ས་ཞིང་དོ་དམ་བཅའ་ཁྲིམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ཞིང་དོ་དམ་བཅའ་ཁྲིམས།
ས་ཞིང་དོ་དམ་བཅའ་ཁྲིམས་ནི་ས་ཞིང་དོ་དམ་ལ་ཤུགས་སྣོན་དང་། ས་ཞིང་སྤྱི་ཚོགས་རིང་ལུགས་སྤྱི་ལ་དབང་བའི་ལམ་ལུགས་སྲུང་སྐྱོང་། ས་ཞིང་གི་ཐོན་ཁུངས་གསར་སྤེལ་དང་། ལུགས་མཐུན་གྱི་སྒོ་ནས་ས་ཞིང་བེད་སྤྱོད་གཏོང་བ། རྨོ་ཞིང་ལ་སྲུང་སྐྱོང་ནན་ཏན་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ས་ཞིང་སྤྱི་ཚོགས་རིང་ལུགས་སྤྱི་ལ་དབང་བའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་། དམངས་ཡོངས་ལ་དབང་བའི་ལམ་ལུགས་དང་། ངལ་རྩོལ་མང་ཚོགས་ཐུན་མོང་ལ་དབང་བའི་ལམ་ལུགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国土地管理法
གྲོས་འཆམ་བྱུང་དུས།
སྤྱི་ལོ1986ལོའི་ཟླ6པའི་ཚེས25ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ1987ལོའི་ཟླ1པའི་ཚེས1ཉིན།
བཟོ་བཅོས་དུས་ཚོད།
སྤྱི་ལོ2004ལོའི་ཟླ8པའི་ཚེས28ཉིན།
1        ས་ཞིང་དོ་དམ་བཅའ་ཁྲིམས་ཀྱི་སྤྱིའི་རྩ་དོན།

ས་ཞིང་དོ་དམ་བཅའ་ཁྲིམས་ནི་ས་ཞིང་དོ་དམ་ལ་ཤིགས་སྣོན་དང་།   ས་ཞིང་སྤྱི་ཚོགས་རིང་ལུགས་སྤྱི་ལ་དབང་བའི་ལམ་ལུགས་སྲུང་སྐྱོང་།   ས་ཞིང་གི་ཐོན་ཁུངས་གསར་སྤེལ་དང་།  ལུགས་མཐུན་གྱི་སྒོ་ནས་ས་ཞིང་བེད་སྤྱོད་གཏོང་བ།   རྨོ་ཞིང་ལ་སྲུང་སྐྱོང་ནན་ཏན་བྱེད་པ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པ་བཅས་ཀྱི་དོན་དུ།   ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན་ལ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ས་ཞིང་སྤྱི་ཚོགས་རིང་ལུགས་སྤྱི་ལ་དབང་བའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་།   དམངས་ཡོངས་ལ་དབང་བའི་ལམ་ལུགས་དང་།   ངལ་རྩོལ་མང་ཚོགས་ཐུན་མོང་ལ་དབང་བའི་ལམ་ལུགས་ཡིན་ནོ།

སྡེ་ཁག་དང་མི་སྒེར་གང་གིས་ཀྱང་ས་ཞིང་བཙན་བཟུང་དང་།   ཉོ་ཚོང་།   ཡང་ན་རྣམ་པ་གཞན་སྤྱད་ནས་ཁྲིམས་འགལ་སྒོས་ས་ཞིང་ཕན་ཚུན་རྒྱུད་བཤིག་བྱེད་མི་ཆོག་སྟེ།    རྒྱལ་ཁབ་ཀྱིས་སྤྱི་སྤྱོད་ཁེ་ཕན་གྱི་ཆེད་དུ་ཁྲིམས་ལྟར་ཐུན་མོང་ལ་དབང་བའི་ས་ཞིང་སྡུད་སྤྱོད་ལག་བསྟར་བྱེད་ཆོག

རྒྱལ་ཁབ་ལ་དབང་བའི་ས་ཞིང་དང་ཐུན་མོང་ལ་དབང་བའི་ས་ཞིང་གི་བཀོལ་སྤྱོད་དབང་ཆ་དེ་ཁྲིམས་ལྟར་ཕན་ཚུན་རྒྱུན་བཤིག་བྱས་ཆོག   ས་ཞིང་གི་བཀོལ་སྤྱོད་ཀྱི་དབང་ཆ་ཕན་ཚུན་རྒྱུད་བཤིག་བྱེད་པའི་བྱ་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟུར་དུ་གཏན་འབེབས་བྱེད་དགོས་ལ།   རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ལ་དབང་བའི་ས་ཞིང་དེ་རིན་འབབ་ཡོད་པའི་སྒོ་ནས་བཀོལ་སྤྱོད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས།   རྒྱལ་ཁབ་ལ་དབང་བའི་ས་ཞིང་རན་འབབ་ཡོད་པའི་བེད་སྤྱོད་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟུར་དུ་གཏན་འབེབས་བྱེད་དགོས་པ་མ་ཟད།   རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནན་ཏན་སྒོས་ས་ཞིང་ལ་གཅེས་སྤྲས་དང་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ།  ཡོངས་ཁྱབ་ཀྱིས་འཆར་གཞི་འགོད་པ་དང་དོ་དམ་ལ་ཤིགས་སྣོན།    ས་ཞིང་གི་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོང་བྱས་ཏེ་གང་འདོད་ལྟར་རྨོ་ཞིང་བདག་འཛིན་དང་ས་ཞིང་བེད་སྤྱོད་གཏན་འགོག་བྱེད་དགོས།   

ས་ཞིང་གི་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ།   ལུགས་མཐུན་གྱིས་ས་ཞིང་བདེ་སྤྱོད་བྱེད་པ།   འབྲེལ་ཡོད་ཀྱི་ཚན་རིག་ཞིབ་འཇུག་བྱེད་པ་བཅས་ཀྱི་ཐད་ལ་གྲུབ་འབྲས་མངོན་གསལ་ཡོད་པའི་ལས་ཁུངས་དང་མི་སྒེར་ལ་མི་དམངས་སྲིད་གཞུང་གིས་བྱ་དགའ་གནང་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཞིང་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ས་ཞིང་གཅིག་གྱུར་དོ་དམ་བྱ་བ་གཙོ་གཉེར་བྱེད་དགོས་ཤིང་།   རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ས་ཞིང་དོ་དམ་སྡེ་ཁག་གིས་རང་གི་སྲིད་འཛིན་མངའ་ཁོངས་ནང་གི་ས་ཞིང་གཅིག་གྱུར་དོ་དམ་བྱ་བར་གཙོ་འགན་འཁུར་དགོས།   ལུས་ཁུངས་ཀྱི་སྒྲིག་འཛུགས་ནི་ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གནས་ཚུལ་དངོས་གཞིར་བཟུང་སྟེ་གཏན་ཁེལ་བྱེད་དགོས།   ཤང་རིམ་པའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་མངའ་ཁོངས་ནང་ཁུལ་གྱི་ས་ཞིང་དོ་དམ་བྱ་བར་འགན་འཁུར་དགོས།  ས་ཞིང་གི་བདག་དབང་དང་སྤྱོད་དབང་།

དོན་ཚན་དྲུག་པ།    གྲོང་ཁྱེར་ནང་ཁུལ་གྱི་ས་ཞིང་དེ་དམངས་ཡོངས་ལ་དབང་བ་སྟེ་རྒྱལ་ཁབ་ལ་དབང་བ་ཡིན།   ཞིང་སྡེ་དང་གྲོང་ཁྱེར་ཉེ་འདབས་ཀྱི་ས་ཞིང་གང་ཞིག་ཡིན་ཡང་བཅའ་ཁྲིམས་ཀྱིས་རྒྱལ་ཁབ་ལ་དབང་བར་གཏན་འབེབས་བྱས་ཡོད་པ་ལས་གཞན་ཐུང་མོང་ལ་དབང་བ་ཡིན།   ཁང་བའི་གཞི་ས་དང་།  རང་བཞག་ས་ཞིང་།   རང་བཞག་རི་ཁུལ་བཅས་ཀྱང་ཐུན་མོང་ལ་དབང་བ་ཡིན།

དོན་ཚན་བདུན་པ།    རྒྱལ་ཁབ་ལ་དབང་བའི་ས་ཞིང་གང་ཞིག་ཡིན་ཡང་བཅའ་ཁྲིམས་ལྟར་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་ཡང་ན་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་ལ་བྱིན་ཏེ་བཀོལ་སྤྱོད་གཏོང་བའི་གཏན་ཁེལ་བྱས་ཆོག་ལ།   རྒྱལ་ཁབ་ལ་དབང་བའི་ས་ཞིང་དང་ཐུན་མོང་ལ་དབང་བའི་ས་ཞིང་གང་ཞིག་བཅའ་ཁྲིམས་ལྟར་མི་སྒེར་ལ་བྱིན་ཏེ་བཀོལ་སྤྱོད་གཏོང་བའི་བའི་གཏན་ཁེལ་ཡང་བྱས་ཡོད།  ས་ཞིང་སྲུང་སྐྱོང་དང་།   དོ་པདམ།   ལུགས་མཐུན་གྱིས་བེད་སྐྱོད་བྱེད་པའི་འཕོས་འགན་ཡོད་པ་ཡིན།

དོན་ཚན་བརྒྱད་པ།    ཐུན་མོང་ལ་དབང་བའི་ས་ཞིང་གང་ཞིག་ཁྲིམས་ལྟར་ཞིང་སྡེའི་ཞིང་བ་ཐུན་མོང་ལ་དབང་བ་ཡིན་ནོ།    ཞིང་སྡེའི་ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང་སོགས་ཞིང་ལས་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་སམ་ཡང་ན་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བདག་གཉེར་དང་དོ་དམ་བྱེད་དགོས།  ཤང(གྲོང་རྡལ)གི་ཞིང་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་དབང་བ་ཡིན་ན།   ཤང་ (གྲོང་རྡལ)གི་ཞིང་བ་ཐུན་མོང་ལ་དབང་བར་བྱས་ཆོག 

ཞིང་སྡེའི་ཞིབ་བ་ཐུན་མོང་ལ་དབང་བའི་ས་ཞིང་གང་ཞིག་སྡེ་བའི་ནང་གི་ཞིང་ལས་ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་གཉིས་ཡན་ཆད་ལ་སོ་སོར་དབང་ཡིན་ན།   ཞིང་ལས་མཐུན་མོང་དཔལ་འབྱོར་རྩ་འཛུགས་དེའི་ཞིང་བ་ཐུན་མོང་ལ་དབང་བར་བྱས་ཆོག

དོན་ཚན་དགུ་པ།   ཐུན་མོང་ལ་དབང་བའི་ས་ཞིང་དེར་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཐོ་འགོད་དེབ་ཆུང་བཟོས་ཏེ།   ད་གཟོད་ཞིབ་སྡུར་སྒོས་དཔང་ཡིག་སྟེར་བའམ་བདག་དབང་དངོས་སུ་ཁས་ལེན་དགོས།

དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་།   ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན།   མི་སྒེར་བཅས་ཀྱིས་ཁྲིམས་ལྟར་བཀོལ་སྤྱོད་བྱེད་པའི་རྒྱལ་ཁབ་ལ་དབང་བའི་ས་ཞིང་དེར།  རྫོང་རིམ་པ་ཡན་གྱི་ས་གནས་མི་སམངས་སྲིད་གཞུང་གིས་ཐོ་འགོད་བྱས་རྗེས།   ཞིབ་སྡུར་སྒོས་དཔང་ཡིག་སྟེར་བའམ་བཀོལ་སྤྱོད་དབང་ཆ་དངོས་སུ་ཁས་ལེན་དགོས། 

ནགས་ས་དང་།   རྩྭ་སའི་བདག་དབང་ངམ་བཀོལ་སྤྱོད་དབང་ཆ་དངོས་སུ་ཁས་ལེན་རྒྱུ་དང་།   ཆུ་ངོས་དང་།   བྱེ་འདམ་གྱི་གསོ་སྤེལ་བཀོལ་སྤྱོད་དབང་ཆ་དངོས་སུ་ཁས་ལེན་རྒྱུ་ནི་སོ་སོར་ནགས་ཚལ་བཅའ་ཁྲིམས་དང་།   རྩྭ་སའི་བཅའ་ཁྲིམས།   ཉ་ལས་བཅའ་ཁྲིམས་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་དགོས།

དོན་ཚན་བཅུ་པ།     ཁྲིམས་ལྟར་ས་ཞིང་གི་བདག་དབང་དང་བཀོལ་སྤྱོད་དབང་ཆ་བསྒྱུར་བཅོས་བྱེད་དགོས་ཚེ།  ངེས་པར་དུ་ས་ཞིང་བདག་དབང་གི་དབང་ཆ་བསྒྱུར་བཅོས་བྱེད་པའི་ཐོ་འགོད་འགྲོ་ལུགས་སྒྲུབ་སྟེ་དཔང་ཡིག་བརྗེ་དགོས།     

དོན་ཚན་བཅུ་གཅིག་པ།      ས་ཞིང་གི་བདག་དབང་དང་བཀོལ་སྤྱོད་དབང་ཆར་ཁྲིམས་ལུགས་ཀྱི་སྲུང་སྐྱོང་ཐོབ་ཡོད་པས་སྡེ་ཚན་དང་མི་སྒེར་གང་གིས་ཀྱང་གནོད་འཚེ་བཏང་མི་ཆོག

དོན་ཚན་བཅུ་གཉིས་པ།   ཐུན་མོང་ལ་དབང་བའི་ས་ཞིང་དང་།   དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་གྱིས་བཀོལ་སྤྱོད་བྱེད་པའི་རྒྱལ་ཁབ་ལ་དབང་བའི་ས་ཞིང་དེ།   ཐུན་མོང་ངམ་མི་སྒེར་གྱིས་འགན་གཙང་ལེན་སྒོས་བདག་གཉེར་བྱས་ནས།  ཞིང་།   ནགས།   ཕྱུགས།   ལས་བཅས་ཀྱི་ཐོན་སྐྱེད་བྱས་ཆོག     ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་བྱེད་པའི་ཐུན་མོང་ངམ་མི་སྒེར་ལ་འགན་གཙང་ལེན་གྱི་གན་རྒྱའི་གཏན་འབེབས་ལྟར་སྲུང་སྐྱོང་དང་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པའི་འོས་འགན་ཡོད།   ས་ཞིང་འགན་གཙང་ལེན་གྱི་བདག་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་དགོས།

དོན་ཚན་བཅུ་གསུམ་པ།     ས་ཞིང་གི་བདག་དབང་དང་བཀོལ་སྤྱོད་དབང་ཆའི་རྩོད་གླེང་དེ།   དོ་བདག་གིས་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་དགོས།  གལ་ཏེ་གྲོས་མཐུན་མ་བྱུང་ན་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས།   གལ་ཏེ་གྲོས་མཐུན་མ་བྱུང་ན་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས།

དམངས་ཡུལ་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་བར་དང་།  ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་བར།    དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་བར་གྱི་ས་ཞིང་གི་བདག་དབང་དང་བཀོལ་སྤྱོད་དབང་ཆའི་རྩོད་གླེང་དེ།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས།

མི་སྒེར་བར་དང་།   མི་སྒེར་དང་དམངས་ཡུལ་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་ནམ་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་བར་གྱི་ས་ཞིང་བཀོལ་སྤྱོད་དབང་ཆའི་རྩོད་གླེང་དེ།   ཤང་རིམ་པའི་མི་དམངས་སྲིད་གཞུང་དང་ཡང་ན་རྫོང་རིམ་པའི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས། 

དོ་བདག་པས་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱས་པའི་འབྲེལ་ཡོད་གཏན་འབེབས་ཁས་མི་ལེན་ན།   ཐག་གཅོད་གཏན་འབེབས་ཀྱི་བརྡ་སྦྱོར་འབྱོར་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག

ས་ཞིང་གི་བདག་དབང་དང་བཀོལ་སྤྱོད་དབང་ཆའི་རྩོད་གླེང་ཐག་གཅོད་མ་བྱས་པའི་སྔོན་ལ།   ཕྱོགས་གང་གིས་ཀྱང་ས་ཞིང་གི་ད་ཡོད་རྣམ་པ་བསྒྱུར་བཅོས་བྱས་མི་ཆོག་ལ་ས་ཞིང་སྟེང་གི་རྟེན་དངོས་ལ་གཏོར་བརླག་བྱས་མི་ཆོག

རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་བཀོལ་བའི་ས་ཆ།

དོན་ཚན་ཉེར་གཅིག་པ།   རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་།   རིག་གནས།  རྒྱལ་སྲུང་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་སྤྱི་སྤྱོད་དོན་སྒྲུབ་པར།   ཐུན་མོང་ལ་དབང་བའི་ས་ཞིང་བསྡུ་སྤྱོད་བྱེད་པའམ་ཡང་ན་རྒྱལ་ཁབ་ལ་དབང་བའི་ས་ཞིང་བཀོལ་སྤྱོད་བྱེད་དགོས་ན།   ལེའུ་འདིའི་གཏན་འབེབས་ལྟར་སྒྲུབ་དགོས།

དོན་ཚན་ཉེར་གཉིས་པ།    རྒྱལ་ཁབ་ཀྱི་གཏན་འབེབས་ལྟར།   རྒྱལ་ཁབ་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་འཇོག་པའི་འཆར་གཞིའི་ནང་བཀོད་ཡོད་པའམ་ཡང་ན་འཛུགས་སྐྲུན་བྱས་ཆོག་པའི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་རྣམས་གྲངས་ཡིན་ན།   ཆོག་མཆན་བཀོད་རྗེས་ད་གཟོད་འཛུགས་སྐྲུན་སྡེ་ཚན་གྱིས་ས་ཆ་བཀོལ་སྤྱོད་བྱེད་པའི་རེ་འདུན་ཞུས་ཆོག  

དོན་ཚན་ཉེར་གསུམ་པ།   རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ལ་ས་ཞིང་སྡུད་སྤྱོད་བྱེད་དགོས་ན།   འཛུགས་སྐྲུན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་སྤྱི་ཁྱབ་ཁང་གི་གཙོ་འགན་སྡེ་ཁག་གམ་ཡང་ན་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་ལྟར་ཆོག་མཆན་གནང་བའི་ཇུས་འགོད་འགན་ཁུར་གྱི་ཡིག་ཆའམ་ན་གཞན་པའི་ཆོག་མཆན་བཀོད་པའི་ཡིག་ཆ་གཞིར་བཟུང་ནས།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ས་ཞིང་དོ་དམ་སྡེ་ཁག་ལ་རེ་འདུན་འདོན་པ་དང་།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་ཆོག་མཆན་གནང་རྗེས།   ས་ཞིང་དོ་དམ་སྡེ་ཁག་གིས་ས་ཞིང་བཅའ་སྤྲོད་བྱེད་དགོས། 

རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ལ་ས་ཞིང་སྡུད་སྤྱོད་བྱེད་པ་ཡིན་ཚེ།   ས་ཞིང་སྡུད་སྤྱོད་བྱ་ཡུལ་གྱི་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་དགོས་མཁོ་བརྩི་སྲུང་བྱེད་རྒྱུ་ལས་འགལ་རྐྱེན་བཟོ་མི་ཆོག  

དོན་ཚན་ཉེར་བཞི་པ།   རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ལ་སྡུད་སྤྱོད་བྱེད་པའི་ཐུན་མོང་ལ་དབང་བའི་ས་ཞིང་དེའི་བདག་དབང་རྒྱལ་ཁབ་ལ་གཏོགས་པས།   ས་ཆ་བཀོལ་སྤྱོད་བྱེད་པའི་སྡེ་ཚན་ལ་བཀོལ་སྤྱོད་དབང་ཆ་ཁོ་ན་མ་གཏོགས་མེད།

དོན་ཚན་ཉེར་ལྔ་པ།    རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ལ་རྨོ་ཞིང་མུའུ་ཆིག་སྟོང་ཡན་དང་།   གཞན་པའི་ས་ཞིང་མུའུ་ཉིས་སྟོང་ཡན་སྡུད་སྤྱོད་བྱེད་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་འགོད་དགོས།  

ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་མངའ་ཁོངས་ནང་རོལ་གྱི་ས་ཞིང་སྡུད་བྱེད་དགོས་ན།    ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་འགོད་དགོས།   རྨོ་ཞིང་མུའུ་གསུམ་གྱི་མན་དང་ས་ཞིང་གཞན་པ་མུའུ་བཅུའི་མན་ཆད་སྡུད་སྤྱོད་བྱེད་པ་ཡིན་ན།   རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་འགོད་དགོས།   ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་དང་།   རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་འགོད་པའི་དབང་ཆ་དེ།   ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱེད་དགོས།

ཐད་སྐྱོང་གྲོང་ཁྱེར་སྲིད་འཛིན་མངའ་ཁོངས་ནང་ཁུལ་གྱི་ས་ཞིང་སྡུད་སྤྱོད་བྱེད་དགོས་ན།    ཐད་སྐྱོང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆོག་འགོད་གནང་དགོས། ཐད་སྐྱོང་གྲོང་ཁྱེར་གྱི་ཁུལ་མི་དམངས་སྲིད་གཞུང་དང་རྫོང་མི་དམངས་སྲིད་གཞུང་གི་ཆོག་མཆན་འགོད་པའི་དབང་ཆ་དེ་ཐད་སྐྱོང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱེད་དགོས། 

དོན་ཚན་ཉེར་དྲུག་པ།    འཛུགས་སྐྲུན་རྣམ་གྲངས་ཤིག་ལ་བཀོད་སྤྱོད་བྱེད་དགོས་པའི་ཆ་དེ།   ཇུས་འགོད་ཧྲིལ་བོ་གཞིར་བཟུང་ནས་སྙན་སེང་ཐུ་ཐེངས་གཅིག་ལ་ཆོག་མཆན་འགོད་དུ་འཇུག་དགོས་པ་ལས་ཐར་ཐོར་དུ་བཀོད་མི་ཆོག    འཛུགས་སྐྲུན་བྱ་བའི་རྣམ་གྲངས་ཤིག་ཡིན་ན།   དུས་བགོས་ནས་ས་ཆ་སྡུད་ལེན་བྱེད་དགོས་པ་ལས་སྔོན་སྡུད་བྱེད་མི་རུང་།    ལྕགས་ལམ་དང་།   གཞུང་ལམ།   ཆུ་དང་སྣུམ་འདྲེན་སྦུག་ལམ་བཅས་འཛུགས་སྐྲུན་ཐད་ས་ཆ་བཀོལ་དགོས་ན།   ཁག་བགོས་ནས་སྙན་ཞུ་ཆོག་མཆན་གནང་དུ་བཅུག་སྟེ་ས་ཆ་སྡུད་ལེན་བྱས་རྗེས་ད་གཟོད་འགྲོ་ལུགས་སྒྲུབ་ཆོག  

དོན་ཚན་ཉེར་བདུན་པ།    རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ལ་ས་ཞིང་སྡུད་སྤྱོད་བྱེད་དགོས་ན།   ས་ཞིང་སྤྱོད་མཁན་སྡེ་ཚན་གྱིས་ས་ཞིང་གི་སྐྱིན་ཚབ་དུ་དངུལ་སྤྲོད་དགོས།   རྨོ་ཞིང་སྡུད་བྱས་པའི་སྐྱིན་དངུལ་དེ་རྨོ་ཞིང་སྡུད་སྤྱོད་མ་བྱས་སྔོན་གྱི་གོ་གསུམ་རིང་གི་ཆ་སྙོམས་ལོ་རེའི་ཐོན་རྫས་རིན་ཐང་གི་ལྡབ་གསུམ་ནས་དྲུག་ཡིན།   ས་ཞིང་གཞན་པ་སྡུད་སྤྱོད་བྱེད་པའི་སྐྱིན་དངུལ་གྱི་ཚད་གཞི་དེ།   ཞིང་ཆེན་དང་།  རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་སོ་སོས་རྨོ་ཞིང་སྡུད་སྤྱོད་ཀྱི་སྐྱིན་དངུལ་ཚད་གཞིར་ཟུར་ལྟ་བྱས་ཏེ་གཏན་འབེབས་བྱེད་དགོས།  

སྡུད་སྤྱོད་བྱ་ཡུལ་ས་ཆའི་རྟེན་དངོས་དང་ལྗང་མྱུག་གི་སྐྱིན་ཚབ་གཞི་དེ།   ཞིང་ཆེན་དང་།   རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་སོ་སོས་གཏན་འབེབས་བྱེད་དགོས།

གྲོང་ཁྱེར་ཉེ་འདབས་ཀྱི་ཚོད་ཞིང་སྡུད་སྤྱོད་བྱེད་དགོས་ན།   ས་ཆ་སྤྱོད་མཁན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཚོད་ཞིང་གསར་བ་སྤེལ་བའི་འཛུགས་སྐྲུན་གྱི་མ་དངུལ་སྤྲོད་དགོས།

དོན་ཚན་ཉེར་བརྒྱད་པ།   རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ས་ཞིང་སྡུད་སྤྱོད་བྱེད་དགོས་ན།   སྤྱོད་མཁན་སྡེ་ཚན་གྱི་སྐྱིན་ཚབ་ཏུ་དངུལ་སྤྲོད་དགོས་པ་ལས་གཞན།   ད་དུང་བཀོད་སྒྲིག་བྱས་པའི་ཁ་གསབ་རོགས་དངུལ་ཡང་སྤྲོད་དགོས།  

རྨོ་ཞིང་སྡུད་སྤྱོད་བྱེད་པའི་བཀོད་སྒྲིག་གི་ཁ་གསབ་རོགས་དངུལ་དེ་བཀོད་སྒྲིག་བྱེད་དགོས་པའི་ཞིང་ལས་མི་གྲངས་ཀྱི་མང་ཉུང་ལྟར་རྩིས་རྒྱག་དགོས།   བཀོད་སྒྲིག་བྱེད་དགོས་པའི་ཞིང་ལས་མི་གྲངས་ནི།   སྡུད་སྤྱོད་བྱས་པའི་རྨོ་ཞིང་གི་གྲངས་ཀ་དེ་ས་ཆ་མ་བསྡུས་པའི་སྔོན་གྱི་ཆ་སྙོམས་མི་རེས་བཟུང་ཡོད་པའི་རྨོ་ཞིང་གི་གྲངས་ཀར་བགོས་ཏེ་རྩིས་རྒྱག་དགོས།   བཀོད་སྒྲིག་བྱེད་དགོས་པའི་མི་རེའི་བཀོད་སྒྲིག་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ནི།   དེ་སྡུད་སྤྱོད་མ་བྱས་སྔོན་གྱི་ལོ་གསུམ་རིང་གི་རྨམོ་ཞིང་མུའུ་རེའི་ཆ་སྙོམས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་གི་ལྡབ་གཉིས་ནས་གསུམ་ཡིན།  འོན་ཀྱང་།  སྡུད་སྤྱོད་བྱས་ཟིན་པའི་རྨོ་ཞིང་མུའུ་རེའི་བཀོད་སྒྲིག་གི་ཁ་གསབ་རོགས་དངུལ་དེ།   ཆེས་མཐོ་ནའང་སྡུད་སྤྱོད་མ་བྱས་སྔོན་གྱི་ལོ་གསུམ་རིང་གི་ཆ་སྙོམས་ལོ་རེའི་ཐོན་རྫས་རིན་ཐང་གི་ལྡབ་བཅུ་ལས་བརྒལ་མི་ཆོག   ས་ཞིང་གཞན་པ་སྡུད་སྤྱོད་བྱེད་པའི་བཀོད་སྒྲིག་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ།   ཞིང་ཆེན་དང་།  རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་རྨོ་ཞིང་སྡུད་སྤྱོད་བྱེད་པའི་བཀོད་སྒྲིག་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞིར་ཟུར་ལྟ་བྱས་ཏེ་གཏན་འབེབས་བྱེད་དགོས། 

དོན་ཚན་ཉེར་དགུ་པ།   བཅའ་ཁྲིམས་འདིའི་དོན་ཚན་ཉེར་བདུན་པ་དང་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་ལྟར་ས་ཞིང་གི་སྐྱིན་དངུལ་དང་བཀོད་སྒྲིག་གི་ཁ་གསབ་རོགས་དངུལ་སྤྲད་ཀྱང་།   བཀོད་སྒྲིག་བྱེད་དགོས་པའི་ཞིང་བའི་སྔར་ཡོད་ཀྱི་འཚོ་བའི་ཆུ་ཚད་སྲུང་འཛིན་བྱེད་མི་ཐུབ་ན།   ཞིང་ཆེན་དང་།   རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད་དེ།   བཀོད་སྒྲིག་གི་ཁ་གསབ་རོགས་དངུལ་དང་བཀོད་སྒྲིག་གི་ཁ་གསབ་རོགས་དངུལ་གྱི་སྤྱིའི་སྡོམ་གྲངས་དེ་ས་ཞིང་སྡུད་སྤྱོད་མ་བྱས་སྔོན་གྱི་ལོ་གསུམ་རིང་གི་ཆ་སྙོམས་ལོ་རེའི་ཐོན་རྫས་རིན་ཐང་གི་ལྡབ་ཉི་ཤུ་ལས་བརྒལ་མི་ཆོག

དོན་ཚན་སུམ་ཅུ་པ།    རྒྱལ་ཁབ་འཛུགས་སྐྲུན་ཐད་ས་ཞིང་སྡུད་སྤྱོད་བྱེད་པའི་སྣ་སོ་སོའི་སྐྱིན་དངུལ་དང་བཀོད་སྒྲིག་གི་ཁ་གསབ་རོགས་དངུལ་དེ།   ས་ཞིང་སྡུད་བྱས་པའི་ས་ཐོག་གི་མི་སྒེར་ལ་གཏོགས་པའི་བརྟེན་དངོས་དང་ལྗང་མྱུག་གི་སྐྱིན་དངུལ་མི་རང་ཉིད་ལ་སྟེར་དགོས་པ་ལས་གཞན།  ས་ཆ་སྡུད་སྤྱོད་བྱ་ཡུལ་སྡེ་ཚན་གྱི་ཐོན་སྐྱེད་འཕེལ་རྒྱས་དང་ས་ཞིང་སྡུད་སྤྱོད་བྱས་པ་ལས་བྱུང་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས་དང་ལས་ཀར་ཞུགས་མི་ཐུབ་པའི་མིའི་འཚོ་བའི་ཁ་གསབ་རོགས་དངུལ་དུ་བཀོལ་སྤྱོད་བྱེད་དགོས་པ་ལས།   མི་གཞན་ལ་སྤྲད་ནས་བཀོལ་དུག་བཅུག་མི་ཆོག་ལ་སྡེ་ཚན་དང་མི་སྒེར་གང་གིས་ཀྱང་འཛིན་སྤྱོད་བྱས་མི་ཆོག

དོན་ཚན་སོ་གཅིག་པ།    རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཆེད་དུ་ས་ཞིང་སྡུད་སྤྱོད་བྱས་བ་ལས་བྱུང་བའི་ངལ་རྩོལ་ནུས་ཤུགས་ལྷག་མ་དེ།   རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ས་ཞིང་དོ་དམ་སྡེ་ཁག་གིས་ས་ཆ་སྡུད་སྤྱོད་བྱ་ཡུལ་གྱི་སྡེ་ཚན་དང་།  ས་ཆ་སྤྱོད་མཁན་གྱི་སྡེ་ཚན།    འབྲེལ་ཡོད་སྡེ་ཚན་པ་བཅས་རྩ་འཛུགས་བྱས་ཏེ་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་དང་།   ཤང(གྲོང་རྡལ)དང་སྡེ་བའི་ཁེ་ལས་སྒྲུབ་པའི་ཐབས་ལམ་བརྒྱུད་ནས་བཀོད་སྒྲིག་བྱེད་དགོས།  བཀོད་སྒྲིག་བྱས་མ་ཚར་ན།    ཆ་རྐྱེན་དང་འཚམ་པའི་མི་སྣ་དེ་ས་ཞིང་སྤྱོད་མཁན་སྡེ་ཚན་ནམ་ཡང་ན་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན།  དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དག་ཏུ་ལས་ཀ་བཀོད་སྒྲིག་བྱེད་དགོས་པར་མ་ཟད།   དེ་དང་འཚམ་པའི་བཀོད་སྒྲིག་ཁ་གསབ་རོགས་དངུལ་དེ་ངལ་རྩོལ་ནུས་ཤུགས་བསྡུ་ལེན་བྱེད་པའི་སྡེ་ཚན་ལ་བརྒྱུད་སྤྲོད་བྱེད་དགོས།

ས་ཆ་སྡུད་སྤྱོད་བྱ་ཡུལ་སྡེ་ཚན་གྱིས་ས་ཞིང་ཡོངས་རྫོགས་སྡུད་སྤྱོད་བྱས་པ་ཡིན་ན།  ཞིང་ཆེན་དང་།   རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཞིབ་བཤེར་མཆན་བརྒྱུད་དེ་སྔར་ཡོད་ཀྱི་ཞིང་ལས་ཁྱིམ་ཐོ་དེ་ཞིང་ལས་མ་ཡིན་པའི་ཁྱིམ་ཐོ་རུ་བསྒྱུར་ཆོག    སྔར་ཡོད་ཀྱི་ཐུན་མོང་ལ་དབང་བའི་རྒྱུ་ནོར་དང་།   ཐོབ་པའི་སྐྱིན་དངུལ།  བཀོད་སྒྲིག་གི་ཁ་གསབ་རོགས་དངུལ་བཅས་རྫོངང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ཀྱི་ཤང   (གྲོང་རྡལ)དང་སྡེ་བ་བཅས་ཀྱིས་གྲོས་བསྡུར་ཐག་གཅོད་བྱས་ནས།    ཐོན་སྐྱེད་རྩ་འཛུགས་དང་ལས་ཀར་ཞུགས་མི་ཐུབ་པའི་མི་སྣའི་འཚོ་བའི་རོགས་སྐྱོར་ཁ་གསབ་དུ་བཀོལ་བ་ལས། ལྐོག་ཏུ་བགོས་མི་ཆོག                   

དོན་ཚན་སོ་གཉིས་པ།   ཆུ་བེད་དང་ཆུ་གློག་བཟོ་སྐྲུན་ཆེ་འབྲིང་འཛུགས་སྐྲུན་ཐད་ལ་ས་ཞིང་སྡུད་སྤྱོད་བྱས་པའི་སྐྱིན་དངུལ་གྱི་ཚད་གཞི་དང་གནས་སྤོར་ཡུལ་མི་བཀོད་སྒྲིག་བྱེད་པའི་བྱེད་ཐབས་དེ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟུར་དུ་གཏན་འབེབས་བྱེད་དགོས། 

དོན་ཚན་སོ་གསུམ་པ།   བཟོ་སྐྲུན་རྣམས་གྲངས་ལས་འགོ་འཛུགས་པ་ལ་རྒྱུ་ཆ་འཇོག་ས་དང་།   སྐྱེལ་འདྲེན་གྱི་བགྲོད་ལམ།   གཞན་པའི་གནས་སྐབས་ཀྱི་བཀོད་སྒྲིག་སོགས་བྱེད་དགོས་ན།   ཅི་ནུས་ཀྱིས་ས་ཞིང་སྡུད་སྤྱོད་བྱས་པའི་ས་ཆའི་ནང་ཁུལ་ནས་བཀོད་སྒྲིག་བྱེད་དགོས། གནས་སྐབས་སུ་བཀོལ་སྤྱོད་བྱེད་པའི་དངོས་པོ་ཟུར་དུ་ཁ་སྣོན་བྱེད་དགོས་ན།  འཛུགས་སྐྲུན་སྡེ་ཚན་གྱིས་བཟོ་སྐྲུན་རྣམ་གྲངས་སུ་བཀོལ་བའི་ས་ཆ་ཆོག་མཆན་འགོད་མཁན་ལས་ཁུངས་ལ་གནས་སྐབས་བཀོལ་སྤྱོད་བྱེད་པའི་སའི་གྲངས་ཚད་དང་དུས་ཡུན་གྱི་རེ་བདུན་བཏོན་ནས་ཆོག་མཆན་གནང་རྗེས།   ཞིང་ལས་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ལྷན་དུ་ས་ཆ་གནས་སྐབས་སུ་བཀོལ་སྤྱོད་བྱེད་པའི་གྲོས་མཐུན་ཆིངས་ཡིག་འཇོག་དགོས་པར་མ་ཟད།   ས་ཞིང་དེའི་སྔོན་གྱི་ལོ་གསུམ་རིང་གི་ཆ་སྙོམས་ལོ་རེའི་ཐོན་རྫས་རིན་ཐང་ལྟར་ལོ་རེ་བཞིན་སྐྱིན་ཚབ་སྤྲོད་དགོས།   གནས་སྐབས་བཀོལ་སྤྱོད་བྱེད་པའི་ས་ཐོག་ཏུ་གཏན་སྡོད་རང་བཞིན་གྱི་འཐུགས་སྐྲུན་བྱེད་མི་ཆོག    བཀོལ་སྤྱོད་ཀྱི་དུས་ཡུན་རྫོགས་རྗེས་འཛུགས་སྐྲུན་སྡེ་ཚན་གྱིས་ས་ཞིང་གི་ཐོན་སྐྱེད་ཆ་རྐྱེན་བསྐྱར་གསོ་བྱས་ནས་དུས་ཐོག་ཏུ་ཕྱིར་སྤྲོད་དགོས།

ས་ཐོག་སྐུད་ལམ་འཐེན་པ་དང་།   ས་འོག་སྦུ་གུ་འདྲེན་པ།   ས་འོག་ནས་ཨར་ལས་འཛུགས་སྐྲུན་བྱེད་པ།  ས་གཤིས་རྩད་ཞིབ་བྱེད་པ་སོགས་ཀྱི་ཐད་ལ་གནས་སྐབས་སུ་ས་ཞིངང་བཀོལ་སྤྱོད་བྱེད་དགོས་ན།   ས་གནས་དེ་གའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་དགོས་པར་མ་ཟད།   གོང་གི་གཏན་འབེབས་ལྟར་སྐྱིན་ཚབ་སྤྲོད་དགོས།    འཛུགས་སྐྲུན་སྡེ་ཚན་གྱིས་འཛུགས་སྐྲུན་ས་ཆ་འདེམ་པར་ས་ཆ་རྩད་ཞིབ་ཐིག་ལེན་བྱེད་དགོས་ན།   ས་གནས་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཡིད་འཐད་ཡོང་བ་བྱེད་དགོས་ན།   ས་གནས་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཡིད་འཐད་ཡོང་བ་བྱེད་དགོས་ལ།   གནོད་སྐྱོན་བཟོས་ན་འོས་འཚམ་སྐྱིན་ཚབ་སྟེར་དགོས།

དོན་ཚན་སོ་བཞི་པ།     རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ལ་རྒྱལ་ཁབ་ལ་དབང་བའི་རི་རྒོད་དང་།  ས་རྒོད།   སྡེ་ཚན་གཞན་གྱི་ས་ཞིང་བཅས་བཀོལ་སྤྱོད་བྱེད་དགོས་ན། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ལ་ས་ཞིང་སྡུད་སྤྱོད་བྱེད་པའི་གོ་རིམ་དང་ཆོག་མཆན་ཚད་གཞི་ལྟར་ཆོག་འགོད་བརྒྱུད་རྗེས་བཅལ་སྤྲོད་བྱེད་དགོས།   རྒྱལ་ཁབ་ལ་དབང་བའི་རི་རྒོད་བཀོལ་སྤྱོད་བྱེད་པ་ཡིན་ན།   སྐྱིན་ཚབ་མེད་པར་བཅལ་སྤྲོད་བྱེད་དགོས།  གཞན་པའི་སྡེ་ཚན་གྱིས་རྒྱལ་ཁབ་ལ་དབང་བའི་ས་ཞིང་བཀོལ་སྤྱོད་བྱས་ནས་སྔོན་མའི་བཀོལ་སྤྱོད་བྱེད་པའི་སྡེ་ཚན་ལ་གྱོང་གུད་ཐེབས་ཚེ།   འཛུགས་སྐྲུན་སྡེ་ཚན་གྱིས་སྐྱིན་ཚབ་འོས་འཚམ་སྤྲོད་དགོས།    སྔོན་མའི་བཀོལ་སྤྱོད་སྡེ་ཚན་གནས་སྤོར་བྱེད་དགོས་བྱུང་ན་འཛུགས་སྐྲུན་སྡེ་ཚན་གྱིས་གནས་སྤོར་བྱེད་པའི་འགན་འཁུར་དགོས། 

དོན་ཚན་སོ་ལྔ་པ།    གྲོང་ཁྱེར་གྱི་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་གྱིས་འཛུགས་སྐྲུན་བྱེད་པར་ས་ཞིང་བཀོལ་སྤྱོད་བྱེད་དགོས་བྱུང་ན།  ལེའུ་འདིའི་གཏན་འབེབས་ལྟར་སྒྲུབ་དགོས། 

དོན་ཚན་སོ་དྲུག་པ།   དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས་དང་།  གྲོང་ཁྱེར་གྱི་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་ཞིང་ལས་ཐུན་མོང་དཁལ་འབྱོར་རྩ་འཛུགས་དང་མཉམ་དུ་མ་དངུལ་བཏང་ནས་སྒྲུབ་པའི་ཁེ་ལས་ཀྱིས་ཐུན་མོང་ལ་དབང་བའི་ས་ཞིང་བཀོལ་སྤྱོད་བྱེད་དགོས་ན།   ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་གཉེར་སྡེ་ཁག་གམ་ཡང་ན་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་ལྟར་ཆོག་མཆན་གནང་བའི་ཇུས་འགོད་ལས་འགན་ཡི་གེའམ་ཡང་ན་ཆོག་མཆན་ཡིག་ཆ་གཞན་པ་གཞིར་བཟུང་ནས།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ས་ཞིང་དོ་དམ་སྡེ་ཁག་ལ་རེ་འདུན་བཏོན་ཏེ།   རྒྱལ་ཁབ་འཛུགས་སྐྲུན་ཐད་ས་ཞིང་སྡུད་སྤྱོད་བྱེད་པའི་ཆོག་མཆན་ཐོབ་པའི་ཚད་གཞི་རྫོང་རིམ་པ་ཡན་པགྱི་མི་དམངས་སྲིད་གཞུང་གི་ཆོག་མཆན་བརྒྱུད་དགོས།   བཀོལ་སྤྱོད་བྱེད་པར་ཆོག་མཆན་ཐོབ་པའི་ས་ཞིང་དེ།    རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་དུ་ས་ཞིང་སྡུད་སྤྱོད་བྱེད་པའི་གཏན་འབེབས་ལྟར་སྡུད་སྤྱོད་ལག་བསྟར་བྱས་ཆོག་ལ།   ཞིང་ལས་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་གྲོས་མཐུན་ལྟར་ས་ཞིང་གི་བཀོལ་སྤྱོད་དབང་ཆ་དེ་མཉམ་སྒྲུབ་ཆ་རྐྱེན་དུ་རྩིས་ཆོག

ཞང་དང་གྲོང་རྡལ།    སྡེ་བ་བཅས་ཀྱི་འཛུགས་སྐྲུན་ཐད་བཀོལ་བའི་ས་ཞིང་།

དོན་ཚན་སོ་བདུན་པ།   ཤང(གྲོང་རྡལ)དང་སྡེ་བའི་འཛུགས་སྐྲུན་ནི།   ལུགས་མཐུན་གྱིས་འགྲེམ་བཀོད་བྱེད་པ་དང་གྲོན་ཆུང་སྒོས་ས་ཞིང་བཀོལ་སྤྱོད་བྱེད་དགོས་པའི་རྩ་དོན་ལྟར་འཆར་འགོད་བཟོས་ཏེ།   རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་མཆོག་མཆན་བརྒྱུད་ནས་ལག་བསྟར་བྱེད་དགོས།   གྲོང་ཁྱེར་གྱི་འཆར་འགོད་ས་ཁུལ་ནང་ཁུལ་གྱི་ཤང (གྲོང་རྡལ)དང་སྡེ་བའི་འཛུགས་སྐྲུན་གྱི་འཆར་འགོད་དེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆོག་མཆན་བརྒྱུད་ནས་ལག་བསྟར་བྱེད་དགོས། 

ཞིང་སྡེའི་སྡོད་དམངས་ཀྱི་འདུག་ཁང་གི་འཛུགས་སྐྲུན་དང་།   ཤང(གྲོང་རྡལ)དང་སྡེ་བའི་ཁེ་ལས་འཛུགས་སྐྲུན།   ཤང (གྲོང་རྡལ)དང་སྡེ་བའི་སྤྱི་སྤྱོད་སྒྲིག་བཀོད།  སྤྱི་ཕན་ལས་དོན་གྱི་འཛུགས་སྐྲུན་སོགས་ནི་།  ཤང(གྲོང་རྡལ)དང་སྡེ་བའི་འཛུགས་སྐྲུན་གྱི་འཆར་འགོད་ལྟར་སྒྲུབ་དགོས།

དོན་ཚན་སོ་བརྒྱད་པ།   ཞིང་སྡེ་སྡོད་དམངས་ཀྱི་འདུག་ཁང་བསྐྲུན་པར།   གང་ནུས་ཀྱིས་སྔར་ཡོད་ཀྱི་ཁང་བའི་གཞི་ས་དང་སྡེ་བའི་གི་ས་སྟོང་བཀོལ་སྤྱོད་བྱེད་དགོས།   རྨོ་ཞིང་བཀོལ་སྤྱོད་བྱེད་དགོས་ན།  ཤང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིབ་བཤེར་རྩིས་ལེན་བརྒྱུད་རྗེས།   རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་ཡར་ཞུ་ཆོག་མཆན་གནང་དུ་འཇུག་དགོས།   སྔར་ཡོད་ཀྱི་ཁང་བའི་གཞི་ས་དང་སྡེ་བའི་ནང་གི་ས་སྟོང་།   ས་ཆ་གཞན་པ་བཅས་བཀོལ་སྤྱོད་བྱེད་ན།   ཤང་རིམ་པའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་དགོས། 

ཞིང་སྡེ་སྡོད་དམངས་ཀྱིས་འདུག་ཁང་བསྐྲུན་པར་ས་ཞིང་བཀོལ་སྤྱོད་བྱེད་ན།     ཞིང་ཆེན་དང་།   རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་ལས་བརྒལ་མི་ཆོག

འདུག་ཁང་ཕྱིར་བཅོང་བ་དང་ཕྱིར་གླས་རྗེས།   ཡང་བསྐྱར་ཁང་བའི་གཞི་ས་ལེན་པའི་རེ་འདུན་ཞུབ་བར་ཆོག་མཆན་གནང་མི་ཆོག 

དོན་ཚན་སོ་དགུ་པ།   ཤང  (གྲོང་རྡལ)དང་སྡེ་བའི་ཁེ་ལས་འཛུགས་སྐྲུན་ཐད་ས་ཞིང་བཀོལ་སྤྱོད་བྱེད་དགོས་བྱུང་ན།   ངེས་པར་དུ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནངང་བའི་ཇུས་འགོད་འགན་ནུས་ཡི་གེ་དང་ཡང་ན་ཆོག་མཆན་ཡིག་ཆ་གཞན་པ་གཞིར་བཟུང་སྟེ།   རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ས་ཞིང་དོ་དམ་སྡེ་ཁག་ལ་རེ་འདུན་འདོན་དགོས་པར་མ་ཟད།   ཞིང་ཆེན་དང་། རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱས་པའི་ཆོག་མཆན་ཐོབ་པའི་ཚད་གཞི་ལྟར་རྫོང་རིམ་པ་ཡན་གྱི་ས་གནཔས་མི་དམངས་སྲིད་གཞུང་གིས་ཆོག་མཆན་འགོད་དགོས། 

ཤང(གྲོང་རྡལ)དང་སྡེ་བའི་ཁེ་ལས་འཛུགས་སྐྲུན་ཐད་ས་ཆ་བཀོལ་སྤྱོད་བྱེད་པ་ངེས་པར་དུ་ཚོད་འཛིན་ནན་མོ་བྱེད་དགོས།

ཞིང་ཆེན་དང་།  རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་ཤང(གྲོང་རྡལ)དང་སྡེ་བའི་ཀེ་ལས་ཀྱི་ལས་རིགས་མི་འདྲ་བ་དང་བདག་གཉེར་གྱི་གཞི་ཁྱོན་མི་འདྲ་བ་སོ་སོར་ས་ཆ་བཀོལ་སྤྱོད་ཀྱི་ཚད་གཞི་གཏན་འབེབས་བྱས་ཆོག

ཤང་གི(གྲོང་རྡལ)ཁེ་ལས་འཛུགས་སྐྲུན་ཐད་ཞིང་བ་ཐུན་མོང་ལ་དབང་བའི་ས་ཞིང་བཀོལ་སྤྱོད་བྱེད་ན།   ཞིང་ཆེན་དང་།   རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་གཏན་འབེབས་ལྟར།   ས་ཞིང་བཀོལ་སྤྱོད་བྱ་ཡུལ་སྡེ་ཚན་ལ་སྐྱིན་ཚབ་འོས་འཚམ་སྤྲོད་དགོས་པར་མ་ཟད།   ཞིང་བའི་ཐོན་སྐྱེད་དང་འཚོ་བར་བཀོད་སྒྲིག་འོས་འཚམ་བྱེད་དགོས།

དོན་ཚན་བཞི་བཅུ་པ།   ཤང(གྲོང་རྡལ)དང་སྡེ་བའི་ཐུན་མོང་གི་སྒྲིག་བཀོད་དང་སྤྱི་ཕན་ལས་དོན་གྱི་འཛུགས་སྐྲུན་ཐད་ལ་ས་ཞིང་བཀོལ་སྤྱོད་བྱེད་དགོས་ཚེ།   ཤང་རིམ་པའི་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་བརྒྱུད་དེ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ས་ཞིང་དོ་དམ་སྡེ་ཁག་ལ་རེ་འདུན་ཞུས་ནུས།   ཞིང་ཆེན་དང་།   རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱས་པའི་ཆོག་མཆན་ཚད་གཞི་ལྟར།   རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་དགོས། 

དོན་ཚན་ཞེ་གཅིག་པ།     གྲོང་རྡལ་གྱི་ཞིང་ལས་ཁྱིམ་ཐོ་མ་ཡིན་པའི་སྡོད་དམངས་ཀྱིས་འདུག་ཁང་བསྐྲུན་ཆེད།   ཐུན་མོང་ལ་དབང་བའི་ས་ཞིང་བཀོལ་སྤྱོད་བྱེད་དགོས་ཚེ།    ངེས་པར་དུ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོག་མཆན་བརྒྱུད་དགོས་པ་དང་དེ་བཀོལ་བའི་ས་ཆའི་རྒྱ་ཁྱོན་དེ།   ཞིང་ཆེན་དང་།   རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་ལས་བརྒལ་མི་ཆོག་པར་མ་ཟད།   རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ས་ཞིང་སྡུད་སྤྱོད་བྱེད་པའི་ཆད་གཞི་ལ་ཟུར་ལྟ་བྱས་ནས་སྐྱིན་དངུལ་དང་བཀོལ་སྒྲིག་གི་ཁ་གསབ་རོགས་དངུལ་སྤྲོད་དགོས།

དོན་ཚན་ཞེ་གཉིས་པ།    ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཤང(གྲོང་རྡལ)དང་སྡེ་བའི་འཛུགས་སྐྲུན་ཐད་ས་ཆ་བཀོལ་བའི་འཛིན་ཚད་གཞི་གཏན་འབེབས་བྱས་ཆོག་ལ།   རིམ་པ་གཅིག་ལས་མཐོ་བའི་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་ཐོབ་རྗེས་ད་གཟོད་ལག་བསྟར་བྱེད་དགོས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།