དངོས་གཟུགས་གོམས་གཤིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དངོས་གཟུགས་གོམས་གཤིས།
བདེ་ལམ་དུ་ལྕགས་རྟར་ཞོན་སྐབས། རྐང་འཁོར་མ་བསྐོར་རུང་ལྕགས་རྟ་ལམ་ཐག་ངེས་ཅན་ཞིག་ལ་བགྲོད་ཐུབ་མོད། འོན་ཀྱང་ལྕགས་རྟར་མུ་མཐུད་དུ་ཤུགས་མ་བཏོན་ན། དེ་མཇུག་མཐར་འདུག་སྲིད་པ། ཀཱ་ལི་ལེ་ཡིས་དངོས་བཤེར་རིགས་འདྲར་དབྱེ་ཞིབ་བྱས་པར་མ་ཟད། བླ་ལྷག་སྒོས་རིགས་འདེད་བྱས་ནས་སྡོམ་ཚིག་ཐོབ་པ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
物体的惯性
1 དངོས་གཟུགས་ཀྱི་གོམས་གཤིས།

ཁྱོད་ལ་ཉམས་མྱོང་འདི་འདྲ་ཞིག་ཡོད་མྱོང་སྟེ། བདེ་ལམ་དུ་ལྕགས་རྟར་ཞོན་སྐབས། རྐང་འཁོར་མ་བསྐོར་རུང་ལྕགས་རྟ་ལམ་ཐག་ངེས་ཅན་ཞིག་ལ་བགྲོད་ཐུབ་མོད། འོན་ཀྱང་ལྕགས་རྟར་མུ་མཐུད་དུ་ཤུགས་མ་བཏོན་ན། དེ་མཇུག་མཐར་འདུག་སྲིད་པ་ཡིན། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ། སྣང་ཚུལ་འདི་འདྲར་རྒྱུན་དུ་འཕྲད་ཐུབ། གནའ་བོའི་ཀེ་རི་སེའི་མཁས་པ་ཡ་ལི་ཧྲི་ཏོ་ཏིས་སྣང་ཚུལ་རིགས་འདྲར་བསམ་གཞིག་བྱས་ནས། གལ་ཏེ་དངོས་གཟུགས་ཤིག་མུ་མཐུད་དུ་འགུལ་སྐྱོད་བྱེད་དུ་འཇུག་དགོས་ན། དེར་ངེས་པར་ཤུགས་ཀྱི་བྱེད་ནུས་འདོན་དགོས། གལ་ཏེ་ཤུགས་དེ་མེད་པར་བཟོས་ཚེ། དངོས་གཟུགས་འགུལ་སྐྱོད་ཀྱི་མཚམས་འཇོག་སྲིད་པར་འདོད། འོན་ཀྱང་ཀ་ལི་ལོས་དངོས་བཤེར་བརྒྱུད་ནས། དངོས་གཟུགས་ཀྱི་འགུལ་སྐྱོད་ལ་ཤུགས་བཏོན་ནས་རྒྱུན་འཁྱོངས་བྱེད་མི་དགོས་པ་བསྟན། འགུལ་སྐྱོད་མཚམས་འཇོག་པའི་རྒྱུ་མཚན་ནི་དེ་ལ་གཙུབ་བརྡར་འགོག་ཤུགས་ཐེབས་པའི་རྐྱེན་ཡིན།

2 གཙོ་གནད།

ཀཱ་ལི་ལེ་ཡིས་དངོས་བཤེར་རིགས་འདྲར་དབྱེ་ཞིབ་བྱས་པར་མ་ཟད། བླ་ལྷག་སྒོས་རིགས་འདེད་བྱས་ནས་སྡོམ་ཚིག་ཐོབ་པ་སྟེ། གལ་ཏེ་ཕྱི་ངོས་ནི་ལྟོས་མེད་ཀྱི་འཇམ་པོ་ཞིག་ཡིན་ན། དངོས་གཟུགས་ལ་ཐེབས་པའི་འགོག་ཤུགས་ནི་ཐིག་ལེ་ཡིན་པ་དང་། འགྲོས་ཚད་ཀྱང་ཇེ་དལ་དུ་མི་འགྲོ་བར། ནམ་ཡང་འགྱུར་བ་མེད་པའི་འགྲོས་ཚད་ཀྱིས་མུ་མཐུད་དུ་འགུལ་སྐྱོད་བྱེད་པ་ཡིན། ཕྱིས་སུ། དབྱིན་ཇིའི་ཚན་རིག་པ་ཉིའུ་ཏུན་གྱིས་ཀཱ་ལི་ལེ་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་སྤྱི་སྡོམ་བྱས་ནས། དངཔས་ལུགས་ཀྱི་ཆོས་ཉིད་གལ་ཆེན་ཞིག་ཕྱོགས་སྡོམ་བྱས་པ་སྟེ།

དངོས་གཟུགས་ཡོད་དགུ་ལ་ཤུགས་ཀྱི་བྱེད་ནུས་ཐེབས་མེད་པའི་སྐབས་སུ། ནམ་ཡང་ཞི་འཇགས་ཀྱི་རྣམ་པའམ་འགྲོས་སྙོམས་དྲང་ཐིག་འགུལ་སྐྱོད་ཀྱི་རྣམ་པ་སྲུང་འཛིན་བྱེད་པ་ཡིན། འདི་ནི་སྐད་གྲགས་ཆེ་བའི་ཉིའུ་ཏུན་གཏན་སྲོལ་དང་པོ(Newton s first law of motion)ཡིན།

ཉིའུ་ཏུན་གཏན་སྲོལ་དང་པོ་ནི་དོན་དངོས་ལ་དབྱེ་ཞིབ་བྱས་པ་དང་། བླ་ལྷག་སྒོས་ཕཐོགས་སྡོམ་དང་རིགས་འདེད་བྱས་པ་བརྒྱུད་ནས་ཐོབ་པ་ཡིན། ང་ཚོའི་མཐའ་འཁོར་གྱི་དངོས་གཟུགས་ཚང་མར་ཤུགས་འདིའམ་ཡང་ན་ཤུགས་དེ་ཡི་བྱེད་ནུས་ཐེབས་ཡོད། དེའི་ཕྱིར། དངོས་བཤེར་གྱིས་ཐད་ཀར་གཏན་སྲོལ་དེ་བཤེར་སྒྲུབ་བྱེད་མི་ཐུབ། འོན་ཀྱང་། གཏན་སྲོལ་ལས་ཐོབ་པའི་རྗེས་དཔག་ཚང་མ་ལག་ལེན་གྱི་ཞིབ་བཤེར་བརྒྱུད་དེ་ར་སྤྲོད་བྱུང་། དེའི་ཕྱིར། ཉིའུ་ཏུན་གཏན་སྲོལ་དང་པོ་ནི་ཀུན་གྱིས་ཁས་ལེན་པའི་ཤུགས་རིག་པའི་གཞི་རྩའི་གཏན་སྲོལ་གྱི་ཡ་གྱལ་ཞིག་ཏུ་གྱུར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།