ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་སྲོལ་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་སྲོལ་ཡིག
སྤྱི་ལོ1998ལོའི་ཟླ12པའི་ཚེས27ཉིན་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཨང256པས་ཁྱབ་བསྒྲགས་བྱས་ཤིང་། སྤྱི་ལོ1999ལོའི་ཟླ1ཚེས1ཉིན་དངོས་སུ་ལག་བསྟར་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国土地管理法实施条例
གཏན་འབེབས་ལས་ཁུངས།
རྒྱལ་སྲིད་སྤྱི་ཁྱབ་ཁང་།
ཁྱབ་བསྒྲགས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཨང256པ།
ལག་བསྟར་དུས་ཚོད།
སྤྱི་ལོ1999ལོའི་ཟླ1པོའི་ཚེས1ཉིན།
གྲོས་འཆམ་བྱུང་དུས།
སྤྱི་ལོ1998ལོའི་ཟླ12པའི་ཚེས24ཉིན།
1 ལེའུ་དང་པོ།  སྤྱིའི་དོན་ཚན།

དོན་ཚན་དང་པོ། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་ཀྱི་བཅའ་ཁྲིམས»གཞིར་བཟུང་ནས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

2 ལེའུ་གཉིས་པ། ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་སྐོར།

དོན་ཚན་གཉིས་པ། གཤམ་གསལ་གྱི་ས་ཆ་དག་དམངས་ཡོངས་ལ་དབང་པ་སྟེ་རྒྱལ་ཁབ་ལ་དབང་པ་ཡིན།

(གཅིག )གྲོང་ཁྱེར་ཉེ་འདབས་ཀྱི་ས་ཆ།

(གཉིས) གྲོང་གསེབ་དང་གྲོང་ཁྱེར་ཉེ་འདབས་ཀྱི་ཁྲིམས་ལྟར་གཞུང་བཞེས་དང་བསྡུ་སྤྱོད། བསྡུ་ཉོ་བཅས་བྱས་ཟིན་པའི་རྒྱལ་ཁབ་གཞུང་ལ་དབང་པའི་ས་ཆ།

(གསུམ)རྒྱལ་ཁབ་ཀྱིས་ཁྲིམས་ལྟར་བསྡུ་སྤྱོད་བྱས་པའི་ས་ཆ།

(བཞི)ཁྲིམས་ལྟར་ཐུན་མོང་ལ་མི་དབང་པའི་ནགས་ས་དང་། རྩ་ས། ས་རྒོད། གྲམ་ཐང་བཅས་དང་དེ་མིན་གྱི་ས་ཆ་གཞན་དག

(ལྔ)གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཡོངས་རྫོགས་གྲོང་ཁྱེར་དང་གྲོང་བརྡལ་གྱི་སྡོད་དམངས་དུ་བསྒྱུར་རིགས་ཀྱི་དེ་སྔ་ཁོངས་མི་དེ་གའི་ཐུན་མོང་ལ་དབང་བའི་ས་ཆ།

(དྲུག) རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ཏེ་ཡུལ་མི་གནས་སྤོ་བ་དང་རང་བྱུང་གནོད་འཚེ་བྱུང་བ་ལ་སོགས་ཀྱི་དབང་གིས་ཞིང་བ་ཐུན་མོང་དུ་གནས་སྤོས་རྗེས་བཀོལ་སྤྱོད་མི་བྱེད་པའི་སྔར་གནས་སྤོས་ཞིང་བ་ཐུན་མོང་ལ་དབང་བའི་ས་ཆ།

དོན་ཚན་གསུམ་པ།     རྒྱུལ་ཁབ་ཀྱིས་ཁྲིམས་ལྟར་ས་ཆ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ།   ཁྲིམས་ལྟར་ཐོ་འགོད་བྱས་ཟིན་པའི་ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པས།  སྡེ་ཚན་དང་མི་གང་རུང་སུས་ཀྱང་དེར་གནོད་འཚེ་བཏང་མི་ཆོག   ས་ཆ་ཐོ་འགོད་བྱེད་རྒྱུའི་ནང་དོན་དང་ས་ཆ་སུ་ལ་དབང་སྐོར་གྱི་ལག་ཁྱེར་གྱི་བཟོ་དབྱིབས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཅིག་སྡུད་ཀྱི་གཏན་ཁེལ་བྱ་རྒྱུ།ས་ཆ་ཐོ་འགོད་བྱེད་རྒྱུའི་ནང་དོན་དང་ས་ཆ་སུ་ལ་དབང་སྐོར་གྱི་ལག་ཁྱེར་གྱི་བཟོ་དབྱིབས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཅིག་སྡུད་ཀྱིས་གཏན་ཁེལ་བྱ་རྒྱུ། ས་ཆ་ཐོ་འགོད་ཀྱི་དཔྱད་གཞིའི་ཡིག་རིགས་ལ་མངོན་གསལ་དུ་འདྲི་འཚོལ་བྱས་ཆོགནགས་ས་དང་རྩྭ་ས་བདག་འཛིན་བྱེད་དབང་ངམ་ཡང་ན་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་དང་། ཆུ་ཐོག་དང་གྲམ་ཐང་དུ་གསོ་སྤེལ་བྱེད་རྒྱུའི་བཀོལ་སྤྱོད་བྱེད་དབང་གཏལ་འཁེལ་བྱེད་སྐབས།《ནགས་ཚལ་སྐོར་གྱི་བཅའ་ཁྲིམས》དང་། 《རྩྭ་སའི་སྐོར་གྱི་བཅའ་ཁྲིམས》《ཉ་ལས་སྐོར་གྱི་བཅའ་ཁྲིམས》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སོ་སོར་དབྱེ་ནས་སྒྲུབ་རྒྱུ།

དོན་ཚན་བཞི་བ། ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་ལ་ས་ཆ་བདག་འཛིན་བྱེད་མཁན་གྱིས་ས་ཆ་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ས་ཆའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ས་ཆ་ཐོ་འགོད་བྱེད་རྒྱུའི་རེ་འདུན་ཞུ་རྒྱུ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཐོ་གཞུང་བཟོས་ཏེ་ཐུན་མོང་གི་ས་ཆ་བདག་འཛིན་བྱེད་དབང་ལག་ཁྱེར་སྤྲད་ནས་བདག་འཛིན་བྱེད་དབང་གཏན་འཁེལ་བྱ་རྒྱུ།ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་ཁྲིམས་ལྟར་ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་ཐད་བཀོལ་རིགས་རྣམས་ས་ཆ་བཀོལ་སྤྱོད་བྱེད་མཁན་གྱིས་ས་ཆ་དེ་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ས་ཆའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ས་ཆ་ཐོ་འགོད་བྱེད་རྒྱུའི་རེ་འདུན་ཞུ་རྒྱུ་དང་།རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཐོ་གཞུང་བཟོས་ཏེ་ཐུན་མོང་གི་ས་ཆ་བཀོལ་སྤྱོད་བྱེད་དབང་ལག་ཁྱེར་སྤྲད་ནས་འཛུགས་སྐྲུན་ཐད་བཀོལ་བའི་ས་ཆ་བེད་སྤྱོད་བྱེད་དབང་གཏན་འཁེལ་བྱ་རྒྱུ།ཆུས་བཙུགས་པའི་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་མངའ་ཁོངས་ཀྱི་ཆུས་ནང་གི་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆའི་གཅིག་སྡུད་ཀྱིས་ཐོ་འགོད་བྱ་རྒྱུ།

དོན་ཚན་ལྔ་བ། སྡེ་ཚན་དང་མི་སྒེར་ནས་ཁྲིམས་ལྟར་བཀོལ་སྤྱོད་བྱེད་པའི་རྒྱལ་ཁབ་ལ་དབང་བའི་ས་ཆ་རྣམས་ས་ཆ་བཀོལ་སྤྱོད་བྱེད་མཁན་གྱིས་ས་ཆ་དེ་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ས་ཆའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ས་ཆ་ཐོ་འགོད་བྱེད་རྒྱུའི་རེ་འདུན་ཞུ་རྒྱུ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཐོ་གཞུང་བཟོས་ཏེ་རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་ལག་ཁྱེར་སྤྲད་ནས་འཛུགས་སྐྲུན་ཐད་བཀོལ་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་ཁེལ་བྱ་རྒྱུ། དེའི་ཁྲོད་ལས་ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་ཀྱིས་བཀོལ་སྤྱོད་བྱེད་པའི་རྒྱལ་ཁབ་ལ་དབང་བའི་ས་ཆ་ལ་ཐོ་འགོད་དང་ལག་ཁྱེར་སྤྲོད་རྒྱུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཆའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་འཁུར་རྒྱུ་དང་། ཐོ་འགོད་དང་ལག་ཁྱེར་སྤྲོད་སྟངས་དངོས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཆའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་ལས་དོན་དོ་དམ་ཅུའུ་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འཁེལ་བྱ་རྒྱུ།བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱས་མེད་པའི་ས་ཆ་རྣམས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐོ་འགོད་དང་ཐོ་གཞུང་བཟོས་ནས་སྲུང་སྐྱོབ་དང་དོ་དམ་བྱེད་རྒྱུ།

དོན་ཚན་དྲུག་པ། ཁྲིམས་ལྟར་ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་བསྒྱུར་དགོས་རིགས་དང་། ཁྲིམས་ལྟར་ས་ཐོག་གི་ཨར་ལས་དངོས་རིགས་དང་བཟོ་བཀོད་དངོས་པོ་བཅས་ལ་སོགས་པའི་ཟུར་འབྱར་དངོས་རིགས་བཤུག་སྤྲོད་བྱས་རྐྱེན་ས་ཆ་བཀོལ་སྤྱོད་བྱེད་དབང་སྒྱུར་དགོས་རིགས་རྣམས་ངེས་པར་དུ་ས་ཆ་དེ་གནས་སའི་རྫོང་རིམ་པ་ཡིན་གྱི་མི་དམངས་སྲིད་གཞུང་གི་ས་ཆའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ས་ཆ་སྒྱུར་བའི་ཐོ་འགོད་བྱེད་རྒྱུའི་རེ་འདུན་ཞུ་རྒྱུ་དང་།  དེ་སྔའི་ས་ཆར་ཐོ་འགོད་བྱེད་པའི་ལས་ཁུངས་ཀྱི་ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་སྒྱུར་བའི་ཐོ་འགོད་བྱེད་རྒྱུ།  ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་སྒྱུར་ཉིན་ནས་བཟུང་ནུས་པ་ཐོན་རྒྱུ།ཁྲིམས་ལྟར་ས་ཆའི་སྤྱོད་སྒོ་སྒྱུར་དགོས་རིགས་ཀྱིས་ཆོག་མཆན་ཐོབ་པའི་ཡིག་ཆ་བཟུང་སྟེ་ས་ཆ་དེ་གནས་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་ཆའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ས་ཆ་སྒྱུར་བའི་ཐོ་འགོད་བྱེད་རྒྱུའི་རེ་འདུན་ཞུ་རྒྱུ་དང་། དེ་སྔའི་ཆར་ཐོ་འགོད་བྱས་པའི་ལས་ཁུངས་ཀྱིས་ཁྲིམས་ལྟར་ས་ཆའི་སྤྱོད་སྒོ་སྒྱུར་བའི་ཐོ་འགོད་བྱེད་རྒྱུ།

དོན་ཚན་བདུན་པ། 《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར། ས་ཆ་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱི་ས་ཆ་བཀོལ་སྤྱོད་བྱེད་དབང་ཚུར་བསྡུ་དགོས་རིགས་ལ་དེ་སྔའི་ཆ་ཐོ་འགོད་བྱེད་མཁན་ལས་ཁུངས་ཀྱིས་ས་ཆ་ཐོ་འགོད་བྱས་པ་ཐོ་ཁོངས་ནས་སུབ་རྒྱུ།ས་ཆ་བེད་སྤྱོད་བྱེད་དབང་རིན་དོད་ཡོད་པར་བཀོལ་སྤྱོད་བྱེད་རྒྱུའི་གན་རྒྱ་རུ་ཁ་ཆད་བྱས་པའི་དུས་ཚད་གང་རྗེས། ས་ཆ་བཀོལ་སྤྱོད་བྱེད་མཁན་ནས་དུས་ཡུན་བསྲིང་རྒྱུའི་རེ་འདུན་མ་ཞུས་པའམ་ཡང་ན་དུས་ཡུན་བསྲིང་རྒྱུའི་རེ་འདུན་ཞུས་ཀྱང་ཆོག་མཆན་མ་བཀོད་པའི་རིགས་ལ་དེ་སྔའི་ས་ཆ་ཐོ་འགོད་བྱེད་མཁན་ལས་ཁུངས་ཀྱིས་ས་ཆ་ཐོ་འགོད་བྱས་པ་ཐོ་ཁོངས་ནས་སུབ་རྒྱུ།

3 ལེའུ་གསུམ་པ། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིའི་སྐོར།

དོན་ཚན་བརྒྱད་པ། རྒྱལ་ཡོངས་ཀྱི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཆའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བཟོ་འགོད་བྱེད་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་འགོད་རྒྱུ།ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དག་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རང་རིམ་པའི་ས་ཆའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་རྩ་འཛུགས་བྱས་ནས་བཟོ་འགོད་བྱེད་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་འགོད་རྒྱུ།ཞིང་ཆེན་དང་། རང་སྐྱོང་ལྗོངས་ཀྱི་མི་དམངས་སྲིད་གཞུང་གནས་སའི་གྲོང་ཁྱེར་དང་།མི་གྲངས་ཁྲི100ཡན་ཡོད་པའི་གྲོང་ཁྱེར་དང་དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་གྲོང་ཁྱེར་གྱི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དག་གྲོང་ཁྱེར་དེ་ག་སོ་སོའི་མི་དམངས་སྲིད་གཞུང་གིས་རང་རིམ་པའི་ས་ཆའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་རྩ་འཛུགས་བྱས་ཏེ་བཟོ་འགོད་བྱ་རྒྱུ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས་ཀྱི་མི་དམངས་སྲིད་གཞུང་ནས་ཞིབ་བཤེར་བྱས་ཏེ་འཐད་པ་བྱུང་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་འགོད་དགོས།

དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོ་དང་། དོན་ཚན་གཉིས་པ། དོན་ཚན་གུསམ་པ་བཅས་མ་ཚུད་པའི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དག་འབྲེལ་ཡོད་ཀྱི་མི་དམངས་སྲིད་གཞུང་གིས་རང་རིམ་པའི་ས་ཆ་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་རྩ་འཛུགས་བྱས་ཏེ་བཟོ་འགོད་བྱ་རྒྱུ་དང་། རིམ་པ་ལྟར་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་ཞུས་ཏེ་ཆོག་མཆན་འགོད་རྒྱུ། དེ་ལས་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་ནས་བཟོ་འགོད་བྱ་རྒྱུ་དང་། རིམ་པ་ལྟར་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ངམ་ཡང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་དབང་བཅོལ་བའི་ཆུས་བཙུགས་པའི་གྲོང་ཁྱེར་དང་། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་འགོད་དགོས།

དོན་ཚན་དགུ་པ།   ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་འཆར་འགོད་བྱེད་པའི་ཡུན་ཚད་སྤྱིར་བཏང་དུ་ལོ15ཡིན།

དོན་ཚན་བཅུ་བ།   《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་འཆར་འགོད་བྱེད་སྐབས། ས་ཆ་དག་ཞིང་སྤྱོད་ས་ཆ་དང་། འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ། བེད་སྤྱད་མེད་པའི་ས་ཆ་བཅས་སུ་དབྱེ་འབྱེད་བྱ་རྒྱུ།

རྫོང་རིམ་པ་དང་ཞང(གྲོང་རྡལ)ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དག་དགོས་མཁོ་ལ་གཞིགས་ནས་གཞི་རྩའི་ཞིང་ཁ་སྲུང་སྐྱོང་བྱེད་ཁུལ་དང་། ས་ཆ་གསར་སྦོལ་བྱེད་ཁུལ། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་དང་གསར་སྦོལ་བྱེད་མི་ཆོག་པའི་ས་ཁུལ་བཅས་སུ་དབྱེ་འབྱེད་བྱ་རྒྱུ། དེའི་ནང་གི་ཞང(གྲོང་རྡལ)ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་ལ་ས་ཆ་བཀོལ་སྤྱོད་བྱེད་རྒྱུའི་ཆ་རྐྱེན་ལ་གཞིགས་ནས་ས་ཆ་དེ་དག་ཚང་མའི་སྤྱོད་སྒོ་གཏན་འཁེལ་བྱ་དགོས།

ས་ཆར་རིགས་འབྱེད་པ་དང་ས་ཆ་བེད་སྤྱོད་བྱེད་ཁུལ་འབྱེད་པའི་བྱེད་ཐབས་དངོས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་དོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ལྷན་དུ་གཏན་འབེབས་བྱ་རྒྱུ།

དོན་ཚན་བཅུ་གཅིག་པ།    ཞང(གྲོང་རྡལ)གི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་ཁྲིམས་ལྟར་ཆོག་མཆན་ཐོབ་རྗེས། ཞང(གྲོང་རྡལ)གི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་རང་གི་ནང་ནས་སྤྱི་བསྒྲགས་བྱ་དགོས།

སྤྱི་བསྒྲགས་བྱ་རྒྱུའི་ནང་དོན་ལ་གཤམ་གསལ་གྱི་དོན་ཚན་དག་འདུ་སྟེ།

(གཅིག)འཆར་འགོད་ཀྱི་དམིགས་ཚད།

(གཉིས)འཆར་འགོད་ཡུན་ཚད།

(གསུམ)འཆར་འགོད་ཀྱི་གཞི་ཁྱོན།

(བཞི)ས་ཆའི་སྤྱོད་སྒོ།

(ལྔ)ཆོག་མཆན་བཀོད་སའི་ལས་ཁུངས་དང་ཆོག་མཆན་བཀོད་པའི་ཚེས་གྲངས།

དོན་ཚན་བཅུ་གཉིས།  《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ལས། དོན་ཚན་ཉེར་དྲུག་པའི་ནང་གསེས་དོན་ཚན་གཉིས་པ་དང་གསུམ་པའི་གཏན་ཁེལ་ལྟར་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་བཟོ་བཅོས་བྱེད་རིགས་ལ་དེ་སྔ་བཟོ་འགོད་བྱེད་མཁན་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཡང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོག་མཆན་གནང་བའི་ཡིག་ཆར་གཞིགས་ནས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་བཟོ་བཅོས་རྒྱག་རྒྱུ་དང་། བཟོ་བཅོས་བརྒྱབ་རྗེས་ཀྱི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དེར་དེ་སྔ་ཆོག་མཆན་འགོད་མཁན་ལས་ཁུངས་ཀྱིས་ཆོག་མཆན་འགོད་དགོས།

རིམ་པ་གཅིག་གིས་མཐོ་བའི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་བཟོ་བཅོས་བརྒྱབ་རྗེས། རིམ་པ་གཅིག་གིས་དམའ་བའི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་བཟོ་བཅོས་རྒྱག་དགོས་བྱུང་ན་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ནས་རིམ་པ་གཅིག་གིས་དམའ་བའི་མི་དམངས་སྲིད་གཞུང་ལ་བརྡ་སྦྱར་ཏེ་བཟོ་བཅོས་བབ་མཐུན་བྱས་ཐོག་དེ་སྔ་ཆོག་མཆན་འགོད་པའི་ལས་ཁུངས་ལ་སྙན་ཐོ་དཔོད་རྒྱུ།

དོན་ཚན་བཅུ་གསུམ་པ།  མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ས་ཆ་སྤྱོད་ཐབས་སྐོར་གྱི་ལོ་རེའི་འཆར་གཞི་དོ་དམ་བྱ་རྒྱུར་ཤུགས་བསྣན་ཏེ། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་བསྡོམས་གྲངས་ལ་ཚོ་འཛིན་བྱ་དགོས། ས་ཆ་སྤྱོད་ཐབས་སྐོར་གྱི་ལོ་རེའི་འཆར་གཞིར་ཞིབ་བཤེར་ཆོག་མཆན་ཐོབ་ནས་འོག་ལ་བསྒྲགས་པ་ཙམ་དུ་ངེས་པར་དུ་ལག་བསྟར་ནན་པོ་བྱ་དགོས།

ས་ཆ་སྤྱོད་ཐབས་སྐོར་གྱི་ལོ་རེའི་འཆར་གཞིའི་ནང་གཤམ་གསལ་གྱི་ནང་དོན་དག་འདུ་དགོས་རྒྱུ།

(གཅིག)ས་ཆའི་དབང་ཁོངས་དང་།

(གཉིས)རྨོ་ཞིང་སྲུང་འཛིན་བྱེད་པའི་འཆར་གཞིའི་དམིགས་ཚད།

(གསུམ)ས་ཆ་གསར་སྤེལ་དང་ལེགས་སྒྲིག་གི་འཆར་གཞིའི་དམིགས་ཚད་བཅས་ཡིན།

དོན་ཚན་བཅུ་བཞི་བ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ས་ཆར་བརྟག་དཔྱད་བྱ་རྒྱུ།

ས་ཆར་བརྟག་དཔྱད་བྱ་རྒྱུར་གཤམ་གསལ་གྱི་ནང་དོན་དག་འདུ་དགོས་སྟེ། །

(གཅིག)ས་ཆའི་དབང་ཁོངས་དང་།

(གཉིས)ས་ཆ་བེད་སྤྱོད་པའི་ད་ཡོད་ཀྱི་གནས་ཚུལ།

(གསུམ)ས་ཆའི་ཆ་རྐྱེན་བཅས་ཡིན།

ས་གནས་ཀྱི་ས་ཆ་བེད་སྤྱོད་པའི་ད་ཡོད་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས་པའི་མཇུག་འབྲས་ལ་རང་རིམ་པའི་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་བྱ་རྒྱུ་དང་། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ལ་སྙན་སེང་བཀའ་འཁྲོལ་ཞུས་ཏེ་ཆོག་མཆན་ཐོབ་རྗེས་སྤྱི་ཚོགས་སྟེང་སྤྱི་བསྒྲགས་བྱ་རྒྱུ། རྒྱལ་ཡོངས་ཀྱི་ས་ཆ་བེད་སྤྱོད་པའི་ད་ཡོད་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས་པའི་མཇུག་འབྲས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་བཀའ་འཁྲོལ་ཞུས་ཏེ་ཆོག་མཆན་ཐོབ་རྗེས་སྤྱི་ཚོགས་སྟེང་སྤྱི་བསྒྲགས་བྱ་རྒྱུ། ས་ཆར་བརྟག་དཔྱད་བྱེད་པའི་སྒྲིག་སྲོལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་གཏན་འབེབས་བྱ་རྒྱུ།

དོན་ཚན་བཅོ་ལྔ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ས་ཆའི་རིམ་པར་དཔྱད་བསྡུར་གཏན་འབེབས་ཀྱི་ཚད་གཞི་གཏན་འཁེལ་བྱ་རྒྱུ།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ས་ཆའི་རིམ་པར་བརྟག་དཔྱད་བྱེད་པའི་ཚད་གཞིར་གཞིགས་ནས་ས་ཆའི་རིམ་པར་བརྟག་དཔྱད་བྱ་རྒྱུ། ས་གནས་ཀྱི་ས་ཆའི་རིམ་པར་བརྟག་དཔྱད་བྱས་འབྲས་ལ་རང་རིམ་པའི་མི་དམངས་སྲིད་གཞུང་ནས་ཞིབ་བཤེར་གཏན་འབེབས་བྱས་ཐོག་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས། སྤྱི་ཚོགས་སྟེང་ཡོངས་བསྒྲགས་བྱ་དགོས།

རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་གནས་ཚུལ་ལ་གཞིགས་ནས་ས་ཆའི་རིམ་པ་ལོ་དྲུག་རེའི་ནང་ལེགས་སྒྲིག་ཐེངས་གཅིག་བྱ་རྒྱུ།

4 ལེའུ་བཞི་བ། རྨོ་ཞིང་སྲུང་སྐྱོང་བྱེད་ཕྱོགས་སྐོར།

དོན་ཚན་བཅུ་དྲུག་པ། ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་གཏན་ལ་ཕབ་ཟིན་པའི་གྲོང་ཁྱེར་དང་གྲོང་ཚོ། གྲོང་བརྡལ་བཅས་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྱབ་ཁོངས་ནང་འཆར་གཞི་དེ་དོན་འཁྱོལ་བྱེད་ཆེད་ཞིང་སྤྱོད་ས་ཞིང་སྤྱོད་དགོས་བྱུང་བ་དང་། གཞན་ཡང་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་གཏན་ལ་ཕབ་ཟིན་པའི་གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྱབ་ཁོངས་ནང་ཚུད་མེད་པའི་ནུས་པའི་འབྱུང་ཁུངས་དང་། འགྲིམ་འགྲུལ། ཆུ་བེད། གཏེར་རི། དམག་དོན་སྒྲིག་ཆས་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་བྱེད་ཆེད་རྨོ་ཞིང་སྤྱོད་དགོས་བྱུང་ན། གྲོང་ཁྱེར་དང་། རྫོང་མི་དམངས་སྲིད་གཞུང་། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་འཛུགས་སྐྲུན་སྡེ་ཚན་བཅས་ཀྱིས《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་སོ་གཅིག་པའི་གཏན་ཁེལ་ལྟར་སོ་སོས་རྨོ་ཞིང་གསར་སྦོལ་བྱེད་འགན་འཁུར་རྒྱུ་དང་། གསར་སྦོལ་བྱེད་རྒྱུའི་ཆ་རྐྱེན་མེད་པའམ་ཡང་ན་གསར་སྦོལ་བྱས་པའི་རྨོ་ཞིང་བླང་བྱ་དང་མི་མཐུན་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་གཏན་འབེབས་ལྟར་རྨོ་ཞིང་གསར་སྦོལ་བྱེད་པར་མཁོ་བའི་གྲོན་དངུལ་འཇལ་དགོས།

དོན་ཚན་བཅུ་བདུན་པ།  སྡེ་ཚན་དང་མི་སྒེར་སུ་ཞིག་ཡིན་རུང་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་གཏན་ཕབ་ཟིན་པའི་ས་ཆ་གསར་སྦོལ་བྱེད་པ་གཏན་འགོག་བྱེད་ཁུལ་ནས་ས་ཆ་གསར་སྤེལ་བྱེད་པ་གཏན་འགོག་བྱ་རྒྱུ།

ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་གཏན་ལ་ཕབ་ཟིན་པའི་ས་ཆ་གསར་སྦོལ་བྱེད་ཁུལ་ལས་ས་ཆ་བེད་སྤྱོད་བྱེད་དབང་གཏན་འབེབས་བྱས་མེད་པའི་རྒྱལ་ཁབ་ལ་དབང་བའི་རི་རྒོད་དང་། ས་རྒོད། ཐང་རྒོད་བཅས་གསར་སྤེལ་བྱས་ཏེ་འདེབས་འཛུགས་ལས་རིགས་དང་། ནགས་ལས། ཕྱུགས་ལས། ཉ་ལས་ཐོན་སྐྱེད་བཅས་གཉེར་རིགས་ནས་ས་ཆ་དེ་གནས་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ལ་རེ་འདུན་ཞུ་དགོས་པ་དང་། ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་འགོད་དགོས།

གསར་སྤེལ་བྱེད་ཐེངས་གཅིག་ལ་ས་ཆ་བེད་སྤྱོད་བྱེད་དབང་གཏན་འབེབས་བྱས་མེད་པའི་རྒྱལ་ཁབ་ལ་དབང་བའི་རི་རྒོད་དང་། ས་རྒོད། ཐང་རྒོད་བཅས་སྤྱི་ཆིང600མན་ཆད་གསར་སྤེལ་བྱེད་རིགས་ལ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱས་པའི་དབང་མཚམས་ལྟར། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་རྒྱུ།  སྤྱི་ཆིང600གསར་སྤེལ་བྱེད་རིགས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོག་མཆན་གནང་རྒྱུ།

ས་ཆ་བེད་སྤྱོད་བྱེད་དབང་གཏན་འབེབས་བྱས་མེད་པའི་རྒྱལ་ཁབ་ལ་དབང་བའི་རི་རྒོད་དང་། ས་རྒོད། ཐང་རྒོད་བཅས་གསར་སྤེལ་བྱས་ཏེ་འདེབས་འཛུགས་ལས་རིགས་དང་། ནགས་ལས། ཕྱུགས་ལས། ཉ་ལས་ཐོན་སྐྱེད་བཅས་གཉེར་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་ཆོག་མཆན་འགོད་རྒྱུ་དང་། གསར་སྤེལ་བྱེད་མཁན་སྡེ་ཚན་ནམ་ཡང་ན་མི་སྒེར་ནས་དུས་ཡུན་རིང་བོར་བེད་སྤྱོད་བྱེད་རྒྱུ་གཏན་འཁེལ་བྱས་ཆོག  བེད་སྤྱོད་བྱེད་ཡུན་ཆེས་རིང་ནའང་ལོ་ལྔ་ཅུ་་ལས་བརྒལ་མི་རུང་།

དོན་ཚན་བཅོ་བརྒྱད་པ། རྫོང་དང་། ཞང(གྲོང་རྡལ)གི་མི་དམངས་སྲིད་གཞུང་ནས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞིར་གཞིགས་ནས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སྒྲིག་འཛུགས་བྱས་ནས་ས་ཆ་ལེགས་སྒྲིག་བྱེད་པའི་ཇུས་གཞི་གཏན་འབེབས་བྱས་ཐོག་དེ་དངོས་བསྟར་བྱ་རྒྱུ།

ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བྱེད་ཐབས་སྤྱད་ནས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་གཞིར་བཟུང་ནས་ས་ཆ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་རྒྱུ།

ས་ཆ་ལེགས་སྒྲིག་བྱས་ནས་གསར་དུ་འཕར་སྣོན་བྱུང་བའི་རྨོ་ཞིང་གི60%དེ་འཛུགས་སྐྲུན་གྱི་ཆེད་དུ་བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་ཁ་གསབ་དམིགས་ཚད་བྱས་ཆོག 

ས་ཆ་ལེགས་སྒྲིག་བྱ་ཐད་མཁོ་བའི་གྲོན་དངུལ་དེ་སུ་ལ་ཁེ་ཕན་ཐོབ་ན་དེ་ཡིས་འཁུར་དགོས་པའི་རྩ་དོན་ལྟར། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ས་ཆ་བེད་སྤྱོད་བྱེད་མཁན་གྱིས་མཉམ་དུ་འཁུར་རྒྱུ།

5 ལེའུ་ལྔ་བ། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་སྐོར།

དོན་ཚན་བཅུ་དགུ་པ། འཛུགས་སྐྲུན་བྱ་ཆེད་བཟུང་སྤྱོད་བྱེད་པའི་ས་ཆ་ཞིང་སྤྱོད་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བསྒྱུར་རྒྱུ་དང་འབྲེལ་ཡོད་རིགས་རྣམས། ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་དང་ས་ཆ་སྤྱོད་ཐབས་སྐོར་གྱི་ལོ་རེའི་འཆར་གཞི་རུ་གཏན་འཁེལ་བྱས་པའི་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་བྱེད་པའི་དམིགས་ཚད་དང་མཐུན་དགོས་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ། གྲོང་བརྡལ་བཅས་ཀྱི་འཛུགས་སྐྲུན་བྱ་ཆེད་བཟུང་སྤྱོད་བྱས་པའི་ས་ཆ་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་བྱེད་རྒྱུ་དང་འབྲེལ་ཡོད་རིགས་རྣམས་གྲོང་ཁྱེར་དང་གྲོང་གསེབ། གྲོང་བརྡལ་བཅས་ཀྱི་འཆར་གཞི་ལའང་མཐུན་དགོས། གཏན་ཁེལ་དང་མི་མཐུན་རིགས་ཞིང་སྤྱོད་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་རུ་བསྒྱུར་རྒྱུར་ཆོག་མཆན་འགོད་མི་རུང་།

དོན་ཚན་ཉི་ཤུ་པ།  ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་རུ་གཏན་འཁེལ་བྱས་པའི་གྲོང་ཁྱེར་སྒེར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྱབ་ཁོངས་ལས་གྲོང་ཁྱེར་གྱིས་འཆར་འགོད་བྱེད་རིགས་རྣམས། གཤམ་གསལ་གྱི་གཏན་ཁེལ་ལྟར་སྒྲུབ་རྒྱུ།

(གཅིག)གྲོང་ཁྱེར་དང་། རྫོང་མི་དམངས་སྲིད་གཞུང་ནས་ས་ཆ་སྤྱོད་ཐབས་སྐོར་གྱི་ལོ་རེའི་འཆར་གཞི་གཞིར་བཟུང་སྟེ་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་ཀྱི་འཆར་གཞི་དང་། རྨོ་ཞིང་ཁ་གསབ་བྱེད་པའི་འཆར་གཞི། ས་ཆ་བསྡུ་སྤྱོད་བྱེད་པའི་འཆར་གཞི་བཅས་བཟོ་འགོད་བྱེད་རྒྱུ་དང་། ཁག་བགོས་ནས་རིམ་པ་བཞིན་ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་རྒྱུ།

(གཉིས)ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་གི་ས་དོན་གཙོ་སྐྱོང་སྡེ་ཁག་ནས་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་ཀྱི་འཆར་གཞི་དང་། རྨོ་ཞིང་ཁ་གསབ་བྱེད་པའི་འཆར་གཞི། ས་ཆ་བསྡུ་སྤྱོད་བྱེད་པའི་འཆར་གཞི་བཅས་ལ་ཞིབ་བཤེར་བྱ་དགོས་ཐོག་ཞིབ་བཤེར་གྱི་བསམ་འཆར་འདོན་རྒྱུ་དང་། ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་འགོད་རྒྱུ། དེ་ལས་རྨོ་ཞིང་ཁ་གསབ་བྱེད་པའི་འཆར་གཞི་ལ་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་བྱེད་པའི་འཆར་གཞི་ཆོག་མཆན་འགོད་པའི་མི་དམངས་སྲིད་གཞུང་ནས་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་བྱེད་པའི་འཆར་གཞིར་ཆོག་མཆན་འགོད་སྐབས་མཉམ་དུ་ཆོག་མཆན་འགོད་རྒྱུ།

(གསུམ)ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་ཀྱི་འཆར་གཞི་དང་། རྨོ་ཞིང་ཁ་གསབ་བྱེད་པའི་འཆར་གཞི། ས་ཆ་བསྡུ་སྤྱོད་བྱེད་པའི་འཆར་གཞི་བཅས་ལ་ཆོག་མཆན་ཐོབ་རྗེས། གྲོང་ཁྱེར་དང་། རྫོང་མི་དམངས་སྲིད་གཞུང་ནས་རྩ་འཛུགས་བྱས་ཏེ་ལག་ལེན་དངོས་སུ་བསྟར་རྒྱུ་དང་། འཛུགས་སྐྲུན་གྱི་རྣམ་གྲངས་དངོས་ལ་གཞིགས་ནས་ས་ཆ་འདོན་སྤྲོད་བྱ་རྒྱུ།

ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་རུ་གཏན་ལ་ཕབ་པའི་གྲོང་གསེབ་དང་། གྲོང་བརྡལ་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྱབ་ཁོངས་ནང་གྲོང་གསེབ་དང་གྲོང་བརྡལ་གྱི་འཆར་འགོད་བྱ་ཆེད་ས་ཆ་བཟུང་སྤྱོད་བྱེད་དགོས་རིགས་ལ། གྲོང་ཁྱེར་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་ནས་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་ཀྱི་འཆར་གཞི་དང་། རྨོ་ཞིང་ཁ་གསབ་བྱེད་པའི་འཆར་གཞི་བཟོ་འགོད་བྱེད་རྒྱུ་དང་། ནང་གསེས་དོན་ཚན་སྔོན་མའི་གཏན་འབེབས་ལྟར་བསྒྲུབ་རྒྱུ།

དོན་ཚན་ཉེར་གཅིག་པ། བྱེ་བྲག་གི་འཛུགས་སྐྲུན་རྣམ་གྲངས་ཐད་ས་ཆ་སྤྱོད་དགོས་རིགས་ལ་འཛུགས་སྐྲུན་སྡེ་ཚན་ནས་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱིའི་འཆར་འགོད་ལ་གཞིགས་ནས་རེ་འདུན་ཐེངས་གཅིག་ཞུས་ཏེ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་འགྲིམ་རྒྱུ། དུས་མཚམས་དབྱེ་ནས་འཛུགས་སྐྲུན་བྱེད་རྒྱུའི་རྣམས་གྲངས་ལ་ལག་བསྟར་བྱས་འཐུས་ཀྱི་སྙན་ཞུ་རུ་གཏན་ལ་ཕབ་པའི་འཆར་གཞི་ལྟར་དུས་མཚམས་དབྱེ་ནས་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཐོབ་རེ་ཞུ་རྒྱུ་དང་། དུས་མཚམས་དབྱེ་ནས་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྐོར་གྱི་འབྲེལ་ཡོད་ཀྱི་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་འགྲིམ་དགོས།

དོན་ཚན་ཉེར་གཉིས་པ།  བྱེ་བྲག་གི་འཛུགས་སྐྲུན་རྣམ་གྲངས་དངོས་སུ་ལག་ལེན་བསྟར་སྐབས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་རུ་གཏན་ལ་ཕབ་པའི་གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྱབ་ཁོངས་ནང་གི་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བཟུང་སྤྱོད་བྱ་དགོས་ན། གཤམ་གསལ་གྱི་གཏན་འབེབས་ལྟར་སྒྲུབ་རྒྱུ།

(གཅིག)འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་ཐུབ་མིན་ལ་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་སྐབས། ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འཛུགས་སྐྲུན་རྣམ་གྲངས་ལ་མཁོ་བའི་ས་ཆའི་སྐོར་གྱི་འབྲེལ་ཡོད་ཀྱི་བྱ་བར་ཞིབ་བཤེར་བྱས་ནས་འཛུགས་སྐྲུན་རྣམ་གྲངས་ཐད་ལ་མཁོ་བའི་ས་ཆར་སྔོན་ཚུད་ནས་ཞིབ་བཤེར་བྱས་པའི་སྙན་ཞུ་འདོན་རྒྱུ་དང་། འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་ཐུབ་མིན་ལ་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བའི་སྙན་ཞུར་ཆོག་མཆན་ཐོབ་རེ་ཞུ་སྐབས། ངེས་པར་དུ་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་བཏོན་པའི་འཛུགས་སྐྲུན་རྣམ་གྲངས་ཐད་ལ་མཁོ་བའི་ས་ཆར་སྔོན་ཚུད་ནས་ཞིབ་བཤེར་བྱས་པའི་སྙན་ཞུའང་ཟུར་འབུལ་བྱ་རྒྱུ།

(གཉིས)འཛུགས་སྐྲུན་བྱེད་མཁན་སྡེ་ཚན་ནས་འཛུགས་སྐྲུན་རྣམ་གྲངས་ལ་ཆོག་མཆན་སྤྲད་པའི་འབྲེལ་ཡོད་ཀྱི་ཡིག་རིགས་བཟུང་སྟེ་གྲོང་ཁྱེར་དང་། རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་འཛུགས་སྐྲུན་ཐད་མཁོ་བའི་ས་ཆ་ཐོབ་རེ་ཞུ་རྒྱུ་དང་། གྲོང་ཁྱེར་དང་། རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་བྱེད་རྒྱུ་དང་། ས་ཆ་འདོན་སྤྲོད་བྱེད་པའི་འཆར་གཞི་བཟོ་འགོད་བྱས་ནས་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་སྤྲོད་རྒྱུ། རིམ་པ་གོང་མའི་མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲོད་དགོས་རིགས་རྣམས་རིམ་པ་གོང་མའི་མི་དམངས་སྲིད་གཞུང་སྙན་སེང་ཞུས་ཏེ་ཆོག་མཆན་སྤྲོད་དུ་འཇུག་རྒྱུ།

(གསུམ)ས་ཆ་འདོན་སྤྲོད་ཀྱི་འཆར་གཞིར་ཆོག་མཆན་སྤྲད་རྗེས། གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གིས་འཛུགས་སྐྲུན་བྱེད་མཁན་སྡེ་ཚན་ལ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་ཆོག་མཆན་ཐོབ་ཡིག་སྤྲོད་རྒྱུ། རིན་དོད་ཡོད་པར་རྒྱལ་ཁབ་ལ་དབང་བའི་ས་ཆ་སྤྱོད་དགོས་ན། གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ས་ཆ་བེད་སྤྱོད་བྱེད་མཁན་ལ་རྒྱལ་ཁབ་ལ་དབང་བའི་ས་ཆ་རིན་དོད་ཡོད་པར་བེད་སྤྱོད་བྱེད་རྒྱུའི་གན་རྒྱ་འཇོག་རྒྱུ། གཏོང་སྤྲོད་བྱས་ནས་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱ་དགོས་ན། གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ས་ཆ་བེད་སྤྱོད་གཏོང་མཁན་ལ་རྒྱལ་ཁབ་ལ་དབང་བའི་ས་ཆ་གཏོང་སྤྲོད་བྱས་པའི་ཐག་གཅོད་ཡི་གེ་དཔྱད་སྤྲོད་བྱ་དགོས།

(བཞི)ས་ཆ་བེད་སྤྱོད་གཏོང་མཁན་ནས་ཁྲིམས་ལྟར་ས་ཆ་ཐོ་འགོད་ཡོང་རེ་ཞུ་དགོས། 

སུས་འཇོན་དེ་འགུག་དང་ཕམ་ཚོང་རྒྱག་པའི་ཐབས་ཚུལ་ལ་བརྟེན་ནས་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱེད་དབང་འདོན་སྤྲོད་བྱེད་རིགས་ལ། གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་འཆར་གཞི་བཟོ་འགོད་བྱེད་རྒྱུ་དང་། གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་རྗེས། གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྩ་འཛུགས་བྱས་ནས་ལག་ལེན་དངོས་སུ་བསྟར་ཐོག་ས་ཆ་བེད་སྤྱོད་གཏོང་མཁན་བར་དང་ས་ཆ་རིན་དོད་ཡོད་པར་བེད་སྤྱོད་གཏོང་རྒྱུའི་གན་རྒྱ་འཇོག་དགོས། ས་ཆ་བེད་སྤྱོད་གཏོང་མཁན་གྱིས་ཁྲིམས་ལྟར་ས་ཆ་ཐོ་འགོད་ཡོང་རེ་ཞུ་རྒྱུ།

དོན་ཚན་ཉེར་གསུམ་པ། བྱེ་བྲག་གི་འཛུགས་སྐྲུན་རྣམ་གྲངས་ཐད་ལ་ས་ཆ་བེད་སྤྱོད་བྱེད་དགོས་བྱུང་ན། ངེས་པར་དུ་ཁྲིམས་ལྟར་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་རུ་གཏན་ལ་ཕབ་པའི་གྲོང་ཁྱེར་འཛུགས་སྐྲུན་ཐད་ལ་མཁོ་བའི་ས་ཆའི་ཁྱབ་ཁོངས་ནང་གི་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཐོབ་རེ་ཞུ་དགོས། ནུས་པའི་འབྱུང་ཁུངས་དང་། འགྲིམ་འགྲུལ། ཆུ་བེད། གཏེར་རི། དམག་དོན་སྒྲིག་ཆས་སོགས་འཛུགས་སྐྲུན་རྣམ་གྲངས་ཐད་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་རུ་གཏན་ལ་ཕབ་པའི་གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྱབ་ཁོངས་སུ་མ་ཚུད་པའི་ས་ཆ་བེད་སྤྱོད་དགོས་བྱུང་བ་དང་། དེའི་ནང་ཞིང་སྤྱོད་ས་ཆ་ཡོད་ན། གཤམ་གསལ་གྱི་གཏན་འབེབས་ལྟར་སྒྲུབ་རྒྱུ།

(གཅིག)འཛུགས་སྐྲུན་གྱི་རྣམ་གྲངས་གང་རུང་གཉེར་ཐུབ་མིན་དཔྱད་པར་བྱེད་པའི་ཚེ། ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འཛུགས་སྐྲུན་གྱི་རྣམ་གྲངས་ལ་མཁོ་བའི་ས་ཆའི་སྐོར་གྱི་བྱ་བར་ཞིབ་བཤེར་བྱ་རྒྱུ་དང་། འཛུགས་སྐྲུན་གྱི་རྣམས་གྲངས་ལ་མཁོ་བའི་ས་ཆར་སྔོན་ཚུད་ནས་ཞིབ་བཤེར་བྱས་པའི་སྙན་ཞུ་འདོན་རྒྱུ།

གཉེར་ཐུབ་མིན་དཔྱད་པར་བྱས་པའི་སྙན་ཞུར་སྙན་སེང་བཀའ་འཁྲོལ་ཞུ་སྐབས། ངེས་པར་དུ་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་བཏོན་པའི་འཛུགས་སྐྲུན་གྱི་རྣམ་གྲངས་ལ་མཁོ་བའི་ས་ཆར་སྔོན་ཚུད་ནས་ཞིབ་བཤེར་བྱས་པའི་སྙན་ཞུའང་ཟུར་ནས་འབུལ་རྒྱུ།

(གཉིས)འཛུགས་སྐྲུན་བྱེད་མཁན་སྡེ་ཚན་གྱིས་འཛུགས་སྐྲུན་གྱི་རྣམ་གྲངས་དེར་ཆོག་མཆན་བཀོད་པའི་འབྲེལ་ཡོད་ཀྱི་ཡིག་ཆ་ཁྱེར་ནས་གྲོང་ཁྱེར་དང་། རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་འཛུགས་སྐྲུན་བྱེད་ཕྱིར་ས་ཆ་ཡོང་རེ་ཞུ་དགོས་རྒྱུ་དང་། གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་དེར་ཞིབ་བཤེར་བྱས་རྗེས། ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་ཀྱི་འཆར་གཞི་དང་། རྨོ་ཞིང་ལ་ཁ་གསབ་ཀྱི་འཆར་གཞི། ས་ཆ་བསྡུ་སྤྱོད་བྱེད་པའི་འཆར་གཞི། ས་ཆ་འདོན་པའི་འཆར་གཞི་(རྒྱལ་ཁབ་ལ་དབང་བའི་ཞིང་སྤྱོད་ས་ཆ་ཡིན་ན་ས་ཆ་བསྡུ་སྤྱོད་ཀྱི་འཆར་གཞི་བཟོ་འགོད་བྱེད་མི་དགོས)བཅས་བཟོ་འགོད་བྱ་རྒྱུ་དང་། གྲོང་ཁྱེར་དང་རྫོང་མི་ དམངས་སྲིད་གཞུང་ནས་ཞིབ་བཤེར་བྱས་ཏེ་འཐད་པ་བྱུང་རྗེས་རིམ་པ་བཞིན་ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་བཀའ་འཁྲོལ་ཞུ་དགོས། དེ་ལས་རྨོ་ཞིང་ཁ་གསབ་པའི་འཆར་གཞི་ལ་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་ཀྱི་འཆར་གཞིར་ཆོག་མཆན་འགོད་མཁན་གྱི་མི་དམངས་སྲིད་གཞུང་ནས་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་ཀྱི་འཆར་གཞིར་ཆོག་མཆན་འགོད་སྐབས་མཉམ་དུ་ཆོག་མཆན་འགོད་རྒྱུ། ས་ཆ་འདོན་པའི་འཆར་གཞིར་ས་ཆ་བསྡུ་སྤྱོད་བྱེད་རྒྱུར་ཆོག་མཆན་འགོད་མཁན་མི་དམངས་སྲིད་གཞུང་ནས་ས་ཆ་བསྡུ་སྤྱོད་ཀྱི་འཆར་གཞིར་ཆོག་མཆན་འགོད་སྐབས་མཉམ་དུ་ཆོག་མཆན་འགོད་རྒྱུ(རྒྱལ་ཁབ་ལ་དབང་བའི་ཞིང་སྤྱོད་ས་ཆ་ཡིན་ན། ས་ཆ་འདོན་པའི་འཆར་གཞིར་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་བྱེད་པར་ཆོག་མཆན་འགོད་མཁན་མི་དམངས་སྲིད་གཞུང་ནས་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་ཀྱི་འཆར་གཞིར་ཆོག་མཆན་འགོད་སྐབས་མཉམ་དུ་ཆོག་མཆན་འགོད་རྒྱུ)

(གསུམ)ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་ཀྱི་འཆར་གཞི་དང་། རྨོ་ཞིང་ལ་ཁ་གསབ་ཀྱི་འཆར་གཞི། ས་ཆ་བསྡུ་སྤྱོད་བྱེད་པའི་འཆར་གཞི། ས་ཆ་འདོན་པའི་འཆར་གཞི་བཅས་ལ་ཆོག་མཆན་སྤྲད་རྗེས། གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་ནས་དོན་འཁྱོལ་སྒྲིག་འཛུགས་བྱ་རྒྱུ་དང་། འཛུགས་སྐྲུན་བྱེད་མཁན་སྡེ་ཚན་ལ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་ཆོག་མཆན་བཀོད་ཡིག་གནང་རྒྱུ། རིན་དོད་ཡོད་པར་རྒྱལ་ཁབ་ལ་དབང་བའི་ས་ཆ་སྤྱོད་དགོས་ན། གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་ས་ཆ་བེད་སྤྱོད་བྱེད་མཁན་བར་རྒྱལ་ཁབ་ལ་དབང་བའི་ས་ཆ་རིན་དོད་ཡོད་པར་བེད་སྤྱོད་བྱེད་རྒྱུའི་གན་རྒྱ་འཇོག་རྒྱུ། གཏོང་སྤྲོད་བཏང་པའི་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་དགོས་ན། གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ས་ཆ་བེད་སྤྱོད་བྱེད་མཁན་ལ་རྒྱལ་ཁབ་ལ་དབང་བའི་ས་ཆ་གཏོང་སྤྲོད་བཏང་པའི་ཐག་གཅོད་ཡི་གེ་སྤྲོད་རྒྱུ།

(བཞི)ས་ཆ་བེད་སྤྱོད་བྱེད་མཁན་ནས་ཁྲིམས་ལྟར་ས་ཆ་ཐོ་འགོད་ཡོང་རེ་ཞུ་དགོས།

འཛུགས་སྐྲུན་རྣམ་གྲངས་ཀྱིས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་རུ་གཏན་ལ་ཕབ་པའི་གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྱབ་ཁོངས་སུ་མི་ཚུད་པའི་ས་ཆ་བེད་སྤྱོད་བྱ་དགོས་བྱུང་བ་དང་། དེའི་ནང་ཞིང་པ་ཐུན་མོང་ལ་དབང་བའི་བེད་སྤྱོད་བྱས་མེད་པའི་ས་ཆ་ཡོད་ན། ས་ཆ་བསྡུ་སྤྱོད་ཀྱི་འཆར་གཞི་དང་ས་ཆ་འདོན་པའི་འཆར་གཞི་མ་གཏོགས་སྙན་སེང་བཀའ་འཁྲོལ་མི་བྱེད་པ་ཡིན།

དོན་ཚན་ཉེར་བཞི་པ།   བྱེ་བྲག་གི་འཛུགས་སྐྲུན་རྣམ་གྲངས་ཀྱིས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་རུ་གཏན་ལ་ཕབ་པའི་རྒྱལ་ཁབ་ལ་དབང་བའི་བེད་སྤྱོད་བྱས་མེད་པའི་ས་ཆ་བེད་སྤྱོད་བྱ་དགོས་བྱུང་ན། དེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་གཏན་འབེབས་ལྟར་སྒྲུབ་རྒྱུ། འོན་ཀྱང་རྒྱལ་ཁབ་ཀྱི་གནད་ཆེ་སའི་འཛུགས་སྐྲུན་གྱི་རྣམ་གྲངས་དང་དམག་དོན་སྒྲིག་བཀོད། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་སྲིད་འཛིན་ས་ཁོངས་ལས་བརྒལ་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་གཞན་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་བཀའ་འཁྲོལ་ཞུ་དགོས།

དོན་ཚན་ཉེར་ལྔ་པ། ས་ཆ་བསྡུས་སྤྱོད་ཀྱི་འཆར་གཞིར་ཁྲིམས་ལྟར་ཆོག་མཆན་སྤྲད་རྗེས། ས་ཞིང་བསྡུ་ཡུལ་གྱི་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་ནས་དོན་འཁྱོལ་སྒྲིག་འཛུགས་བྱ་དགོས་ཐོག་ས་ཆ་བསྡུས་པར་ཆོག་མཆན་འགོད་མཁན་ལས་ཁུངས་དང་། ཆོག་མཆན་བཀོད་ཡིག་གི་ཨང་གྲངས། བསྡུས་སྤྱོད་བྱས་པའི་ས་ཆའི་སྤྱོད་སྒོ། ཁྱབ་ཁོངས། རྒྱ་ཁྱོན་བཅས་དང་དེ་མིན་ས་ཆ་བསྡུས་པར་ཁ་གསབ་འཇལ་བའི་ཚད་གཞི། ཞིང་པ་བཀོད་སྒྲིག་བྱེད་ཐབས། ས་ཆ་བསྡུས་པར་ཁ་གསབ་འཇལ་བའི་འགྲོ་ལུགས་འགྲིམ་པའི་དུས་བཅད་སོགས་ས་ཞིང་བསྡུ་ཡུལ་གྱི་ཞང(གྲོང་རྡལ)དང་གྲོང་གསེབ་དུ་སྤྱི་བསྒྲགས་བྱ་དགོས།

བསྡུས་པའི་ས་ཆའི་བདག་དབང་འཛིན་མཁན་དང་སྤྱོད་དབང་འཛིན་མཁན་ནས་སྤྱི་བསྒྲགས་ནང་གཏན་ལ་ཕབ་པའི་དུས་བཅད་ནང་ས་ཆ་དབང་སྐོར་གྱི་ལག་ཁྱེར་འཁྱེར་ཏེ་སྤྱི་བསྒྲགས་ནང་དམིགས་འཛུགས་བྱས་པའི་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ས་ཆ་བསྡུས་པར་ཁ་གསབ་ཡོང་རེའི་ཐོ་འགོད་བྱ་དགོས།

གྲོང་ཁྱེར་དང་། རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ཆོག་མཆན་བཀོད་ཟིན་པའི་ས་ཆ་བསྡུས་སྤྱོད་ཀྱི་འཆར་གཞིར་གཞིགས་ནས།འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ས་ཆ་བསྡུས་པའི་ཁ་གསབ་དང་ཞིང་པ་བཀོད་སྒྲིག་བྱེད་པའི་འཆར་གཞི་བཟོ་འགོད་བྱས་ནས། བསྡུས་པའི་ས་ཆ་གནས་སའི་ཞང(གྲོང་རྡལ)དུ་དེ་དོན་སྤྱི་བསྒྲགས་བྱེད་རྒྱུ་དང་འབྲེལ་ས་ཆ་བསྡུ་ཡུལ་གྱི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་བའི་བསམ་འཆར་ལ་ཉན་འཇོག་བྱ་རྒྱུ། ས་ཆ་བསྡུས་པའི་ཁ་གསབ་དང་ཞིང་པ་བཀོད་སྒྲིག་བྱེད་པའི་འཆར་གཞི་དེ་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་ལ་ཕུལ་ཏེ་ཆོག་མཆན་ཐོབ་རྗེས། གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་དོན་འཁྱོལ་སྒྲིག་འཛུགས་བྱ་རྒྱུ། ཁ་གསབ་རྒྱག་པའི་ཚད་གཞིར་རྩོད་གཞི་བྱུང་ན། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་ནས་མཐུན་སྦྱོར་བྱེད་རྒྱུ་དང་། མཐུན་སྦྱོར་བྱེད་མི་ཐུབ་ན་བསྡུས་སྤྱོད་བྱས་པའི་ས་ཆར་ཆོག་མཆན་འགོད་མཁན་མི་དམངས་སྲིད་གཞུང་གིས་ཁྲུན་ཐག་གཅོད་རྒྱུ། ས་ཆ་བསྡུས་པའི་ཁ་གསབ་དང་ཞིང་པ་བཀོད་སྒྲིག་ཐད་ལ་རྩོད་གཞི་ཡོད་པ་དེས་ས་ཆ་བསྡུས་སྤྱོད་བྱེད་པའི་འཆར་གཞི་དོན་འཁྱོལ་བྱེད་པར་ཤུགས་རྐྱེན་མི་ཐེབས་པ་ཡིན།

ས་ཆ་བསྡུས་སྤྱོད་བྱས་སྐོར་གྱི་གྲོན་དངུལ་སྣ་ཚོགས་དེ་ས་ཆ་བསྡུས་པའི་ཁ་གསབ་དང་ཞིང་པ་བཀོད་སྒྲིག་བྱེད་པའི་འཆར་གཞི་ཆོག་མཆན་བཀོད་ཉིན་ནས་བཟུང་ཟླ་གསུམ་ནང་ཚུན་དུ་གྲོན་དངུལ་ཡོངས་རྫོགས་སྤྲོད་དགོས།

དོན་ཚན་ཉེར་དྲུག་པ།  ས་ཆ་བསྡུས་པར་ཁ་གསབ་བྱས་དངུལ་དེ་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་དབང་བ་ཡིན། བསྡུས་པའི་ས་ཆའི་ཐོག་གི་ཟུར་འབྱར་དངོས་རིགས་དང་མྱུ་གུའི་རིགས་དེ་བསྡུས་པའི་ས་ཆའི་ཐོག་གི་ཟུར་འབྱར་དངོས་རིགས་དང་མྱུ་གུའི་རིགས་བདག་འཛིན་བྱེད་མཁན་ལ་དབང་བ་ཡིན།

བསྡུས་སྤྱོད་བྱས་པའི་ས་ཆའི་མི་ཆ་བཀོད་སྒྲིག་བྱེད་པར་མཁོ་བའི་རོགས་དངུལ་དེ་ངེས་པར་དུ་ཆེད་དངུལ་ཆེད་སྤྱོད་བྱུ་རྒྱུ་ལས་ཕྱོགས་གཞན་པར་སྤྱོད་མི་རུང་། མི་ཆ་བཀོད་སྒྲིག་བྱ་དགོས་པ་རྣམས་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནས་བཀོད་སྒྲིག་བྱ་དགོས་ན། མི་ཆ་བཀོད་སྒྲིག་བྱེད་པར་མཁོ་བའི་རོགས་དངུལ་དེ་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་སྤྲོད་དགོས་ཤིང་། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེས་དོ་དམ་དང་བཀོལ་སྤྱོད་བྱེད་རྒྱུ། སྡེ་ཚན་གཞན་པས་བཀོད་སྒྲིག་བྱ་དགོས་པ་ཡིན་ན་མི་ཆ་བཀོད་སྒྲིག་བྱེད་པར་མཁོ་བའི་རོགས་དངུལ་དེ་མི་ཆ་བཀོད་སྒྲིག་བྱེད་མཁན་སྡེ་ཚན་ལ་སྤྲོད་དགོས། གཅིག་སྡུད་ཀྱིས་བཀོད་སྒྲིག་བྱེད་མི་དགོས་ན། མི་ཆ་བཀོད་སྒྲིག་བྱེད་པར་མཁོ་བའི་རོགས་དངུལ་དེ་བཀོད་སྒྲིག་བྱ་དགོས་པའི་མི་རང་ཉིད་དམ་ཡང་ན་བཀོད་སྒྲིག་བྱ་དགོས་པའི་མི་འཐད་པ་བྱུང་རྗེས་བཀོད་སྒྲིག་བྱ་དགོས་པའི་མི་དེའི་ཉེན་འགོག་གྲོན་དངུལ་དུ་སྤྲད་ཆོག

གྲོང་ཁྱེར་དང་རྫོང་། ཞང(གྲོང་རྡལ)བཅས་ཀྱི་མི་དམངས་སྲིད་གཞུང་ནས་མི་ཆ་བཀོད་སྒྲིག་བྱེད་པར་མཁོ་བའི་རོགས་དངུལ་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་དགོས།

དོན་ཚན་ཉེར་བདུན་པ།  ཉེན་ཁ་མྱུར་སྐྱོབ་དང་གནོད་པ་སེལ་ཐབས་བྱ་ཆེད་ས་ཆ་མྱུར་དུ་སྤྱོད་དགོས་བྱུང་ན་སྔོན་ལ་ས་ཆ་བེད་སྤྱོད་བྱས་ཆོག  དེ་ལས་གནས་སྐབས་སུ་ས་ཆ་བེད་སྤྱོད་བྱེད་དགོས་རིགས་ཀྱིས་གནོད་སྐྱོན་མཇུག་སྒྲིལ་རྗེས་ཐོག་མའི་རྣམ་པ་སླར་གསོ་བྱ་དགོས་ཐོག་ས་ཆ་དེ་སྔའི་བེད་སྤྱོད་བྱེད་མཁན་ལ་ཕྱིར་སྤྲད་དེ་བེད་སྤྱོད་བྱེད་དུ་འཇུག་དགོས་པ་ལས་ས་ཆ་བེད་སྤྱོད་བྱེད་པར་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་འགྲིམ་མི་དགོས། ཡུན་རིང་གི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཡིན་ན་འཛུགས་སྐྲུན་བྱེད་མཁན་སྡེ་ཚན་ནས་གནོད་སྐྱོན་མཇུག་སྒྲིལ་རྗེས་ཀྱི་ཟླ་དྲུག་ནང་ཚུན་ལ་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཐོབ་རྒྱུར་ཞིབ་བཤེར་གྱིས་ཆོག་མཆན་སྤྲོད་རྒྱུའི་འགྲོ་ལུགས་གསབ་སྒྲུབ་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། འཛུགས་སྐྲུན་རྣམ་གྲངས་ཨར་ལས་བྱེད་པ་དང་ས་གཤིས་བརྟག་པར་རྨོ་ཞིང་གནས་སྐབས་སུ་བཟུང་སྤྱོད་བྱེད་དགོས་ན། ས་ཆ་བེད་སྤྱོད་བྱེད་མཁན་ནས་གནས་ས་ཆ་གནས་སྐབས་སུ་སྤྱོད་པའི་དུས་ཡུན་ཐིམ་པའི་ཉིན་ནས་བཟུང་ལོ་གཅིག་ནང་དུ་འདེབས་འཛུགས་ཀྱི་ཆ་རྐྱེན་བསྐྱར་གསོ་བྱེད་དགོས།

དོན་ཚན་ཉེར་དགུ་པ།  རྒྱལ་ཁབ་ལ་དབང་བའི་ས་ཆ་རིན་དོད་ཡོད་པར་བཀོལ་སྤྱོད་བྱེད་ཐབས་གཤམ་གསལ་ལྟར།

(གཅིག)རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་གཞན་ལ་འཚོང་བ་དང་།

(གཉིས)རྒྱལ་ཁབ་ལ་དབང་བའི་ས་ཆ་བོགས་མར་གཏོང་བ།

(གསུམ)རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་ལ་རིན་གོང་བཅད་དེ་མ་དངུལ་འཇོག་པའམ་ཡང་ན་མ་རྐང་འཇོག་པ་བཅས་སོ། །

དོན་ཚན་སུམ་ཅུ་བ། 《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ང་ལྔ་པར་གཏན་འབེབས་བྱས་པའི་གསར་དུ་འཕར་སྣོན་བྱས་པའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་རིན་དོད་ཡོད་པར་བཀོལ་སྤྱོད་བྱས་ཡོན་ཞེས་པ་ནི་རྒྱལ་ཁབ་ཀྱི་གསར་དུ་འཕར་སྣོན་བྱས་པའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཁྲོད་ལས་བསྡུ་དགོས་པའི་ཆ་སྙོམས་ས་ཆའི་ལག་འབབ་དངོས་ལ་ཟེར།

6 ལེའུ་དྲུག་པ།   ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

དོན་ཚན་སོ་གཅིག་པ།  ས་ཆ་བདག་སྤྲོད་དང་ལྟ་སྐུལ་དང་ཞིབ་བཤེར་བྱེད་མིར་གསོ་སྐྱོང་སྦྱོང་བརྡར་བྱེད་དགོས་རྒྱུ་དང་། དཔྱད་ཞིབ་བྱས་ཏེ་ཚད་མཐན་ཡིན་ན་གཞི་ནས་ས་ཆ་བདག་སྤྲོད་དང་ལྟ་སྐུལ་བྱེད་པའི་ལས་ཀ་གཉེར་ཆོག

དོན་ཚན་སོ་གཉིས་པ།  ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ལྟ་སྐུལ་དང་ཞིབ་བཤེར་གྱི་འགན་འཁྲི་སྒྲུབ་རྒྱུ་དང་། 《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐྱོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་རེ་བདུན་པར་གཏན་འབེབས་བྱས་པའི་བྱེད་ཐབས་སྤྱོད་རྒྱུ་ཕུད། ད་དུང་གཤམ་གསལ་གྱི་བྱེད་ཐབས་སྤྱད་ཆོག

(གཅིག)ཁྲིམས་འགལ་གྱི་གྱོད་གཞིའི་དོ་བདག་པ་དང་། དོགས་ཡོད་མི། དཔང་མི་བཅས་ལ་འདྲ་རྩད་འདོན་པ་དང་།

(གཉིས)ཞིབ་བཤེར་བྱ་སའི་སྡེ་ཚན་ནམ་ཡང་ན་མི་སྒེར་ནས་ཁྲིམས་འགལ་གྱིས་ས་ཆ་བཟུང་སྤྱོད་བྱས་པའི་གནས་སར་ཕྱིན་ནས་པར་རྒྱག་པ་དང་བརྙན་ལེན་པ།

(གསུམ)དོ་བདག་པར་བཀའ་ཕབ་སྟེ་ས་ཆའི་སྐོར་གྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་བཞིན་པ་མཚམས་འཇོག་ཏུ་འཇུག་པ།

(བཞི)ས་ཆའི་སྐོར་གྱི་ཁྲིམས་དང་འགལ་བར་དོགས་པ་ཡོད་པའི་སྡེ་ཚན་ནམ་ཡང་ན་མི་སྒེར་ལ་འབྲེལ་ཡོད་ཀྱི་ས་ཆ་ཞིབ་བཤེར་གྱིས་ཆོག་མཆན་འགོད་པ་དང་ཐོ་འགོད་བྱེད་པའི་འགྲོ་ལུགས་འགྲིམ་པ་མཚམས་འཇོག་པ།

(ལྔ)བརྟག་དཔྱོད་ཀྱི་སྐབས་སུ་ཁྲིམས་འགལ་དོགས་ཡོད་མིས་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱུ་དངོས་དག་འཚོང་སྒྱུར་དང་སྤོ་སྒྱུར་བྱེད་མི་ཆོག་པའི་བཀའ་ཕབ་པ་བཅས་ཡིན།

དོན་ཚན་སོ་གསུམ་པ།  《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་དོན་གཉིས་པའི་གཏན་འབེབས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས་ན། སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུའི་ཐག་གཅོད་དམ་ཡང་ན་ཐད་ཀར་དུ་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུའི་ཐག་གཅོད་བཟོས་པའི་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས། ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད། སྐྱོན་ཆེན་ཐོ་འགོད་བཅས་ཀྱི་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུའི་ཐག་གཅོད་དེ་རིམ་པ་གོང་མའི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཐད་ཀར་བཟོས་ཆོག  གོ་ས་འབེབས་པ་དང་། གནས་དབྱུང་གཏོང་བ། ཕྱིར་སྐྲོད་པ་བཅས་ཀྱི་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུའི་ཐག་གཅོད་དེ་རིམ་པ་གོང་མའི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཀྱི་མི་དོན་ལ་དོ་དམ་བྱེད་པའི་དབང་ཚད་དང་ཐག་གཅོད་པའི་གོ་རིམ་ཐད་ཀྱི་གཏན་འབེབས་ལྟར། འབྲེལ་ཡོད་ཀྱི་ལས་ཁུངས་ལ་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུའི་གྲོས་འཆར་འདོན་རྒྱུ་དང་། འབྲེལ་ཡོད་ལས་ཁུངས་ནས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ།

7 ལེའུ་བདུན་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་སོ་བཞི་བ། སྲོལ་ཡིག་འདིའི་དོན་ཚན་བཅུ་བདུན་པའི་གཏན་ཁེལ་དང་འགལ་ནས་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་རུ་གཏན་ལ་ཕབ་པའི་གསར་སྦོལ་བྱེད་པ་གཏན་འགོག་བྱེད་ཁུལ་ནས་ས་ཆ་གསར་སྦོལ་བྱས་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་དུས་བཀག་ལྟར་ཡོ་བསྲང་བྱེད་དུ་འཇུག་རྒྱུ། དུས་ལས་འགྱངས་རུང་ཡོ་བསྲང་མི་བྱེད་ན《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་དོན་དྲུག་པའི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་སོ་ལྔ་བ། གནས་སྐབས་སུ་བཀོལ་སྤྱོད་བྱེད་པའི་ས་ཆའི་ཐོག་ཏུ་གཏན་ཚུགས་བརྩིགས་བཟོས་དང་བཟོ་བཀོད་དངོས་རིགས་བཟོ་སྐྲུན་བྱས་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་བཀའ་ཕབ་སྟེ་དུས་བཀག་ལྟར་མེད་པ་བཟོ་རུ་འཇུག་དགོས། དུས་ལས་འགྱངས་རུང་མེད་པ་མི་བཟོ་རིགས་ལ་ཆད་པ་གཅོད་རྒྱུའི་ཐག་གཅོད་བཟོ་མཁན་ལས་ཁུངས་ནས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་རེ་བ་ཞུས་ཏེ་བཙན་པོས་ལག་བསྟར་བྱེད་དུ་འཇུག་རྒྱུ།

དོན་ཚན་སོ་དྲུག་པ།  ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་གཏན་འབེབས་མ་བྱས་སྔོན་ལ་བཟོ་སྐྲུན་བྱས་ཟིན་པའི་ས་ཆ་སྤྱོད་ཐབས་སྐོར་གྱི་ཁྱོན་ཡོངས་ཀྱི་འཆར་གཞི་རུ་གཏན་ལ་ཕབ་པའི་སྤྱོད་སྒོ་དང་མི་མཐུན་པའི་གཏན་ཚུགས་བརྩིགས་བཟོས་དང་བཟོ་བཀོད་དངོས་རིགས་སོགས་ཡང་བསྐྱར་སྐྲུན་པ་དང་རྒྱ་ཆེར་སྐྲུན་རིགས་དེར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་མེད་པ་བཟོ་རྒྱུའི་བཀའ་ཕབ་རྒྱུ་དང་། དུས་ལས་འགྱངས་རང་མེད་པ་མི་བཟོ་རིགས་ལ་ཆད་པ་གཅོད་རྒྱུའི་ཐག་གཅོད་བཟོ་མཁན་ལས་ཁུངས་ནས་མི་དམངས་ཁྲིམས་ཁང་ལ་རེ་བ་ཞུས་ཏེ་བཙན་པོས་ལག་བསྟར་བྱེད་དུ་འཇུག་རྒྱུ།

དོན་ཚན་སོ་བདུན་པ། ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ལས་སྒྲུབ་མི་སྣས་ཁྲིམས་ལྟར་འགན་དབང་སྤྱོད་པར་བར་ཆད་གཏོང་རིགས་ལ་ཁྲིམས་ལྟར་བདེ་སྐྱོང་དོ་དམ་སྐོར་གྱི་ཆད་པ་གཅོད་རྒྱུའམ་ཡང་ན་དེའི་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་རྒྱུ།

དོན་ཚན་སོ་བརྒྱད་པ། 《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་དོན་གསུམ་པའི་གཏན་འབེབས་ལྟར་དངུལ་ཆད་གཅོད་དགོས་རིགས་ལ།  དེའི་དངུལ་ཆད་ཀྱི་གྲངས་འབོར་ནི་ཁྲིམས་དང་མི་མཐུན་པའི་ཐོབ་ཆའི50%མན་ཡིན།

དོན་ཚན་སོ་དགུ་པ། 《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་གྱ་གཅིག་པའི་གཏན་འབེབས་ལྟར་དངུལ་ཆད་གཅོད་དགོས་རིགས་ལ། དེའི་དངུལ་ཆད་ཀྱི་གྲངས་འབོར་ནི་ཁྲིམས་དང་མི་མཐུན་པའི་ཐོབ་ཆའི5%ཡན་དང20%མན་ཡིན།

དོན་ཚན་བཞི་ཅུ་པ། 《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་དོན་བཞི་བའི་གཏན་འབེབས་ལྟར་དངུལ་ཆད་གཅོད་དགོས་རིགས་ལ། དེའི་དངུལ་ཆད་ཀྱི་གྲངས་འབོར་ནི་རྨོ་ཞིང་གསར་སྦོལ་བྱས་ཡོན་གྱི་ལྡབ2མན་ཡིན།

དོན་ཚན་ཞེ་གཅིག་པ། 《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་དོན་ལྔ་བའི་གཏན་འབེབས་ལྟར་དངུལ་ཆད་གཅོད་དགོས་རིགས་ལ། དེའི་དངུལ་ཆད་ཀྱི་གྲངས་འབོར་ནི་ས་ཞིང་བསྐྱར་སྦོལ་བྱས་ཡོན་གྱི་ལྡབ2མན་ཡིན།

དོན་ཚན་ཞེ་གཉིས་པ། 《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་དོན་དྲུག་པའི་གཏན་འབེབས་ལྟར་དངུལ་ཆད་གཅོད་དགོས་རིགས་ལ། དེའི་དངུལ་ཆད་ཀྱི་གྲངས་འབོར་ནི་ཁྲིམས་འགལ་གྱིས་བཟུང་སྤྱོད་བྱས་པའི་ས་ཆ་རྨིས་གྲུ་བཞི་མ་རེར་སྒོར30མན་ཡིན།

དོན་ཚན་ཞེ་གསུམ་པ། 《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱད་ཅུ་བའི་གཏན་འབེབས་ལྟར་དངུལ་ཆད་གཅོད་དགོས་རིགས་ལ། དེའི་དངུལ་ཆད་ཀྱི་གྲངས་འབོར་ནི་ཁྲིམས་འགལ་གྱིས་བཟུང་སྤྱོད་བྱས་པའི་ས་ཆ་རྨིས་གྲུ་བཞི་མ་རེར་སྒོར10ཡན་དང་སྒོར30མན་ཡིན། །

དོན་ཚན་ཞེ་བཞི་བ། སྲོལ་ཡིག་འདིའི་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་དང་འགལ་ནས་དུས་ལས་འགྱངས་རུང་འདེབས་འཛུགས་ཀྱི་ཆ་རྐྱེན་སླར་གསོ་མི་བྱེད་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་བཀའ་ཕབ་སྟེ་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། རྨོ་ཞིང་བསྐྱར་སྦོལ་བྱས་ཡོན་གྱི་ལྡབ2མན་གྱི་དངུལ་ཆད་བཅད་ཆོག

དོན་ཚན་ཞེ་ལྔ་བ། ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་ནས་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱ་ཆེད་ས་ཆ་བསྡུས་སྤྱོད་བྱེད་པར་འགོག་རྐྱེན་བཟོ་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་དོན་འཛིན་གཙོ་སྐྱོང་སྡེ་ཁག་གིས་བཀའ་ཕབ་སྟེ་ས་ཆ་སྤྲོད་དུ་འཇུག་རྒྱུ་དང་། ས་ཆ་མི་སྤྲོད་ཚེ་མི་དམངས་ཁྲིམས་ཁང་ལ་རེ་བ་ཞུས་ཏེ་བཙན་པོས་ལག་བསྟར་བྱེད་དུ་འཇུག་རྒྱུ།

8 ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་དྲུག་པ།   སྲོལ་ཡིག་འདི1999ལོའི་ཟླ1ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ་དང་། 1991ལོའི་ཟླ1ཚེས4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྤེལ་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དངོས་བསྟར་བྱེད་སྐོར་གྱི་སྲོལ་ཡིག》དུས་མཚུངས་སུ་མེད་པར་བཟོས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-23

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།