ཚད་མཐོ་རུ་བཏང་མི་ཆོག

དོན་ཚན་རེ་གཅིག་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་བྱ་རྒྱུའི་དགོས་མཁོ་དངོས་དང་བསྟུན་ནས་སྲུང་སྐྱོབ་བྱེད་ཁུལ་གཞན་དག་ནང་དུ་ཨར་པོའི་བྱ་ཐབས་སམ་ན་འདམ་དང་ཆུ་འགོའི་གསོ་འཁྱོངས་ནགས་ཚལ་བཟོ་པ་སོགས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་སྤྱད་དེ་སྦགས་བཙོག་དངོས་རིགས་འཐུང་ཆུའི་ཆུ་འགོ་ཡོད་སར་ཐད་ཀར་འབུད་རིགས་མི་ཡོང་སྔོན་འགོག་བྱས་ནས་འཐུང་ཆུ་ཉེན་མེད་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

དོན་ཚན་རེ་གཉིས་པ། འཐུང་ཆུའི་ཆུ་འགོར་བཙོག་པས་སྦགས་པས་བདེ་འཇགས་ངང་ཆུ་མཁོ་འདོན་བྱེད་པར་གནོད་འཚེ་གཏོང་སྲིད་ཚེ། ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་ཁེ་ལས་དང་བྱ་ལས་སྡེ་ཚན་ལ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་མཚམས་འཇོག་པའམ་འབུད་ཚད་ཉུང་དུ་གཏོང་བ་སོགས་པའི་བྱེད་ཐབས་སྤྱོད་དགོས་པའི་འགན་དཀྲི་དགོས།

དོན་ཚན་རེ་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོད་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཆུ་ཁམས་སྲུང་སྐྱོབ་བྱ་རྒྱའི་དགོས་མཁོ་དངོས་དང་བསྟུན་ནས། འཐུང་ཆུའི་ཆུ་འགོ་སྲུང་ཁུལ་ནང་དུ་ལིན་འདྲེས་འདག་རྫས་དང་། རྫས་ལུད། ཞིང་སྨན་བཅས་སྤྱོད་མི་ཆོག་པའམ་ཡང་ན་ཚོད་འཛིན་བྱ་རྒྱུ་དང་དེ་བཞིན་གསོ་སྤེལ་དང་འདེབས་འཛུགས་ཚོད་འཛིན་བྱ་རྒྱུ་སོགས་པའི་བྱེད་ཐབས་སྤྱོད་དགོས་པའི་གཏན་འབེབས་བྱས་ཆོག

དོན་ཚན་རེ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་མཛེས་ལྗོངས་གནས་མཆོག་ཁུལ་གྱི་ཆུ་དང་། གལ་ཆེའི་ཉ་ལས་ཀྱི་ཆུ་ཀླུང་། དཔལ་འབྱོར་དང་རིག་གནས་ཐད་ཀྱི་རིན་ཐང་དམིགས་བསལ་ཅན་ལྡན་པའི་ཆུ་གཞན་དག་བཅས་ལ་སྲུང་སྐྱོབ་ཁུལ་དབྱེ་འབྱེད་གཏན་འབེབས་བྱས་ཆོག་པ་དང་འབྲེལ་བྱེད་ཐབས་སྤྱད་དེ་སྲུང་སྐྱོབ་ཁུལ་གྱི་ཆུའི་སྤུས་ཚད་དེ་སྤྱོད་སྒོ་གཏན་ཁེལ་བའི་ཆུ་ཁམས་ཀྱི་སྤུས་ཚད་དང་ཚད་གཞི་དང་མཐུན་པར་འགན་ལེན་བྱ་དགོས།

དོན་ཚན་རེ་ལྔ་པ། མཛེས་ལྗོངས་གནས་མཆོག་ཁུལ་གྱི་ཆུ་དང་། གལ་ཆེའི་ཉ་ལས་ཀྱི་ཆུ་ཀླུང་། དཔལ་འབྱོར་དང་རིག་གནས་ཐད་ཀྱི་རིན་ཐང་དམིགས་བསལ་ཅན་ལྡན་པའི་ཆུ་གཞན་དག་བཅས་ཀྱི་སྲུང་སྐྱོབ་ཁུལ་ནང་དུ་བཙོག་འབུད་མདོ་ཁ་གསར་པ་བསྐྲུན་མི་ཆོག སྲུང་སྐྱོབ་ཁུལ་གྱི་ཉེ་འདབས་སུ་བཙོག་འབུད་མདོ་ཁ་གསར་སྐྲུན་བྱེད་སྐབས་སྲུང་སྐྱོབ་ཁུལ་གྱི་ཆུ་བཙོག་པས་མི་སྦགས་པའི་འགན་ལེན་བྱ་དགོས།

5 ལེའུ་དྲུག་པ། ཆུ་བཙོག་པས་སྦགས་པའི་བྱུར་ཉེས་ཐག་གཅོད་བྱེད་སྟངས་སྐོར།

དོན་ཚན་རེ་དྲུག་པ། མི་དམངས་སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག ཆུ་བཙོག་པས་སྦགས་པའི་བྱུར་ཉེས་བཟོ་སྲིད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱིས《གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ནང་འཁོད་གཏན་འབེབས་ལྟར། ཆུ་བཙོག་པས་སྦགས་པའི་བྱུར་ཉེས་ཐད་ཀྱི་མཁོ་བསྟུན་གྲ་སྒྲིག་དང་། བབ་བསྟུན་ཐག་གཅོད། ཐག་གཅོད་བྱས་རྗེས་སླར་གསོ་བཅས་བྱ་རྒྱུའི་ལས་ཀ་ལེགས་པར་བསྒྲུབ་དགོས།

དོན་ཚན་རེ་བདུན་པ། ཆུ་བཙོག་པས་སྦགས་པའི་བྱུར་ཉེས་བཟོ་སྲིད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་ཆུ་བཙོག་པས་སྦགས་རིགས་ཐད་ཀྱི་བབ་བསྟུན་འཆར་གཞི་བཟོས་ནས་མཁོ་བསྟུན་གྲ་སྒྲིག་ཡག་པོ་བྱེད་པ་དང་སྦྲགས་དུས་བཀག་ལྟར་དངོས་སྦྱོང་བྱ་དགོས།

ཉེན་ཆེའི་རྫས་འགྱུར་དངོས་རྫས་ཐོན་སྐྱེད་དང་ཉར་ཚགས་བྱེད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་བྱེད་ཐབས་སྤྱད་དེ་ཐོན་སྐྱེད་ཐད་ཀྱི་ཤི་རྨས་བྱུར་ཉེས་ཐག་གཅོད་བྱེད་རིམ་ཆུ་བཙོག་པས་ཚབས་ཆེན་སྦགས་སྲིད་པའི་མེ་གསོད་ཀྱི་ཆུ་རྙོག་དང་གཤེར་རོའི་རིགས་ཆུ་ནང་དུ་ཐད་ཀར་འབུད་ཚུལ་སྔོན་འགོག་བྱ་དགོས།

དོན་ཚན་རེ་བརྒྱད་པ། ཁེ་ལས་དང་བྱ་ལས་སྡེ་ཚན་གང་ཞིག་ལ་བྱུར་ཉེས་སམ་གློ་བུར་དུ་བྱུང་བའི་རྐྱེན་ངན་གཞན་དག་བྱུང་ནས་ཆུ་བཙོག་པས་སྦགས་པའི་བྱུར་ཉེས་བཟོས་པའམ་བཟོ་སྲིད་ཚེ། སྡེ་ཚན་དེ་གའི་མྱུར་བསྟུན་འཆར་གཞི་འཕྲལ་མར་ལག་བསྟར་བྱེད་ཅིང་བབ་བསྟུན་བྱེད་ཐབས་སྤྱོད་པ་དང་འབྲེལ་བྱུར་ཉེས་བྱུང་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ངམ་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་ལ་སྙན་སེང་ཞུ་དགོས། ཁོར་ཡུག་སྲོང་སྐྱོབ་གཙོ་གཉེར་སྡེ་ཁག་ལ་སྙན་སེང་འབྱོར་མཐའ་རིམ་མཚུངས་མི་དམངས་སྲིད་གཞུང་ལ་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་སྦྲགས་འབྲེལ་ཡོད་སྡེ་ཁག་ལ་བཤུས་འབུལ་བྱ་དགོས།

ཉ་ལས་སྦགས་བཙོག་བཟོ་བའི་བྱུར་ཉེས་བྱུང་བའམ་ཉ་ལས་གྲུ་གཟིངས་ཀྱིས་ཆུ་སྦགས་བཙོག་བཟོ་བའི་བྱུར་ཉེས་བྱུང་ཚེ། བྱུར་ཉེས་བྱུང་སའི་ཉ་ལས་དོ་དམ་གཙོ་གཉེར་སྡེ་ཁག་ལ་སྙན་སེང་ཞུས་ནས་རྟགས་དཔྱད་ཐག་གཅོད་བྱ་རྒྱུ་དང་ལེན་ཞུ་དགོས། གྲུ་གཟིངས་གཞན་དག་གིས་ཆུ་སྦགས་བཙོག་བཟོས་པའི་བྱུར་ཉེས་བྱུང་ཚེ། བྱུར་ཉེས་བྱུང་སའི་མཚོ་དོན་དོ་དམ་ལས་ཁུངས་ལ་སྙན་སེང་ཞུས་ནས་བརྟག་དཔྱད་ཐག་གཅོད་བྱ་རྒྱུ་དང་ལེན་ཞུ་དགོས། ཉ་ལས་ལ་གྱོང་གུན་བཟོས་རིགས་མཚོ་དོན་དོ་དམ་ལས་ཁུངས་ཀྱིས་ཉ་ལས་དོ་དམ་གཙོ་གཉེར་སྡེ་ཁག་ལ་བརྟག་དཔྱད་ཐག་གཅོད་བྱེད་པར་ཞུགས་དགོས་པའི་བརྡ་ཐོ་གཏོང་དགོས།

6 ལེའུ་བདུན་པ། ཁྲིམས་འབྲེལ་འཁུར་འཁྲིའི་སྐོར།

དོན་ཚན་རེ་དགུ་པ། ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གམ་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ལྟ་སྐུལ་དོ་དམ་བྱེད་དབང་སྤྱོད་པའི་སྡེ་ཁག་གང་གིས་ཁྲིམས་མཐུན་ལྟར་སྲིད་འཛིན་གྱི་བཀའ་འཁྲོལ་མི་སྤྲད་པའམ་ཆོག་འཐུས་ཡིག་ཆ་མི་འགོད་རིགས་དང་། ཁྲིམས་འགལ་བྱ་སྤྱོད་མཐོང་བའམ་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་རིགས་ཞིབ་རྩད་ཐག་གཅོད་མི་བྱས་རིགས། བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་འགན་འཁྲི་མི་བསྒྲུབས་པའི་བྱ་སྤྱོད་གཞན་དག་གནས་རིགས་བཅས་ཀྱི་ཁག་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་བདུན་ཅུ་པ། ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གམ་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ལྟ་སྐུལ་དོ་དམ་བྱེད་དབང་སྤྱོད་པའི་སྡེ་ཁག་གིས་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་དང་ལེན་མི་བྱེད་པའམ་ཡང་ན་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་བྱེད་སྐབས་མི་བདེན་རྫུན་སྒྲིག་བྱས་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གམ་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ལྟ་སྐུལ་དོ་དམ་བྱེད་དབང་སྤྱོད་པའི་སྡེ་ཁག་གམ་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ལྟ་སྐུལ་དོ་དམ་བྱེད་དབང་སྤྱོད་པའི་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་བ་དང་སྦྲགས་དངུལ་ཆད་སྒོར་ཆིག་ཁྲི་ཡན་ནས་ཆིག་འབུམ་མན་ཆད་གཅོད་རྒྱུ།

དོན་ཚན་དོན་གཅིག་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། འཛུགས་སྐྲུན་རྣམ་གྲངས་གང་དེའི་ཆུའི་སྦགས་བཙོག་འགོག་སེལ་སྒྲིག་བཀོད་བསྐྲུན་ཚར་མེད་པའམ་ཡང་ན་ཞིབ་བཤེར་རྩིས་ལེན་བྱས་མེད་པའམ་ཡང་ན་ཞིབ་བཤེར་རྩིས་ལེན་བྱས་རུང་ཚད་དུ་མ་ལོན་སྐབས། ལས་གྲྭ་གཙོ་བོ་ཐོན་སྐྱེད་བྱེད་འགོ་བཙུགས་པའམ་བེད་སྤྱོད་བྱེད་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་དུ་མ་ལོན་བར་ཐོན་སྐྱེད་དམ་བེད་སྤྱོད་བྱེད་མཚམས་འཇོག་ཏུ་འཇུག་པ་དང་དངུལ་ཆད་སྒོར་ལྔ་ཁྲི་ཡན་ནས་ལྔ་འབུམ་མན་ཆད་གཅོད་རྒྱུ།

དོན་ཚན་དོན་གཉིས་པ། བཅའ་ཁྲིམས་འདིར་གསལ་གཏན་འབེབས་ལས་འགལ་ནས་གཤམ་གསལ་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་དགོས། དུས་ལས་ཡོལ་རུང་ཡོ་བསྲང་མི་བྱས་ན་དངུལ་ཆད་སྒོར་ཆིག་ཁྲི་ཡན་ནས་ཆིག་འབུམ་མན་ཆད་གཅོད་རྒྱུ།

(གཅིག) རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་གཏན་ལ་ཕབ་པའི་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་ཚུལ་སྙན་སེང་ཐོ་འགོད་བྱ་རྒྱུའི་འབྲེལ་ཡོད་ནང་དོན་མི་ཞུ་བའམ་ཡང་ན་རྫུན་ཞུ་བྱས་རིགས་དང་།

(གཉིས) གཏན་འབེབས་ལྟར་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་ཚུལ་རང་འགུལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྒྲིག་ཆས་སྒར་མེད་པའམ་གཏན་འབེབས་ལྟར་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་དང་དྲ་སྦྲེལ་མི་བྱས་པ་དང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པར་འགན་ལེན་མི་བྱས་རིགས།

(གསུམ) གཏན་འབེབས་ལྟར་བཟོ་ལས་ཀྱི་ཆུ་རྙོག་འབུད་རིགས་ལ་ལྟ་ཞིབ་ཚད་ལེན་མི་བྱས་པ་དང་ཐོག་མའི་ལྟ་ཞིབ་ཚད་ལེན་འཁོད་དེབ་ཉར་ཚགས་མི་བྱས་རིགས་བཅས་སོ།།

དོན་ཚན་དོན་གསུམ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། ཆུའི་སྦགས་བཙོག་གཙང་སྒྱུར་སྒྲིག་བཀོད་རྒྱུན་ལྡན་བཞིན་བེད་སྤྱོད་མི་གཏོང་བའམ་ཡང་ན་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གི་ཆོག་མཆན་ཐོབ་མེད་ཀྱང་ཆུའི་སྦགས་བཙོག་གཙང་སྒྱུར་སྒྲིག་བཀོད་བཤིག་པ་དང་བེད་མེད་དུ་བསྐྱུར་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་བཙོག་འབུད་གླ་ཆ་སྤྲོད་གྲངས་ཀྱི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་གཅོད་དགོས།

དོན་ཚན་དོན་བཞི་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། སྦགས་བཙོག་དངོས་རིགས་འབུད་ཚད་རྒྱལ་ཁབ་བམ་ས་གནས་ཀྱིས་གཏན་ལ་ཕབ་པའི་སྦགས་བཙོག་དངོས་རིགས་གཏོང་འབུད་ཆོག་འཐུས་ཀྱི་ཚད་གཞི་ལས་བརྒལ་རིགས་སམ་ཡང་ན་སྦགས་བཙོག་དངོས་རིགས་གཙོ་གནད་ཆེ་བའི་གཏོང་འབུད་བསྡོམས་འབོར་ཚོད་འཛིན་དམིགས་ཚད་ལས་བརྒལ་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་དུས་བཀག་ནང་བཅོས་སྐྱོང་བྱེད་དུ་འཇུག་རྒྱུ་དང་བཙོག་འབུད་གླ་ཆ་སྤྲོད་གྲངས་ཀྱི་ལྡབ་གཉིས་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་གཅོད་དགོས།

དུས་བཀག་ནང་བཅོས་སྐྱོང་བྱེད་རིང་། ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་ཐོན་སྐྱེད་བྱེད་ཚད་དང་བཙོག་འབུད་བྱེད་ཚད་ཚོད་འཛིན་བྱེད་འགན་དཀྲི་བའམ་ཐོན་སྐྱེད་བྱེད་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་དུ་འཇུག་དགོས། དུས་བཅད་བཅོས་སྐྱོང་བྱེད་ཡུན་རིང་ཤོས་ལོ་གཅིག་ལས་མི་བརྒལ་རྒྱུ་དང་། དུས་ལས་ཡོལ་རུང་བཅོས་སྐྱོང་ལས་འགན་བསྒྲུབས་མེད་རིགས་ལ། ཆོག་མཆན་གནང་དབང་ཡོད་པའི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་སྒོ་རྒྱག་དུ་འཇུག་དགོས།

དོན་ཚན་དོན་ལྔ་པ། འཐུང་ཆུའི་ཆུ་འགོ་སྲུང་ཁུལ་ནང་དུ་བཙོག་འབུད་མདོ་ཁ་བཟོས་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དུས་བཀག་ནང་བཤིག་ཏུ་འཇུག་པ་དང་དངུལ་ཆད་སྒོར་ཆིག་འབུམ་ཡན་ནས་ལྔ་འབུམ་མན་ཆད་གཅོད་རྒྱུ་དང་། དུས་བཀག་ལྟར་མ་བཤིག་ན་བཙན་ཤེད་ཀྱིས་བཤིག་ཏུ་འཇུག་རྒྱུ་དང་། འགྲོ་གྲོན་ཡོད་ཚད་ཁྲིམས་འགལ་མཁན་གྱིས་གཏོང་དགོས་པ་དང་དངུལ་ཆད་སྒོར་ལྔ་འབུན་ཡན་ནས་ས་ཡ་གཅིག་མན་ཆད་གཅོད་རྒྱུ་མ་ཟད། ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་འགན་ཡང་དཀྲིས་ཆོག

དོན་ཚན་གོང་མར་ནང་འགོད་གཏན་འབེབས་ཕུད། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གི་གཏན་འབེབས་བཅས་དང་འགལ་ནས་བཙོག་འབུད་མདོ་ཁ་བཟོས་པའམ་ལྕགས་མདོང་ལྐོག་ཏུ་བཙུགས་རིགས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་དུས་བཀག་ནང་བཤིག་ཏུ་འཇུག་པ་དང་དངུལ་ཆད་སྒོར་ཉིས་ཁྲི་ཡན་ནས་ཆིག་འབུམ་མན་ཆད་གཅོད་རྒྱུ་དང་། དུས་ལས་ཡོལ་རུང་མ་བཤིག་ན་བཙན་ཤེད་ཀྱིས་བཤིག་ཏུ་འཇུག་རྒྱུ་དང་། འགྲོ་གྲོན་ཡོད་ཚད་ཁྲིམས་འགལ་མཁན་གྱིས་གཏོང་དགོས་པ་དང་དངུལ་ཆད་སྒོར་ཆིག་འབུམ་ཡན་ནས་ལྔ་འབུམ་མན་ཆད་གཅོད་རྒྱུ། ལྕགས་མདོང་ལྐོག་ཏུ་འཛུགས་པའམ་བྱ་སྤྱོད་ཚབས་ཆེན་གཞན་དག་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་རྗེས་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་འགན་དཀྲིས་ཆོག

ཆུ་བེད་དོ་དམ་གཙོ་གཉེར་སྡེ་ཁག་གམ་འབབ་རྒྱུད་དོ་དམ་ལས་ཁུངས་ཀྱི་མོས་མཐུན་མ་ཐོབ་པར། ཆུ་བོ་དང་མཚེའུ་རྒྱུད་དུ་གཏད་པའི་བཙོག་འབུད་མདོ་ཁ་གསར་སྐྲུན་དང་། བཅོས་སྐྲུན། རྒྱས་སྐྲུན་གང་བྱེད་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུ་བེད་དོ་དམ་གཙོ་གཉེར་སྡེ་ཁག་གམ་འབབ་རྒྱུད་དོ་དམ་ལས་ཁུངས་ཀྱིས་འགན་དབང་དང་བསྟུན་ནས་དོན་ཚན་གོང་མའི་གཏན་འབེབས་ལྟར་བྱེད་ཐབས་སྤྱད་དེ་ཆད་པ་གཅོད་དགོས།

དོན་ཚན་དོན་དྲུག་པ། གཤམ་གསལ་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་དུས་བཀག་ལྟར་བཅོས་སྐྱོང་བྱེད་ཐབས་སྤྱད་དེ་སྦགས་བཙོག་གཙང་སེལ་བྱེད་འགན་དཀྲི་བ་དང་དངུལ་ཆད་གཅོད་རྒྱུ། དུས་ལས་ཡོལ་རུང་བཅོས་སྐྱོང་བྱེད་ཐབས་མ་སྤྱད་ན། ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་བཅོས་སྐྱོང་བྱེད་ནུས་ཡོད་པའི་སྡེ་ཚན་དམིགས་འཛུགས་ཀྱིས་དེའི་ཚབ་ཏུ་བཅོས་སྐྱོང་བྱེད་དུ་འཇུག་པ་དང་། འགྲོ་གྲོན་ཡོད་ཚད་ཁྲིམས་འགལ་མཁན་གྱིས་གཏོང་དགོས།

(གཅིག) ཆུ་རུ་སྣུམ་རིགས་དང་། སྐྱུར་ཆུ། བུལ་ཆུ་བཅས་གཏོང་འབུད་བྱས་རིགས་དང་།

(གཉིས) དུག་ཤུགས་ཆེ་བའི་བེད་མེད་གཤེར་རིགས་སམ་དངུལ་ཆུ་དང་། ཁད། སེན། ཁིར། ཞ། ཆིན་འདྲེས་དངོས་རིགས། ལིན་སེར་སོགས་ཆུ་རུ་ཞུ་ཐུབ་ཅིང་དུག་ཤུགས་ཆེ་བའི་སྙིགས་རོ་ཆུ་རུ་གཏོང་འབུད་དང་གཤོས་པའམ་ཡང་ན་ཐད་ཀར་ས་འགོ་ཏུ་སྦས་རིགས།

(གསུམ) སྣུམ་རིགས་དང་དུག་ལྡན་སྦགས་བཙོག་དངོས་རིགས་བླུགས་མྱོང་བའི་འཁོར་ལོའམ་སྣོད་ཆས་ཆུ་རུ་འཁྲུད་རིགས།

(བཞི) ཆུ་ནང་བཟོ་ལས་ཀྱི་སྙིགས་རོ་དང་གྲོང་ཁྱེར་གྱི་གད་སྙིགས་སམ་བེད་མེད་སྙིགས་རོ་གཞན་དག་གཏོང་འབུད་དང་བསྐྱུར་རིགས་སམ་ཡང་ན་ཆུ་ཀླུང་དང་། མཚེའུ། མིས་བཟོས་གཙང་པོ། ཆུ་ཡུར། ཆུ་མཛོད་སོགས་ཀྱི་ཆུ་ཁའི་ཐོག་ཚད་མཐོ་ཤོས་མན་གྱི་གྲམ་ཐང་དང་ཆུ་འགྲམ་གྱི་གྱེན་སར་བེད་མེད་སྲ་གཟུགས་དངོས་རིགས་ཀྱི་སྙིགས་རོ་དང་སྦགས་བཙོག་དངོས་རིགས་གཞན་དག་སྤུང་གསོག་དང་གསོག་ཉར་བྱས་རིགས།

(ལྔ) དུག་ཕྲེང་འགྱེད་ནུས་ལྡན་པའི་སྲ་གཟུགས་དངོས་རིགས་བེད་མེད་གྲས་སམ་དུག་ཕྲེང་འགྱེད་ནུས་ཆེན་པོ་དང་འབྲེང་ཙམ་ལྡན་པའི་དངོས་པོ་འདྲེས་པའི་ཆུ་རྙོག་ཆུ་ནང་དུ་བསྐྱུར་རིགས་སམ་འབུད་རིགས།

(དྲུག) རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་སམ་ཚད་གཞི་དང་འགལ་ནས། ཆུ་ནང་དུ་དུག་ཕྲེང་འགྱེད་ནུས་ཆུང་ཙམ་ལྡན་པའི་དངོས་པོ་འདྲེས་པའི་ཆུ་རྙོག་དང་། ཆུ་རྙོག་ཚ་པོ། ནད་ཀྱི་གཞི་ཁམས་འདྲེས་པའི་བཙོག་ཆུ་བཅས་འབུད་རིགས།

(བདུན) ཆུ་སིམ་ཁྲོན་པ་དང་ཆུ་སིམ་ས་དོང་། གས་སྲུབས་མས་བྲག་ཕུག་བཅས་ལ་བརྟེན་ནས་དུག་ལྡན་པའི་དངོས་པོ་འདྲེན་པའི་ཆུ་རྙོག་དང་ནས་ཀྱི་གཞི་ཁམས་འདྲེས་པའི་བཙོག་ཆུའམ་ཡང་ན་གད་སྙིགས་དངོས་རོ་གཞན་དག་འབུད་རིགས་སམ་བསྐྱུར་རིགས།

(བརྒྱད) ཆུ་སིམ་འགོག་ནུས་མེད་པའི་ཡུར་བུ་དང་། ས་དོང། རྫིང་བུ་སོགས་ལ་བརྟེན་ནས་དུག་ལྡན་སྦགས་བཙོག་དངོས་རིགས་འདྲེས་པའི་ཆུ་རྙོག་དང་། ནད་ཀྱི་གཞི་ཁམས་ལྡན་པའི་བཙོག་ཆུའམ་བེད་མེད་དངོས་རོ་གཞན་དག་སྐྱེལ་འདྲེན་ནམ་གསོག་ཉར་བྱས་རིགས་བཅས་སོ།།

དོན་ཚན་གོང་མའི་ནང་གསེས་དོན་ཚན་གསུམ་པ་དང་དྲུག་པའི་ནང་འཁོད་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། དངུལ་ཆད་སྒོར་ཆིག་ཁྲི་ཡན་ནས་ཆིག་འབུམ་མན་ཆད་གཅོད་རྒྱུ་དང་།དོན་ཚན་གོང་མའི་ནང་གསེས་དོན་ཚན་དང་པོ་དང་། བཞི་པ། བརྒྱད་པ་བཅས་ཀྱི་ནང་འཁོད་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། དངུལ་ཆད་སྐོར་ཉིས་ཁྲི་ཡན་ནས་ཉིས་འབུམ་མན་ཆད་གཅོད་རྒྱུ། དོན་ཚན་གོང་མའི་ནང་གསེས་དོན་ཚན་གཉིས་པ་དང་། ལྔ་པ། བདུན་པ་བཅས་ཀྱི་ནང་འཁོད་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། དངུལ་ཆད་སྒོར་ལྔ་ཁྲི་ཡན་ནས་ལྔ་འབུམ་མན་ཆད་གཅོད་རྒྱུ།

དོན་ཚན་དོན་བདུན་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། ཐོན་སྐྱེད་དང་། བྲིན་ཚོང་། ནང་འདྲེན། བེད་སྤྱོད་བཅས་བྱེད་མི་ཆོག་པའི་ཆུ་ཁམས་ལ་སྦགས་བཙོག་ཚབས་ཆེན་བཟོ་བའི་སྒྲིག་ཆས་ཀྱི་མིང་ཐོར་ཚུད་པའི་སྒྲིག་ཆས་ཐོན་སྐྱེད་དང་བྲིན་ཚོང་།ནང་འདྲེན་བཅས་བྱས་པའམ་ཡང་ན་བེད་སྤྱེད་བྱས་པའམ་ཡང་ན་བེད་སྤྱོད་བྱེད་མི་ཆོག་པའི་ཆུ་ཁམས་ལ་སྦགས་བཙོག་ཚབས་ཆེན་བཟོ་བའི་བཟོ་རྩལ་གྱི་མིང་ཐོར་ཚུད་པའི་བཟོ་རྩལ་བེད་སྤྱོད་བྱས་རིགས་ལ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དཔལ་འབྱོར་ཕྱོགས་བསྡུས་སྙོམས་སྒྲིག་སྡེ་ཁག་གིས་ཡོ་བསྲང་བྱེད་དུ་འཇུག་པ་དང་དངུལ་ཆད་སྒོར་ལྔ་ཁྲི་ཡན་ནས་ཉིས་འབུམ་མན་ཆད་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དཔལ་འབྱོར་ཕྱོགས་བསྡུས་སྙོམས་སྒྲིག་སྡེ་ཁག་གིས་བསམ་འཆར་བཏོན་ཏེ་རིམ་མཚུངས་མི་དམངས་སྲིད་གཞུང་ལ་ལས་མཚམས་འཇོག་ཏུ་འཇུག་པའམ་སྒོ་རྒྱག་འགན་དཀྲི་རོགས་ཞུ་རྒྱུ།

དོན་ཚན་དོན་བརྒྱད་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མི་མཐུན་པའི་ཤོག་བཟོ་དང་། ཀོ་བཟོ། པར་འདེབས་ཚོས་རྒྱག ཚོན་རྩི། རྡོ་སོལ་བསྲེགས་མ། མུ་སི། སེན། དངུལ་ཆུ། རྡོ་སྣུམ་བཙོ་སྦྱང་། གློག་རྩི་གཏོང་བ། ཞིང་སྨན། རྡོ་རྒྱུས། ཨར་འདམ། ཤེལ། ངར་ལྕགས། མེ་ཤུགས་གློག་འདོན་བཅས་ཀྱི་ཁེ་ལས་ཆུང་གྲས་དང་དེ་བཞིན་ཆུ་ཁམས་སྦགས་བཙོག་ཚབས་ཆེན་བཟོ་བའི་ཐོན་སྐྱེད་རྣམ་གྲངས་གཞན་དག་གསར་འཛུགས་བྱེད་རིགས་ལ། དེ་དག་གནས་སའི་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གིས་སྒོ་རྒྱག་ཏུ་འཇུག་དགོས།

དོན་ཚན་དོན་དགུ་པ། གྲུ་གཟིངས་ནང་དུ་བབ་མཚུངས་ཀྱི་བཙོག་འགོག་སྒྲིག་ཆས་དང་ཡོ་བྱད་སྒྲིག་སྦྱོར་བྱས་མེད་པའམ་ཆུ་ཁོངས་ཁོར་ཡུག་མི་སྦགས་སྔོན་འགོག་དཔང་ཡིག་དང་ཡིག་རིགས་ཁྲིམས་དང་མཐུན་ཞིང་གོ་ཆོད་པོ་མེད་རིགས་ལ། མཚོ་དོན་དོ་དམ་ལས་ཁུངས་དང་ཉ་ལས་གཙོ་གཉེར་སྡེ་ཁག་གིས་འགན་འཁྲི་བགོས་ཚུལ་ལྟར་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་བ་དང་དངུལ་ཆད་སྒོར་ཉིས་སྟོང་ཡན་ནས་ཉིས་ཁྲི་མན་ཆད་གཅོད་རྒྱུ། དུས་ལས་ཡོལ་རུང་ཡོ་བསྲང་མ་བྱས་ན་གནས་སྐབས་གྲུ་གཟིངས་གཏོང་མཚམས་འཇོག་ཏུ་འཇུག་རྒྱུ།

གྲུ་གཟིངས་ཀྱིས་སྦགས་བཙོག་དངོས་རིགས་གཏོང་འབུད་བྱ་རྒྱུ་དང་འབྲེལ་ཡོད་ལས་ཀ་བྱེད་སྐབས། ལས་སྒྲུབ་བྱེད་ལུགས་ལ་བརྩི་སྲུང་མི་བྱས་པའམ་ཡང་ན་བབ་མཚུངས་ཀྱི་འབྲི་དེབ་སྟེང་གནས་ཚུལ་ཇི་བཞིན་ཡིན་པ་དེ་བཞིན་མ་བཀོད་ན། མཚོ་དོན་དོ་དམ་ལས་ཁུངས་དང་ཉ་ལས་གཙོ་གཉེར་སྡེ་ཁག་གིས་འགན་འཁྲི་བགོས་ཚུལ་ལྟར་ཡོ་བསྲང་བྱེད་འགན་དཀྲི་བ་དང་དངུལ་ཆད་སྒོར་ཉིས་སྟོང་ཡན་ནས་ཉིས་ཁྲི་མན་ཆད་གཅོད་རྒྱུ།

དོན་ཚན་བརྒྱད་ཅུ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་བྱ་སྤྱོད་ལས་རིགས་གཅིག་བྱུང་ན།མཚོ་དོན་དོ་དམ་ལས་ཁུངས་དང་ཉ་ལས་གཙོ་གཉེར་སྡེ་ཁག་གིས་འགན་འཁྲི་བགོས་ཚུལ་ལྟར་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་དངུལ་ཆད་ཀྱང་གཅོད་རྒྱུ། ཆུ་བཙོག་པས་སྦགས་རིགས་ལ་དུས་བཀག་ནང་བཅོས་སྐྱོང་བྱེད་ཐབས་སྤྱད་དེ་སྦགས་བཙོག་གཙང་སེལ་བྱེད་འགན་དཀྲི་དགོས། དུས་བཀག་ལྟར་བཅོས་སྐྱོང་བྱེད་ཐབས་མ་སྤྱད་ན།མཚོ་དོན་དོ་དམ་ལས་ཁུངས་དང་ཉ་ལས་གཙོ་གཉེར་སྡེ་ཁག་གིས་འགན་འཁྲི་བགོས་ཚུལ་ལྟར་བཅོས་སྐྱོང་བྱེད་ནུས་ཡོད་པའི་སྡེ་ཚན་དམིགས་འཛུགས་ཀྱིས་ཚབ་ཏུ་བཅོས་སྐྱོང་བྱེད་དུ་འཇུག་རྒྱུ་དང་།འགྲོ་གྲོན་ཡོད་ཚད་གྲུ་གཟིགས་དེས་གཏོང་དགོས།

(གཅིག) ཆུའི་ནང་དུ་གྲུ་གཟུགས་སྟེང་གི་གད་སྙིགས་བསྐྱུར་བའམ་གྲུ་གཟིངས་ནང་གི་སྣུམ་ལྷག་དང་སྣུམ་སྙིགས་འབུད་རིགས་དང་།

(གཉིས) ལས་ཀ་བྱེད་སའི་མཚོ་དོན་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར། གྲུ་གཟིངས་ཀྱིས་སྣུམ་ལྷག་དང་སྣུམ་སྙིགས། སྦགས་བཙོག་གནོད་སྐྱོན་ལྡན་པའི་དངོས་ཟོག་གི་ལྷག་རོ་བཅས་ཚུར་བསྡུ་ལས་ཀ་བྱེད་པའམ་ཡང་ན་སྣུམ་རིགས་དང་སྦགས་བཙོག་གནོད་སྐྱོན་ལྡན་པའི་དངོས་ཟོག་བླུགས་པའི་གྲུ་གཟིངས་འཁྲུད་ལས་བྱེད་པའམ་ཡང་ན་གཤེར་གཟུགས་སིལ་མའི་སྦགས་བཙོག་གནོད་སྐྱོན་ལྡན་པའི་དངོས་ཟོག་འདྲུད་གྲྭའི་སྐྱེལ་འདྲེན་བྱས་རིགས།

(གསུམ) ལས་ཀ་བྱེད་སའི་མཚོ་དོན་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར། ཆུའི་ངོས་གྲྭ་གཟིངས་ལྷུ་བཤིག་དང་ཆུ་ནས་ལེན་པའམ་ཡང་ན་ཆུའི་ངོས་དང་ཆུ་འོག་གྲུ་གཟིངས་ཀྱིས་ལས་ཀ་བྱས་རིགས།

(བཞི)ལས་ཀ་བྱེད་སའི་མཚོ་དོན་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར། ཉ་ལས་གྲུ་ཁའི་ཆུ་ཁོངས་ཉ་འཛིན་གྲུ་གཟིངས་ལྷུ་བཤིག་བྱས་རིགས་བཅས་སོ།།

དོན་ཚན་གོང་མའི་ནང་གསེས་དོན་ཚན་དང་པོ་དང་གཉིས་པ། བཞི་པ་བཅས་ཀྱི་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། དངུལ་ཆད་སྒོར་ལྔ་སྟོང་ཡན་ནས་ལྔ་ཁྲི་མན་ཆད་གཅོད་རྒྱུ་དང་། དོན་ཚན་གོང་མའི་ནང་གསེས་དོན་ཚན་གསུམ་པའི་བྱ་སྤྱོད་བྱུང་ན། དངུལ་ཆད་སྒོར་ཆིག་ཁྲི་ཡན་ནས་ཆིག་འབུམ་མན་ཆད་གཅོད་རྒྱུ།

དོན་ཚན་གྱ་གཅིག་པ། གཤམ་གསལ་བྱ་སྤྱོད་ལས་རིགས་བྱུང་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་དངུལ་ཆད་སྒོར་ཆིག་འབུམ་ཡན་ནས་ལྔ་འབུམ་མད་ཆད་གཅོད་རྒྱུ་དང་འབྲེལ་ཆོག་མཆན་གནང་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་གནང་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་གནང་རོགས་ཞུས་ནས་ལྷུ་བཤིག་གམ་སྒོ་རྒྱག་ཏུ་འཇུག་རྒྱུ།

(གཅིག) འཐུང་ཆུའི་ཆུ་འགོ་སྲུང་ཁུལ་རིམ་པ་དང་པོའི་རྒྱུད་དུ་ཆུ་འདོན་སྒྲིག་བཀོད་དང་ཆུ་འགོ་སྲུང་སྐྱོབ་དང་འབྲེལ་མེད་ཀྱི་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་། བཅོས་སྐྲུན། རྒྱས་སྐྲུན་བཅས་བྱས་རིགས།

(གཉིས) འཐུང་ཆུའི་ཆུ་འགོ་སྲུང་ཁུལ་རིམ་པ་གཉིས་པའི་རྒྱུད་དུ་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་། བཅོས་སྐྲུན། རྒྱས་སྐྲུན་བཅས་བྱས་རིགས།

(གསུམ) འཐུང་ཆུའི་ཆུ་འགོ་སྲུང་ཁུལ་གཞན་དག་དུ་ཆུ་སྦགས་བཙོག་ཚབས་ཆེན་བཟོ་བའི་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་རྒྱས་སྐྲུན་བྱས་རིགས་སམ། ཡང་ན་འཛུགས་སྐྲུན་རྣམ་གྲངས་བཅོས་སྐྲུན་བྱས་ནས་བཙོག་འབུད་བྱེད་ཚད་མཐོ་རུ་བཏང་རིགས་བཅས་སོ།།

འཐུང་ཆུའི་ཆུ་འགོ་སྲུང་ཁུལ་རིམ་པ་དང་པོའི་རྒྱུད་དུ་དྲ་སྒམ་ནང་གསོ་སྤེལ་བྱེད་རིགས་སམ་ཡང་ན་ཡུལ་སྐོར་དང་ཉ་འཛིན་ནམ་འཐུང་ཆུའི་ཆུ་ཁམས་ལ་སྦགས་བཙོག་བཟོ་སྲིད་པའི་སྒོ་གཞན་དག་སྤེལ་རིགས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་དངུལ་ཆད་སྒོར་ཉིས་ཁྲི་ཡན་ནས་ཆིག་འབུམ་མན་ཆད་གཅོད་རྒྱུ། འཐུང་ཆུའི་ཆུ་འགོ་སྲུང་ཁུལ་རིམ་པ་དང་པོའི་རྒྱུད་དུ་མི་སྒེར་གྱིས་ཆུ་རྐྱལ་དང་ཉ་འཛིན་ནམ་འཐུང་ཆུའི་ཆུ་ཁམས་ལ་སྦགས་བཙོག་བཟོ་སྲིད་པའི་བྱེད་སྒོ་གཞན་དག་སྤེལ་རིགས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་དངུལ་ཆད་སྒོར་ལྔ་བརྒྱ་མན་ཆད་བཅད་ཆོག

དོན་ཚན་གྱ་གཉིས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་ལ་གཤམ་གསལ་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་དངུལ་ཆད་སྒོར་ཉིས་ཁྲི་ཡན་ནས་ཆིག་འབུམ་མན་ཆད་གཅོད་རྒྱུ།

(གཅིག) གཏན་འབེབས་ལྟར་ཆུ་བཙོག་པས་སྦགས་པའི་བྱུར་ཉེས་ཐད་ཀྱི་བབ་བསྟུན་འཆར་གཞི་མི་བཟོ་པའི་རིགས་དང་།

(གཉིས) ཆུ་བཙོག་པས་སྦགས་པའི་བྱུར་ཉེས་ཐོན་རྗེས་དེའི་ཐད་ཀྱི་བབ་བསྟུན་འཆར་གཞི་དུས་ཐོག་ཏུ་ལག་བསྟར་མི་བྱེད་པ་དང་འབྲེལ་ཡོད་ཀྱི་བབ་བསྟུན་བྱེད་ཐབས་མི་སྤྱོད་པའི་རིགས།

(གསུམ) ཆུ་བཙོག་པས་སྦགས་པའི་བྱུར་ཉེས་ཐོན་རྗེས་དེའི་ཐད་ཀྱི་བབ་བསྟུན་འཆར་གཞི་དུས་ཐོག་ཏུ་ལག་བསྟར་མི་བྱེད་པ་དང་འབྲེལ་ཡོད་ཀྱི་བབ་བསྟུན་བྱེད་ཐབས་མི་སྤྱོད་པའི་རིགས།

དོན་ཚན་གྱ་གསུམ་པ། ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་ཆུ་བཙོག་པས་སྦགས་པའི་བྱུར་ཉེས་བཟོས་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་དོན་ཚན་འདིའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར་དངུལ་ཆད་གཅོད་རྒྱུ་དང་དུས་བཀག་ནང་བཅོས་སྐྱོང་བྱེད་ཐབས་སྤྱད་དེ་སྦགས་བཙོག་གཙང་སེལ་བྱེད་འགན་དཀྲི་རྒྱུ། བླང་བྱ་ལྟར་བཅོས་སྐྱོང་བྱེད་ཐབས་མི་སྤྱོད་པའི་རིགས་སམ་བཅོས་སྐྱོང་བྱེད་ནུས་མེད་པའི་རིགས་ལ། ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གིས་བཅོས་སྐྱོང་བྱེད་ནུས་ལྡན་པའི་སྡེ་ཚན་དམིགས་འཛུགས་བྱས་ནས་ཚབ་ཏུ་བཅོས་སྐྱོང་བྱེད་དུ་འཇུག་རྒྱུ་དང་། འགྲོ་གྲོན་ཡོད་ཚད་ཁྲིམས་འགལ་མཁན་གྱིས་གཏོང་དགོས། ཆུ་བཙོག་པས་སྦགས་པའི་བྱུར་ཉེས་ཚབས་ཆེ་རིགས་སམ་ལྷག་པ་ཆེ་རིགས་བཟོས་ན། ཆོག་མཆན་གནང་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་གནང་རོགས་ཞུས་ནས་སྒོ་རྒྱག་ཏུ་བཅུག་ཆོག ཁག་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ་ལོ་འཁོར་གོང་མར་སྡེ་ཚན་དེ་ག་ལས་ཐོབ་པའི་ཡོང་འབབ་ཀྱི་བརྒྱ་ཆ་ལྔ་བཅུ་མན་ཆད་གྱི་དངུལ་ཆད་བཅད་ཆོག

ཆུ་བཙོག་པས་སྦགས་པའི་བྱུར་ཉེས་སྤྱིར་བཏང་ངམ་ཆེ་ཙམ་བཟོས་རིགས་ལ། ཆུ་བཙོག་པས་སྦགས་པའི་བྱུར་ཉེས་ལས་གྱོང་གུན་ཐད་ཀར་བྱུང་བའི་བརྒྱ་ཆ་ཉི་ཤུ་ལྟར་རྩིས་བརྒྱབ་སྟེ་དངུལ་ཆད་གཅོད་རྒྱུ་དང།ཆུ་བཙོག་པས་སྦགས་པའི་བྱུར་ཉེས་ཚབས་ཆེ་རིགས་སམ་ལྷག་པར་ཆེ་རིགས་བཟོས་རིགས་ལ། ཆུ་བཙོག་པས་སྦགས་པའི་བྱུར་ཉེས་ལས་གྱོང་གུན་ཐད་ཀར་བྱུང་བའི་བརྒྱ་ཆ་སུམ་ཅུ་ལྟར་རྩིས་བརྒྱབ་སྟེ་དངུལ་ཆད་གཅོད་དགོས།

ཉ་ལས་བཙོག་པས་སྦགས་པའི་བྱུར་ཉེས་བཟོས་པའམ་ཡང་ན་ཉ་ལས་གྲུ་གཟིངས་ཀྱིས་ཆུ་བཙོག་པས་སྦགས་པའི་བྱུར་ཉེས་བཟོས་ན། ཉ་ལས་གཙོ་གཉེར་སྡེ་ཁག་གིས་ཆད་པ་གཅོད་རྒྱུ་དང་། གྲུ་གཟིངས་གཞན་དག་གིས་ཆུ་བཙོག་པས་སྦགས་པའི་བྱུར་ཉེས་བཟོས་ན། མཚོ་དོན་དོ་དམ་ལས་ཁུངས་ཀྱིས་ཆད་པ་གཅོད་རྒྱུ།

དོན་ཚན་གྱ་བཞི་པ། སྲིད་འཛིན་ཐོག་གི་ཆད་པ་བཅད་དོན་དོ་བདག་གི་བློ་ལ་མ་བབ་ན། སྲིད་འཛིན་ཐོག་བསྐྱར་ཞིབ་བྱེད་རོགས་ཞུས་ཆོག་པའམ། ཡང་ན་བརྡ་ཐོ་འབྱོར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་ཡང་བྱས་ཆོག དུས་བཀག་ཟིན་ནའང་སྲིད་འཛིན་ཐོག་བསྐྱར་ཞིབ་བྱེད་རོགས་མི་ཞུས་པའམ་ཞུ་སྦྱོར་མི་བྱེད་ལ་ལག་བསྟར་ཡང་མ་བྱས་ན་སྲིད་འཛིན་ཐོག་གི་ཆད་པ་བཅད་པའི་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ཀྱིས་ལག་བསྟར་བྱེད་རོགས་ཞུ་རྒྱུ།

དོན་ཚན་གྱ་ལྔ་པ། ཆུ་བཙོག་པས་སྦགས་པའི་རྐྱེན་ལས་གནོད་འཚེ་ཐེབས་པའི་དོ་བདག་གིས་སྦགས་བཙོག་འབུད་མཁན་ལ་གནོད་སྐྱོན་སེལ་བ་དང་གྱོང་གུན་གསབ་རོགས་ཞུ་ཆོག

འགོག་ཐབས་ཡོངས་སུ་བྲལ་བའི་རྐྱེན་ལས་ཆུ་བཙོག་པས་སྦགས་པའི་གནོད་སྐྱོན་བྱུང་ན། སྦགས་བཙོག་འབུད་ཕྱོགས་ཀྱིས་སྐྱིན་ཚབ་འཇལ་འགན་འཁུར་མི་དགོས། བཅའ་ཁྲིམས་ཐོག་གཏན་འབེབས་ལོགས་སུ་བཟོས་རིགས་མི་ཚུད།

ཆུ་བཙོག་པས་སྦགས་པའི་གནོད་སྐྱོན་ཕོག་མཁན་གྱིས་ཤེས་བཞིན་དུ་བཟོས་པ་ཡིན་ན། སྦགས་བཙོག་འབུད་ཕྱོགས་ཀྱིས་སྐྱིན་ཚབ་འཇལ་འགན་འཁུར་མི་དགོས། ཆུ་བཙོག་པས་སྦགས་པའི་སྦགས་པའི་གནོད་སྐྱོན་དེ་གནོད་འཚེ་ཕོག་མཁན་གྱི་ལས་འཛོལ་ཚབས་ཆེན་ལས་བྱུང་བ་ཡིན་ན། སྦགས་བཙོག་འབུད་ཕྱོགས་ཀྱི་སྐྱིན་ཚབ་འཇལ་འགན་ཆུང་དུ་བཏང་ཆོག

ཆུ་བཙོག་པས་སྦགས་པའི་གནོད་སྐྱོན་དེ་མི་གསུམ་པས་བཟོས་པ་ཡིན་ན། སྦགས་བཙོག་འབུད་ཕྱོགས་ཀྱིས་སྐྱིན་ཚབ་འཇལ་འགན་ཁུར་རྗེས་མི་གསུམ་པར་སྐྱིན་ཚབ་གསབ་འཇལ་བདའ་འདེད་བཏང་ཆོག

དོན་ཚན་གྱ་དྲུག་པ། ཆུ་བཙོག་པས་སྦགས་པའི་རྐྱེན་ལས་གུན་གསབ་འཇལ་འགན་དང་གུན་གསབ་དངུལ་གྲངས་ཐད་ཀྱི་རྩོད་གཞི་བྱུང་ན། དོ་བདག་གི་རེ་འདུན་ལ་གཞིགས་ན་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་གམ་མཚོ་དོན་དོ་དམ་ལས་ཁུངས་དང་ཉ་ལས་གཙོ་གཉེར་སྡེ་ཁག་གིས་འགན་འཁྲི་ལྟར་མཐུན་སྦྱོར་ཐོག་ཐག་གཅོད་བྱ་རྒྱུ་དང་། མཐུན་སྦྱོར་མ་བྱུང་ན། དོ་བདག་གིས་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག དོ་བདག་གིས་མི་དམངས་ཁྲིམས་ཁང་ལ་ཐད་ཀར་ཞུ་སྦྱོར་ཀྱང་བྱས་ཆོག

དོན་ཚན་གྱ་བདུན་པ། ཆུ་བཙོག་པས་སྦགས་པའི་རྐྱེན་ལས་བྱུང་བའི་གུན་གསབ་འཇལ་རོགས་ཞུ་རོགས་བྱུང་ན། བཙོག་འབུད་བྱེད་མཁན་གྱིས་བཅའ་ཁྲིམས་ནང་འཁོད་འགན་འཁུར་མི་དགོས་པའི་དོན་རྩའི་ཐད་དང་རང་ཉིད་ཀྱི་བྱ་སྤྱོད་དང་གནོད་སྐྱོན་བཟོས་འབྲས་བར་རྒྱུ་འབྲས་ཀྱི་འབྲེལ་བ་མེད་ལུགས་དཔང་འདོན་བྱེད་འགན་འཁུར་དགོས།

དོན་ཚན་གྱ་བརྒྱད་པ། ཆུ་བཙོག་པས་སྦགས་པའི་གནོད་སྐྱོན་ཐེབས་མཁན་དོ་བདག་མང་པོ་ཡིན་ན། དོ་བདག་རྣམས་ཀྱིས་ཁྲིམས་ལྟར་ཚབ་བྱེད་མཁན་བདམས་ནས་ཐོན་མོང་ཐོག་ཞུ་སྦྱོར་བྱས་ཆོག

ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་དང་འབྲེལ་ཡོད་ཀྱི་སྤྱི་ཚོགས་ཚོགས་པས་ཆུ་བཙོག་པས་སྦགས་པའི་གནོད་སྐྱོན་ཐེབས་པའི་དོ་བདག་གིས་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱེད་པར་ཁྲིམས་ལྟར་རྒྱབ་སྐྱོར་བྱས་ཆོག

ཁྲིམས་ཀྱི་ཞབས་ཞུ་ལས་ཁུངས་དང་ཁྲིམས་རོགས་པས་ཆུ་བཙོག་པས་སྦགས་པའི་གནོད་སྐྱོན་ཐེབས་པའི་ཞུ་སྦྱོར་བྱེད་ཁྲོད་ཀྱི་གནོད་སྐྱོན་ཐེབས་མཁན་ལ་བཅའ་ཁྲིམས་ཐད་རོགས་སྐྱོར་བྱེད་པར་རྒྱལ་ཁབ་ནས་བསྔགས་སྐུལ་བྱ་རྒྱུ།

དོན་ཚན་གྱ་དགུ་པ། ཆུ་བཙོག་པས་སྦགས་པའི་རྐྱེན་ལས་གུན་གསབ་འཇལ་འགན་དང་གུན་གསབ་དངུལ་གྲངས་ཐད་ཀྱི་རྩོད་གཞི་བྱུང་ན། དོ་བདག་གིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་ཁུངས་ལ་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་འདོན་སྤྲོད་བྱེད་པའི་མངགས་བཅོས་བྱས་ཆོག ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་ཁུངས་ཀྱིས་མངག་བཅོལ་དང་ལེན་བྱས་ནས་ལྟ་ཞིབ་ཚད་ལེན་སྐོར་གྱི་གཞི་གྲངས་ཇི་བཞིན་ཡིན་པ་དེ་བཞིན་འདོན་སྤྲོད་བྱ་དགོས།

དོན་ཚན་དགུ་བཅུ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། བདེ་དོན་དོ་དམ་དང་འགལ་བའི་བྱ་སྤྱོད་ཀྱི་ཚད་ལ་ལོན་ན། ཁྲིམས་མཐུན་ལྟར་བེད་དོན་དོ་དམ་ཐད་ཀྱི་ཆད་པ་གཅོད་རྒྱུ་དང། ཉེས་ཚད་ལོན་རིགས་ལ་ཁྲིམས་མཐུན་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-13

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།