འཕྲུལ་ཆས་འགུལ་སྐྱོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཕྲུལ་ཆས་འགུལ་སྐྱོད།
འགུལ་ནུས་དང་སྟོབས་ནུས་ཀྱི་སྡོམ་ལ་འཕྲུལ་ཆས་ནུས་པ་ཟེར། མིས་བཟོས་སའི་གོ་ལའི་འཁོར་སྐར་གྱིས་རླུང་ཁམས་ཆེན་པོའི་ཕྱི་རོལ་ན་སའི་གོ་ལར་བསྐོར་ནས་འཁོར་རྒྱུག་བྱེད་བཞིན་ཡོད། དེའི་འགྲོས་ཚད་ཧ་ཅང་མགྱོགས་པས། ཉིན་གཅིག་ལ་སའི་གོ་ལར་སྐོར་བ་ཐེངས་འགའ་ནས་བཅུ་ལྷག་རྒྱག་ཐུབ་ལ། ཆ་འཕྲིན་ཧ་ཅང་མང་པོ་མྱུར་དུ་སྡུད་ལེན་བྱེད་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
机械运动
ཕྱི་ཡིག་གི་མིང་།
mechanicalmotion
1 འཕྲུལ་ཆས་ནུས་པ།

个.png

འགུལ་ནུས་དང་སྟོབས་ནུས་ཀྱི་སྡོམ་ལ་འཕྲུལ་ཆས་ནུས་པ(mechanic energy)ཟེར། འགུལ་ནུས་ནི་དངོས་གཟུགས་འགུལ་སྐྱོད་བྱེད་སྐབས་ལྡན་པའི་ནུས་ཚད་ཡིན། སྟོབས་ནུས་ནི་ཉར་གསོག་བྱས་པའི་ནུས་ཚད་ཡིན། འགུལ་ནུས་དང་སྟོབས་ནུས་ཕན་ཚུན་དུ་འཕོ་འགྱུར་འབྱུང་ཐུབ། གལ་ཏེ་འགུལ་ནུས་དང་སྟོབས་ནུས་ཁོ་ན་ཕན་ཚུན་དུ་འཕོ་འགྱུར་བྱུང་ན། འཕྲུལ་ཆས་ནུས་པའི་སྤྱི་སྡོམ་མི་འགྱུར། ཡང་ན་འཕྲུལ་ཆས་ནུས་པ་བརྟན་སྲུང་ཡིན་ཞེས་བཤད་ཆོག

2 མིས་བཟོས་སའི་གོ་ལའི་འཁོར་སྐར།

方法000.png

མིས་བཟོས་སའི་གོ་ལའི་འཁོར་སྐར་གྱིས་རླུང་ཁམས་ཆེན་པོའི་ཕྱི་རོལ་ན་སའི་གོ་ལར་བསྐོར་ནས་འཁོར་རྒྱུག་བྱེད་བཞིན་ཡོད། དེའི་འགྲོས་ཚད་ཧ་ཅང་མགྱོགས་པས། ཉིན་གཅིག་ལ་སའི་གོ་ལར་སྐོར་བ་ཐེངས་འགའ་ནས་བཅུ་ལྷག་རྒྱག་ཐུབ་ལ། ཆ་འཕྲིན་ཧ་ཅང་མང་པོ་མྱུར་དུ་སྡུད་ལེན་བྱེད་ཐུབ། དེའི་ཕྱིར་མིས་བཟོས་འཁོར་སྐར་ནི་འཛམ་གླིང་ཡོངས་ཀྱི་འཕྲིན་གཏོང་དང་། དམག་དོན་མྱུལ་ཞིབ། གནམ་གཤིས་ལྟ་དཔྱད། ཐོན་ཁུངས་ཡོངས་ཁྱབ་རྩད་ཞིབ། ཁོར་ཡུག་ལྟ་ཞིབ་ཚད་ལེན། ས་གཞི་ཆེན་པོའི་ཚད་འཇལ་སོགས་ཀྱི་ཐད་དུ་སྤྱོད་སྒོ་རྒྱ་ཆེན་ལྡན། 1957ལོའི་ཟླ10བའི་ཚེས4ཉིན། སུའུ་ལེན་གྱིས་འཛམ་གླིང་སྟེང་གི་མིས་བཟོས་སའི་ཧོ་ལའི་འཁོར་སྐར་དང་པོ་བཏང་། ཨ་མེ་རི་ཁས་ཀྱང་1958ལོའི་ཟླ2པའི་ཚེས1ཉིན་མིས་བཟོས་སའི་གོ་ལའི་འཁོར་སྐར་བཏང་། 1970ལོའི་ཟླ4བའི་ཚེས24ཉིན། ཀྲུང་གོས་རང་གིས་བཟོས་པའི་མིས་བཟོས་འཁོར་སྐར་དང་པོ་བཏང་བ་ལེགས་གྲུབ་བྱུང་། འཁོར་སྐར་འཁོར་ལམ་དེ་སའི་གོ་ལ་དང་ཐག་ཉེ་སའི་གནམ་ཀྱི་མཐོ་ཚད439kmཡིན་པ་དང་། སའི་གོ་ལ་དང་རྒྱང་ཐག་རིང་སའི་གནས་ཀྱི་མཐོ་ཚད་2384kmཡིན། འཁོར་ལམ་གྱི་སྙོམས་ངོས་དང་སའི་གོ་ལའི་ཐིག་དམར་སྙོམས་ངོས་ཀྱི་བཙུར་ཟུར68.5°ཡིན་ལ། སའི་གོ་ལར་སྐོར་བ་ཐེངས་གཅིག་རྒྱག་པར114minདགོས། འཁོར་སྐར་གྱི་སྤུས་ཚད173kgཡིན་པ་དང་། 20.009MHzཡི་ཟློས་ཕྱོད་ཀྱིས“ཤར་ཕྱོགས་དམར”ཞེས་པའི་རོལ་དབྱངས་གཏོང་བ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།