ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས།
ཕྱི་གནོད་བཅུད་ཀྱི་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས། སྦགས་བཙོག་མི་བཟོ་བར་འཚེ་བ་གཞན་དག་འགོག་སེལ་བྱས་ཏེ་མི་ཡི་ལུས་ཁམས་བདེ་ཐང་ཡོང་བར་འགན་ལེན་ཡོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་གོང་ནས་གོང་དུ་སྤེལ་ཆེད་བཅའ་ཁྲིམས་འདི་ཉིད་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国环境保护法
རྣམ་པ།
ཁྲིམས་ལུགས་ཁྲིམས་སྲོལ།
དམིགས་ཡུལ།
འཚོ་བའི་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་ལེགས་བཅོས་བྱེད་པ།
འབྲེལ་ཡོད་ཁྲིམས་ལུགས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་སྐོར་གྱི་བཅའ་ཁྲིམས།
ལག་བསྟར་དུས་ཚོད།
སྤྱི་ལོ2015ལོའི་ཟླ1པའི་ཚེས1ཉིན།
1        ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས།

ཕྱི་གནོད་བཅུད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས།   སྦགས་བཙོག་མི་བཟོ་བར་འཚེ་བ་གཞན་དག་འགོག་སེལ་བྱས་ཏེ་མི་ཡི་ལུས་ཁམས་བདེ་ཐང་ཡོང་བར་འགན་ལེན་ཡོང་ཆེད།   སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་གོང་ནས་གོང་དུ་སྤེལ་ཆེད་བཅའ་ཁྲིམས་འདི་ཉིད་བཟོས་པ་ཡིན།   

བཅའ་ཁྲིམས་འདིར་བཀོད་པའི་ཁོར་ཡུག་ཞེས་པ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་འགྲོ་ཐུབ་མིན་ལ་ཤུགས་རྐྱེན་ཐེབས་པའི་རིང་བྱུང་གི་རྒྱུ་རྐྱེན་ལྷུན་གྱིས་གྲུབ་པ་དང་བཅོས་མ་ཡོངས་རྫོགས་ལ་ཟེར་ཞིང་།   དེའི་ཁཁོངས་སུ་མཁའ་རླུང་ཆེན་མོ་དང་ཆུ།   རྒྱ་མཚོ།   ས་ཞིང་།   གཏེར་ཁ།   ནགས་ཚལ།   རྩྭ་ཐང་།   བྱེ་སྐྱེས་སྐྱེ་དངོས།   རང་བྱུང་གི་རྗེས་ཤུལ།   མིའི་རིགས་ཆགས་གནས་རྗེས་ཤུལ།   རང་བྱུང་སྲུང་སྐྱོབ་ས་ཁུལ། མཛེས་ལྗོངས་གནས་མཆོག་ས་ཁུ།  གྲོང་ཁྱེར་དང་གྲོང་གསེབ་ལ་སོགས་པ་ཚུད་ཡོད།

རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚན་རིག་སློབ་གསོའི་བྱ་གཞག་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱ་རྒྱུ་དང་།   ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚན་རིག་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་ཞིང་།   ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་དགོས།

ལས་ཁུངས་དང་མི་སུ་ཡིན་རུང་ཚང་མར་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་དང་འབྲེལ་ཁོར་ཡུག་སྦགས་བཙོག་དང་གཏོར་སྐྱོན་བཟོ་མཁན་གྱི་ལས་ཁུངས་དང་མི་སྒེར་ཐེར་འདོན་དང་ཁྲིམས་སྤྱོད་བྱེད་པའི་དབང་ཆ་ཡོད།

ཁོར་ཡུག་སྲུང་སྐྱོབ་་དང་ལེགས་བཅོས་བྱས་པར་བྱས་རྗེས་མངོན་གསལ་དོད་པོ་ཐོན་པའི་སྡེ་ཚན་དང་མི་སྒེར་ལ་མི་དམངས་སྲིད་གཞུང་གིས་བྱ་དགའ་སྤྲོད་དགོས།

ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་བསྡུས་བཀོད།

དོན་ཚན་ཉེར་བཞི་པ།       ཁོར་ཡུག་ལ་སྦགས་བཙོག་གཏོང་བའི་དངོས་པོའི་རིགས་དང་སྤྱི་གནོད་གཞན་དག་ཐོན་སའི་སྡེ་ཚན་རྣམས་ཀྱིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དེ་འཆར་གཞིའི་ནང་འགོད་དགོས་པ་དང་།   ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་དགོས།  ཐབས་ཤེས་གོ་ཆོད་སྤྱད་དེ་ཐོན་སྐྱེད་འཛུགས་སྐྲུན་ནམ་བྱེད་སྒོ་གཞན་དག་སྤེལ་ནས་ཐོན་པའི་རླངས་སྙིགས་དང་ཆུ་སྙིགས།   སྙིགས་རོ།  ཐལ་རྡུལ།  རྡེབ་འགུལ།   རླངས་ལ་དྲི་ངན།   དུག་ཕྲེང་འབྱེད་ནུས་ལྡན་པའི་དངོས་རྫས་སོགས་དང་སུན་སྒྲ།   རྡེབ་འགུལ།   གློག་ཤུགས་ཁབ་ལེན་གྱི་རླབས་ཕྲེང་ཁྱབ་འགྱེད་སོགས་ཀྱིས་ཁོར་ཡུག་སྦགས་པ་དང་གནོད་པ་བྱུང་བའི་རིགས་འགོག་སེལ་བྱ་དགོས།

དོན་ཚན་ཉེར་ལྔ་པ།     གསར་དུ་བསྐྲུན་པའི་བཟོ་ལས་ཁེ་ལས་དང་ད་ཡོད་བཟོ་ལས་ཁེ་ལས་ཀྱི་ལག་རྩལ་བསྒྱུར་བཀོད་བྱེད་པ་ལ་ཐོན་ཁུངས་བེད་སྤྱོད་བྱེ་ཤུགས་ཆེ་བ་དང་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་ཚད་ཆུང་བའི་སྒྲིག་ཆས་དང་བཟོ་རྩལ་བེད་སྤྱོད་དགོས་པ་དང་།    བེད་མེད་དངོས་རྫས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཐུབ་པའི་ལག་རྩལ་དང་སྦགས་བཙོག་དངོས་རིགས་གཙང་སེལ་ཐུབ་པའི་ལག་རྩལ་གྱི་འགྲོ་གྲོན་ཆུང་ཞིང་ལུགས་དང་མཐུན་པ་རྣམས་བེད་སྤྱོད་བྱ་དགོས།

དོན་ཚན་ཉེར་དྲུག་པ།     འཛུགས་སྐྲུན་རྣམ་གྲངས་ནང་གི་སྦགས་བཙོག་འགོག་སེལ་བྱེད་པའི་སྒྲིག་བཀོད་རྣམས་ངེས་པར་དུ་བཟོ་སྐྲུན་ཨར་ལས་གཙོ་བོ་དང་དུས་གཅིག་ཏུ་ཇུས་འགོད་དང་།   དུས་གཅིག་ཏུ་ལས་འགོ་འཛུགས་པ།   དུས་གཅིག་ཏུ་ཐོན་སྐྱེད་དུ་འཇུག་པ་དང་བེད་སྤྱོད་བཅས་བྱ་དགོས།   སྦགས་བཙོག་འགོག་སེལ་བྱེད་པའི་སྒྲིག་བཀོད་དེ་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་སྲིད་གཙོ་སྐྱོང་སྡེ་ཁག་ནས་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལོངས་རྗེས་འཛུགས་སྐྲུན་རྣམ་གྲངས་དེ་གཞི་ནས་ཐོན་སྐྱེད་དམ་བེད་སྤྱོད་བྱེད་དུ་བཅུག་ཆོག

སྦགས་བཙོག་འགོག་སེལ་བྱེད་པའི་སྒྲིག་བཀོད་བསྐྲུན་ཟིན་པའི་རིགས་རང་འཚམ་གྱིས་བཤིག་པའམ་བེད་མེད་དུ་བཞག་མི་ཆོག་པ་དང་།   གལ་སྲིད་བཤིག་དགོས་པའམ་བེད་མེད་དུ་འཇོག་དགོས་བྱུང་ཚེ་ངེས་པར་དུ་ས་དེའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་གཞུང་གཙོ་སྐྱོང་སྡེ་ཁག་ནས་དགོངས་འཁྲོལ་ཞུ་དགོས།

དོན་ཚན་ཉེར་བདུན་པ།    སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་མཁན་གྱི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་སོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཞུང་སྲིད་སྡེ་ཁག་གི་གཏན་འབེབས་ལ་གཞིགས་ཏེ་སྙན་ཞུ་དང་ཐོ་འགོད་བྱ་དགོས།

དོན་ཚན་ཉེར་བརྒྱད་པ།    སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་ཚད་རྒྱལ་ཁབ་བམ་ས་གནས་ཀྱིས་གཏན་འབེབས་བྱས་པའི་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་ཚད་ལས་བརྒལ་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཚད་བརྒལ་བཙོག་འབུད་ཀྱི་རིན་དོད་འཁྲི་སྒྲུབ་དགོས་པར་མ་ཟད།   བཅོས་སྐྱོང་བྱེད་པའི་འགན་ཡང་འཁུར་དགོས།    ཆུའི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནང་གཏན་འབེབས་གཞན་བྱས་ཡོད་ན།   ཆུའི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནང་འཁོད་པའི་གཏན་འབེབས་ལྟར་བྱ་རྒྱུ།

ཚད་བརྒལ་བཙོག་འབུད་ཀྱི་རིན་དོད་བསྡུས་རིགས་ངེས་པར་དུ་སྦགས་བཙོག་འགོག་སེལ་བྱེད་པར་སྤྱོད་དགོས་པ་ལས་གཞན་ལ་སྤྱོད་མི་རུང་བ་དང་།   བེད་སྤྱོད་བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།

དོན་ཚན་ཉེར་དགུ་པ།    ཁོར་ཡུག་ལ་སྦགས་བཙོག་བཏང་བའི་ཁ་ལས་དང་བྱ་ལས་སྡེ་ཚན་རྣམས་ལ་དུས་བཀག་བཟོས་ནས་གཙང་སེལ་བྱེད་དུ་འཇུག་དགོས།

ཀྲུང་དབྱང་ངམ་ཞིང་ཆེན་དང་།   རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཐད་ཀར་སྐྱོང་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་གང་དེར་དུས་བཀག་བཟོས་ནས་གཙང་སེལ་བྱེད་དུ་འཇུག་དགོས་མིན་ནི་ཞིང་ཆེན་དང་།   རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ་དང་།   གྲོང་ཁྱེར་དང་རྫོང་ངམ།   གྲོང་ཁྱེར་དང་རྫོང་མན་གྱི་མི་དམངས་སྲིད་གཞུང་གིས་ཐད་ཀར་སྐྱོང་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་ལ་དུས་བཀག་བཟོས་ནས་གཙང་སེལ་བྱེད་དུ་འཇུག་དགོས་མིན་ནི་གྲོང་ཁྱེར་དང་རྫོང་གི་མི་དམངས་སྲིད་གཞུང་གིས་ཐག་གཅོད་དགོས།  དུས་བཀག་བཟོས་ནས་གཙང་སེལ་བྱ་དགོས་པའི་འགན་དཀྲི་ཡུལ་གྱི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་ལྟར་གཙང་སེལ་གྱི་ལས་འགན་འགྲུབ་དགོས།

དོན་ཚན་སུམ་བཅུ་པ།    རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གཏན་འབེབས་ནང་འཁོད་པའི་བླང་བྱ་དང་མི་མཐུན་པའི་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་གཏན་ནས་བྱེད་མི་ཆོག  

དོན་ཚན་སོ་གཅིག་པ།    བྱུང་ཉེས་སམ་གློ་བུར་དུ་དོན་རྐྱེན་གཞན་བྱུང་ནས་སྦགས་བཙོག་བཏང་བའི་བྱུང་ཉེས་ཐོན་པའམ་ཐོན་ཉེན་ཡོད་པའི་སྡེ་ཚན་གང་དེས་ངེས་པར་འཕྲལ་མར་བྱེད་ཐབས་སྤྱོད་པ་དང་།   དུས་ཐོག་ཏུ་སྦགས་བཙོག་གི་གནོད་སྐྱོན་ཐེབས་ཉེན་ཡོད་པའི་སྡེ་ཚན་དང་ཡུལ་མི་རྣམས་ལ་བརྡ་ཁྱབ་གཏོང་དགོས་པར་མ་ཟད།  ད་གནས་དེ་གའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་སྲིད་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་ཞུས་ནས་བརྟག་དཔྱད་དང་ཐག་གཅོད་གང་བྱས་པར་དང་ལེན་ཞུ་དགོས།

སྦགས་བཙོག་གཏོང་བྱའི་བྱུར་ཉེས་ཚབས་ཆེན་ཐོན་ཉེན་ཡོད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་བྱེད་ཐབས་སྤྱོད་པ་དང་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས།

དོན་ཚན་སོ་གཉིས་པ།   ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་ཐེབས་པའི་རྐྱེན་ཡུལ་མིའི་ལུས་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་གཏོང་བའི་འཇིགས་སྐུལ་བྱུང་ཚེ།   རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁུར་ཡུག་སྲུང་སྐྱོབ་ཀྱི་གཞུང་སྲིད་གཙོ་སྐྱོང་སྡེ་ཁག་གིས་ངེས་པར་དུ་དུས་ཐོག་ཏུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་མ་ཟད།  མི་དམངས་སྲིད་གཞུང་གིས་གནོད་གིས་གནོད་སྐྱོན་གཙང་སེལ་ལམ་ཆུང་དུ་གཏོང་བའི་ཐབས་ཤེས་ནུས་ལྡན་སྤྱོད་དགོས།

དོན་ཚན་སོ་གསུམ་པ།    དུག་ལྡན་རྫས་འགྱུར་དངོས་རྫས་དང་དུག་ཕྲེང་འགྱེད་ནུས་ལྡན་པའི་དངོས་རྫས་ཐགོན་སྐྱེད་དང་།   ཉར་ཚགས།   དབོར་འདྲེན།   ཕྱིར་ཚོང་།   བྱེད་སྤྱོད་བཅས་བྱེད་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ངེས་པར་དུ་བརྩི་སྲུང་བྱས་ཏེ་ཁོར་ཡུག་སྦགས་བཙོག་མི་ཡོང་བའི་སྔོན་འགོག་བྱ་དགོས།

དོན་ཚན་སོ་བཞི་པ།    སྡེ་ཚན་གང་གིས་ཀྱང་སྦགས་བཙོག་ཚབས་ཆེན་ཐོན་སྲིད་པའི་ཐོན་སྐྱེད་སྒྲིག་ཆས་དེ་དག་བསྦགས་བཙོག་འགོག་སེལ་བྱེད་ནུས་མེད་པའི་སྡེ་ཚན་ལ་བརྗེས་ནས་བེད་སྤྱོད་བྱེད་དུ་བཅུག་མི་ཆོག 

དོན་ཚན་སོ་ལྔ་པ།    བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་གཤམ་གསལ་དག་ལས་རརིགས་གཅིག་བྱུང་ཚེ།   ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་སྲིད་གཙོ་སྐྱོང་སྡེ་ཁག་གམ་བཅའ་ཁྲིམས་ནང་འཁོད་པའི་གཏན་འབེབས་ལྟར་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་དབང་ལག་ལེན་བསྟར་བའི་སྡེ་ཁག་གཞན་དག་གིས་གནས་ཚུལ་མི་འདྲ་བར་གཞིགས་ནས་ཐ་ཚིག་སྒྲོག་པའམ་དངུལ་ཆད་བཅད་ཆད་བཅད་ཆོག

(གཅིག)ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་སྲིད་གཙོ་སྡེ་ཁག་གམ་བཅའ་ཁྲིམས་ནང་འཁོད་པའི་གཏན་འབེབས་ལྟར་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་དབང་ལག་ལེན་བསྟར་བའི་སྡེ་ཁག་གཞན་དག་ལ་ས་གནས་ཐོག་ཏུ་ཞིབ་བཤེར་བྱེད་དུ་མ་བཅུག་པའམ་ཞིབ་བཤེར་བྱེད་པ་ལ་མགོ་སྐོར་རྫུན་སྒྲིག་བྱས་པའི་རིགས་།

(གཉིས)རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གཐུང་སྲིད་གཙོ་སྐྱོང་སྡེ་ཁག་གིས་གཏན་ལ་ཕབ་པའི་སྦགས་བཙོག་དངོས་རིགས་གཏོང་འབུད་དངོས་རིགས་གཏོང་འབུད་སྐོར་གྱི་སྙན་འབུལ་ཞུ་དགོས་པའི་རིགས་མི་ཞུ་བའམ་རྫུན་ཞུ་བྱས་པ།

(གསུམ)རྒྱལ་ཁབ་ཀྱི་གཏན་འབེབས་ནང་འཁོད་ཚད་བརྒལ་བཙོག་འབུད་ཀྱི་གླ་དོད་མི་འཇལ་བ།

(བཞི)རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གཏན་འབེབས་ཀྱི་བླང་བྱར་མི་མཐུན་པའི་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བྱས་རིགས།

(ལྔ)སྦགས་བཙོག་ཚབས་ཆན་ཐོན་པའི་ཐོན་སྐྱེད་སྒྲིག་ཆས་སྦགས་བཙོག་འགོག་སེལ་བྱེད་ནུས་མེད་པའི་སྡེ་ཚན་སྤྲད་ནས་བེད་སྤྱོད་བྱེད་དུ་བཅུག་རིགས་བཅས་སོ།

དོན་ཚན་སོ་དྲུག་པ།    འཛུགས་སྐྲུན་རྣམ་གྲངས་ཀྱི་སྦགས་བཙོག་འགོག་སེལ་གྱི་སྒྲིག་ཆས་འཛུགས་སྐྲུན་འགྲུབ་མེད་པའམ་ཡང་ན་རྒྱལ་ཁབགཀྱི་གཏན་འབེབས་བླང་བྱའི་ཚད་ལ་སླེབས་མེད་པར་ཐོན་སྐྱེད་དམ་བེད་སྤྱོད་བྱེདའགོ་བཙུགས་རིགས་ནི།  འཛུགས་སྐྲུན་རྣམ་གྲང་དེའི་ཁོར་ཡུག་ལ་སྐྱོན་འབྱུང་མིན་སྐོར་གྱི་སྙན་སེང་ཞུ་ཡིག་ལ་ཆོག་མཆན་སྤྲོད་མཁན་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་སྲིད་གཙོ་སྐྱོང་སྡེ་ཁག་གིས་ཐོན་སྐྱེད་དམ་བེད་སྤྱོད་བྱེད་མཚམས་འཇོག་དགོས་པའི་བཀའ་འབེབས་པ་དང་ཆབས་ཅིག་དངུལ་ཆད་ཀྱང་བཅད་ཆོག

དོན་ཚན་སོ་བདུན་པ།    ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་སྲིད་གཙོ་སྐྱོང་སྡེ་ཁག་ནས་ཡིད་མཐུན་མ་བྱུང་བར་སྦགས་བཙོག་འགོག་སེལ་གྱི་སྒྲིག་ཆས་རང་འཚམས་ཀྱིས་བཤིག་པའམང་བེད་མེད་དུ་བཞག་པ་དང་།   སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་ཚད་ནི།   གཏོང་འབུད་བྱས་འཐུས་ཀྱི་ཚད་གཞི་ལས་བརྒལ་བའི་རིགསལ་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་སྲིད་གཙོ་སྐྱོང་སྡེ་ཁག་གིས་བསྐྱར་དུ་ལྷུ་སྒྲིག་དང་བེད་སྤྱོད་དགོས་པའི་བཀའ་འབེབས་དགོས་པ་མ་ཟད་དངུལ་ཆད་ཀྱང་གཅོད་དགོས།

དོན་ཚན་སོ་བརྒྱད་པ།     བཅའ་ཁྲིམས་འདིར་འཁོད་གཏན་འབེབས་ལས་འགལ་ཏེ་ཁོར་ཡུག་སྦགས་པའི་བྱུར་ཉེས་བྱུང་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་གང་དེར་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་སྲིད་གཙོ་སྡེ་ཁག་གམ་བཅའ་ཁྲིམས་ནང་འཁོད་གཏན་འབེབས་ལྟར་ཁོར་ཡུག་ལྟ་སྐུལ་དོ་དམ་བྱེད་དབང་ལག་ལེན་བསྟར་བའི་སྡེ་ཁག་གཞན་དག་གིས་གནོད་སྐྱོན་བྱུང་བའི་བྱས་ཉེས་ལ་གཞིགས་ཏེ་དངུལ་ཆད་གཅོད་པ་དང་།   གནོད་སྐྱོན་ཆེ་ཙམ་བྱུང་བའི་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་མི་སྣར།   དེའི་སྡེ་ཚན་ནམ་སྲིད་གཞུང་ཁོངས་ཀྱི་གཙོ་སྐྱོང་ལས་ཁུངས་ཀྱིས་སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས།

དོན་ཚན་སོ་དགུ་པ།    སྦགས་བཙོག་གཙང་སེལ་གྱི་དུས་བཀག་བཟོས་རུང་དུས་བཀག་གཙང་སེལ་གྱི་ལས་འགལ་འགྲུབ་མེད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་རྣམས་ཀྱིས་རྒྱལ་ཁབ་ཀྱིས་གཏན་འབེབས་ལྟར་ཚད་བརྒལ་བཙོག་འབུད་ཀྱི་གླ་དོད་འཕར་སྣོན་གྱིས་བསྡུ་རྒྱུ་མ་ཟད།   དེ་ལས་གནོད་འཚེ་བྱུང་ཚུལ་ལ་བལྟས་ནས་དངུལ་ཆད་བཅད་ཆོག་པའམ།   ཡང་ན་གཉེར་མཚམས་འཇོག་པ་དངང་སྒོ་རྒྱག་དགོས་པའི་བཀའ་ཕབ་ཆོག

གོང་གསལ་ནང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་དངུལ་ཆད་ནགཅོད་མིན་ནི་ཁོར་ཡུག་སྲུང་སྐྱོབ་གཞུང་གཙོ་སྐྱོང་སྡེ་ཁག་གིས་ཐད་གཅོད་དགོས་པ་དང་།  ལས་མཚམས་འཇོག་པ་དང་སྒོ་རྒྱག་རྒྱུའི་བཀའ་འབེབས་དེ་དུས་བཀག་ནང་གཙང་སེལ་དགོས་པའི་ཆོད་དོན་བཟོ་མཁན་མི་དམངས་སྲིད་གཞུང་གིས་གཏོང་རྒྱུ།  ཀྲུང་དབྱང་ནས་ཐད་ཀར་བདག་སྐྱོང་བྱས་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གང་དེ་ལས་ཚམས་འཇོག་པ་དང་སྒོ་རྒྱག་ཏུ་འཇུག་དགོས་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཞུ་དགོས།

དོན་ཚན་བཞི་བཅུ་པ།    སྲིད་འཛིན་ཆད་པ་བཅད་པ་དོ་བདག་གི་སློ་མོས་སུ་མ་བབས་ན།   ཆད་པ་བཅད་པའི་བརྡ་ཐགོ་འབྱོར་ཉིན་ནས་བཟུང་ཉིན་བཅོ་ལྔའི་ནང་ཆད་པ་གའོད་མཁན་ལས་ཁུངས་ཀྱི་རིམ་པ་གཅིག་གི་མཐོ་བའི་གོང་རིམ་ལས་ཁུངས་ལ་བསྐྱར་གྲོས་རེ་ཡོང་ཞུས་ཆོག    བསྐྱར་གྲོས་ཀྱི་གྲོས་ཐག་བཅད་དོན་བློ་དོན་བློ་མོས་སུ་བབས་ཚེ།     བསྐྱར་གྲོས་ཀྱི་ཆོད་དོན་འབྱོར་ཉིན་ནས་བཟུང་ཉིན་བའོ་ལྔའི་ནང་ཚུན་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག    དོ་བདག་གིས་ཆད་གཅོད་ཀྱི་བརྡ་ཐོ་འབྱོར་ཉིན་ནས་བཟུང་ཉིན་བའོ་ལྔའི་ནང་ཚུན་ཐད་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ནའང་ཆོག    དོ་བདག་གིས་དུས་བཀག་ནང་བསྐྱར་གྲོས་ཡོང་བའི་རེ་བ་ཞུས་མེད་ལ།  མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་མ་བྱས་པར་ཆད་པ་བཅད་དོན་ལག་ལེན་ཡང་མ་བྱས་ན།   ཆད་པ་གཅོད་མཁན་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ལག་བསྟར་གནང་རོགས་ཞུ་ཆོག

དོན་ཚན་ཞེ་གཅིག་པ།   ཁོར་ཡུག་སྦག་བཙོག་བཏང་ནས་གནོད་སྐྱོན་བཟོ་མཁན་གྱིས་གནོད་སྐྱོན་སེལ་འགན་འཁུར་དགོས་པས་མི་ཚད།   གནོད་སྐྱོན་དངོས་སུ་ཐེབས་པའི་སྡེ་ཚན་ནམ་སྐྱེ་བོར་གུན་གསབ་ཀྱང་བྱ་དགོས།

གུན་གསབ་བྱེད་མ་དགོས་པ་དང་གུན་གསབ་ཀྱི་གྲངས་འབོར་སྐོར་རྩོད་གཞི་བྱུང་ཚེ།   དོ་བདག་གི་དགོས་འདུན་ལ་གཞིགས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་སྲིད་གཙོ་སྐྱོང་སྡེ་ཁག་གམ་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་ཁོར་ཡུག་ལྟ་སྐུལ་དོ་དམ་བྱེད་དབང་ལག་ལེན་བསྟར་བའི་སྡེ་ཁག་གཞན་དག་གིས་ཐག་བཅད་ཆོག    ཐག་གཅོད་བྱས་པའི་ཆོད་དོན་དོ་བདག་གི་བློ་མོས་སུ་མ་བབས་ཚེ།    མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག    དོ་བཀདག་གིས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ནའང་ཆོག

འགོག་ཐབས་བྲལ་བའི་རང་བྱུང་གི་གནོད་སྐྱོན་ཁོ་ནའི་རྐྱེན་གྱིས་ཁོར་ཡུག་སྦགས་བཙོག་བཏང་བ་དེ་དུས་ཐོག་ཏུ་ཐབས་ཤེས་ལུགས་དང་མཐུན་པ་སྤྱད་ནའང་།   གནོད་འཚེ་འགོག་མ་ཐུབ་པ་ཚོས་དེའི་ཐད་ཀྱི་ཁག་འགན་འཁུར་མི་དགོས།

དོན་ཚན་ཞེ་གཉིས་པ།    ཁོར་ཡུག་སྦགས་བཙོག་བཏང་བ་ལས་གནོད་འཚེ་ཐེབས་པའི་གུན་གསབ་སྤྲོད་འཇལ་སྐོར་ཞུ་གཏུག་བྱས་འཐུས་ཀྱི་ཡུན་ཚད་ལོ་གསུམ་ཡིན་པ་དང་།    དོ་བདག་གིས་སྦགས་བཙོག་གི་གནོད་འཚེ་ཐེབས་ཚུལ་ཤེས་པའམ་ཤེས་དགོས་པའི་དུས་ནས་བརྩི་དགོས།

དོན་ཚན་ཞེ་གསུམ་པ།   བཅའ་ཁྲིམས་འདིར་འཁོད་གཏན་འབེབས་ལས་འགལ་ཏེ་ཁོར་ཡུག་སྦགས་བཙོག་བཏང་བའི་བྱུང་ཉེས་ཚབས་ཆེན་བཟོས་ནས་སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་ཐེབས་པའམ་མི་ཤི་རྨས་སོང་བའི་རྗེས་འབྲས་ངན་པ་ཚབས་ཆེན་བྱུང་ན།   དེའི་ཁག་འགན་དངོས་སུ་ཡོད་པའི་མི་སྣར་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེག་གཏོང་དགོས།

དོན་ཚན་ཞེ་བཞི་པ།    བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་ཏེ་ས་ཞིང་དང་།   ནགས་ཚལ།   རྩྭ་ཐང་།    ཆུ།   གཏེར་རྫས།   ཉ་ལས།   བྱེ་སྐྱེས་སྲོག་ཆགས་དང་བྱེ་སྐྱེས་རྩི་ཤིང་ཐོན་ཁུངས་གཏོར་སྐྱོན་བཏང་རིགས་བྱུང་ན།   འབྲེལ་ཡོད་བཅའ་ཁྲིམས་ཀྱིས་གཏན་འབེབས་ལྟར་ཁྲིམས་འགན་འཁུར་དགོས།

དོན་ཚན་ཞེ་ལྔ་པ།    ཁོར་ཡུག་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་བཅས་བྱེད་མཁན་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པ་དང་།   ཁྲིམས་འགན་སྣང་མེད་ལྷོད་གཡེང་དུ་བཏང་བ།   ཉེ་ཕྱོགས་གཡོ་ཟོལ་བཅས་བྱས་ན།  དེ་ཉིན་ཡོད་སའི་སྡེ་ཚན་ནམ་གོང་རིམ་གཙོ་སྐྱོང་ལས་ཁུངས་ཀྱིས་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་།   ཉེས་ཚད་ལོན་མཁན་ལ་བཅའ་ཁྲིམས་ལྟར་ཉེས་འགན་འཁུར་དགོས།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།