ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པར་འབྲེལ་བའི་རྩོད་གཞིའི་གྱོད་དོན་ཞིབ་གཅོད་བྱེད་པར་བཅའ་ཁྲིམས་སྤྱད་འཐུས་གྱི་གནད་དོན་སྐོར་གྱི་འགྲེལ་བཤད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པར་འབྲེལ་བའི་རྩོད་གཞིའི་གྱོད་དོན་ཞིབ་གཅོད་བྱེད་པར་བཅའ་ཁྲིམས་སྤྱད་འཐུས་གྱི་གནད་དོན་སྐོར་གྱི་འགྲེལ་བཤད།
སྤྱི་ལོ2005ལོའི་ཟླ7ཚེས29ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྤྱི་བསྒྲགས་ནང་ཁྱབ་བསྒྲགས་བྱས་ཤིང་། སྤྱི་ལོ2005ལོའི་ཟླ9ཚེས1ཉིན་ནས་ལག་བསྟར་བྱས། ཁྲིམས་འགྲེལ﹝2005﹞ཨང6པ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
最高人民法院关于审理涉及农村土地承包纠纷案件适用法律问题的解释
ཁྱབ་སྤེལ་ལོ་ཚིགས།
སྤྱི་ལོ2005ལོའི་ཟླ3པའི་ཚེས29ཉིན།
ལག་བསྟར་ལོ་ཚིགས།
སྤྱི་ལོ2005ལོའི་ཟླ9བའི་ཚེས1ཉིན།
ཁྱབ་བསྒྲགས་སྡེ་ཁག
ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་དམངས་ཁྲིམས་སྤྱི་སྲོལ》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་སྐོར་གྱི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་འགན་གཙང་ལེན་ཕྱོགས་སྐོར་གྱི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》བཅས་ལ་སོགས་ཀྱི་གཏན་འབེབས་གཞིར་བཟུང་ཞིང་། དམངས་དོན་འདྲི་གཅོད་ལག་ལེན་དང་འབྲེལ་ཏེ་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པར་འབྲེལ་བའི་རྩོད་གཞིའི་གྱོད་དོན་ཞིབ་གཅོད་བྱེད་པར་བཅའ་ཁྲིམས་སྤྱད་འཐུས་གྱི་གནད་དོན་དུ་མའི་འགྲེལ་བཤད་གཤམ་གསལ་ལྟར།

1 བདག་སྤྲོད་དང་གཏུག་བཤེར་གྱི་བྱེད་པོ།

དོན་ཚན་དང་པོ། གཤམ་གསལ་གྱི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པར་འབྲེལ་བའི་དམངས་དོན་རྩོད་གཞི་དག་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས་ཏེ།

(གཅིག)འགན་གཙང་ལེན་གྱི་གན་རྒྱའི་ཐད་ཀྱི་རྩོད་གཞི་དང་།

(གཉིས)འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་ལ་གནོད་འཚེ་བཏང་པའི་རྩོད་གཞི།

(གསུམ)འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་འཁོར་རྒྱུག་བྱ་ཐད་ཀྱི་རྩོད་གཞི།

(བཞི)འགན་གཙང་བླངས་པའི་ས་ཞིང་གཞུང་བསྡུ་བྱས་པའི་སྐྱིན་དངུལ་བགོ་བཤའ་རྒྱག་ཐད་ཀྱི་རྩོད་གཞི།

(ལྔ)འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་བཤུག་འཛིན་བྱ་ཐད་ཀྱི་རྩོད་གཞི་བཅས་སོ། །

ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་དོན་དངོས་སུ་ས་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་མ་ཐོབ་རྐྱེན་དམངས་དོན་གཏུག་བཤེར་བྱས་རིགས་ལ་མི་དམངས་ཁྲིམས་ཁང་གིས་དེར་འབྲེལ་ཡོད་ཀྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཐག་གཅོད་ཡོང་རེ་ཞུ་དགོས་པའི་གསལ་བརྡ་སྤྲོད་རྒྱུ།

ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིས་བགོ་བཤའ་རྒྱག་ཐད་ལ་བཀོལ་དགོས་པའི་ས་ཞིང་གི་སྐྱིན་དངུལ་གྱི་གྲངས་འབོར་ཐད་ནས་དམངས་དོན་གཏུག་བཤེར་བྱེད་རིགས་ལ་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་མི་བྱེད་རྒྱུ།

དོན་ཚན་གཉིས་པ། ཞུ་གཏུག་དང་ལེན་བྱེད་མཁན་མི་དམངས་ཁྲིམས་ཁང་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《﹤ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས﹥སྤྱད་འཐུས་ཀྱི་གནད་དོན་འགའི་སྐོར་གྱི་བསམ་འཆར》ཀྱི་དོན་ཚན145པ་ནས་དོན་ཚན148པའི་བར་གྱི་གཏན་འབེབས་གཞིར་བཟུང་ནས་ཐག་གཅོད་རྒྱུ།

དོ་བདག་བར་དུ་ཡིག་ཐོག་གི་ཁྲིམས་བཅད་གྲོས་མཐུན་མ་བྱུང་པར་དོ་བདག་ཕྱོགས་གཅིག་ནས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པར་འདུམ་གཅོད་བྱེད་པའི་ལས་ཁུངས་ལ་འདུམ་གཅོད་ཡོང་རེ་ཞུས་པ་དང་། དོ་བདག་ཕྱོགས་གཞན་ཞིག་ནས་གཏུག་བཤེར་བྱས་རིགས་ལ་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས་ཐོག་འདུམ་གཅོད་ལས་ཁུངས་ལ་ཡིག་ཐོག་ནས་བརྡ་སྦྱར་རྒྱུ། ཡིན་ནའང་དོ་བདག་ཕྱོགས་གཞན་ཞིག་ནས་འདུམ་གཅོད་བྱེད་ཁོངས་དང་ལེན་བྱས་རྗེས་གཏུག་བཤེར་ཀྱང་བྱེད་རིགས་ལ་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་མི་བྱེད་རྒྱུ།

དོ་བདག་པ་འདུམ་གཅོད་ཁྲུན་ཐག་བཅད་པར་མི་འཐད་ཐོག་འདུམ་གཅོད་ཡི་གེ་འབྱོར་ཉིན་བཟུང་ཉིན་སུམ་ཅུའི་ནང་ཚུད་དུ་གཏུག་བཤེར་བྱས་རིགས་ལ་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས་རྒྱུ།

དོན་ཚན་གསུམ་པ། འགན་གཙང་ལེན་གྱི་གན་རྒྱའི་སྐོར་གྱི་རྩོད་གཞིའི་དོ་བདག་དེ་འགན་གཙང་སྤྲོད་མཁན་ཕྱོགས་དང་འགན་གཙང་ལེན་མཁན་ཕྱོགས་ཡིན།

དོན་ཚན་འདིའི་ནང་གསེས་དོན་ཚན་གོང་མ་ལས་འགན་གཙང་ལེན་མཁན་ཞེས་པ་ནི་ཁྱིམ་ཚང་གིས་འགན་གཙང་ལེན་ཐབས་ཀྱིས་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་ཞིང་དུད་དང་དེ་མིན་བྱེད་ཐབས་གཞན་ལ་བརྟེན་ནས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་སྡེ་ཚན་ནམ་མི་སྒེར་ཡིན།

དོན་ཚན་བཞི་པ། ཞིང་དུད་ཀྱི་ཁོངས་མི་མི་མང་པོ་ཡིན་རིགས་ལ་དེའི་འཐུས་ཚབ་པས་གཏུག་བཤེར་བྱ་རྒྱུ།

ཞིང་དུད་ཀྱི་འཐུས་ཚབ་པ་གཤམ་གསལ་གྱི་གནས་ཚུལ་ལྟར་གཏན་འཁེལ་བྱ་དགོས་ཏེ།

(གཅིག)ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ལག་ཁྱེར་ནང་བཀོད་པའི་མི།

(གཉིས)ཁྲིམས་ལྟར་ཐོ་འགོད་བྱས་ཏེ་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ལག་ཁྱེར་ལ་སོགས་པའི་ལག་ཁྱེར་ཐོབ་མེད་ན། འགན་གཙང་བླངས་པའི་གན་རྒྱའི་སྟེང་མིང་བཀོད་མཁན་དེ་འཐུས་ཚབ་པ་ཡིན།

(གསུམ)གོང་གི་དོན་ཚན་གཉིས་ཀ་རུ་གཏན་འབེབས་བྱས་པའི་མི་ཤི་བ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བའམ་ཡང་ན་རྒྱུ་རྐྱེན་གཞན་དག་གི་དབང་གིས་གཏུག་བཤེར་བྱེད་ཐབས་མེད་ན། ཞིང་དུད་ཀྱིས་འདེམས་པའི་མི་དེ་འཐུས་ཚབ་པ་ཡིན།

2 ​ཁྱིམ་ཚང་གིས་འགན་གཙང་ལེན་ཐད་ཀྱི་རྩོད་གཞིའི་གྱོད་དོན་ཐག་གཅོད་བྱེད་སྐོར།

དོན་ཚན་ལྔ་པ། འགན་གཙང་ལེན་པའི་གན་རྒྱ་རུ་འགན་གཙང་བླངས་པའི་ས་ཞིང་ཕྱིར་བསྡུ་བ་དང་ལེགས་སྒྲིག་བྱེད་རྒྱུའི་ཁ་ཆད་བཞག་པ་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་སྐོར་གྱི་བཅའ་ཁྲིམས་ལས་དོན་ཚན་ཉེར་དྲུག་པ་དང་། དོན་ཚན་ཉེར་བདུན་པ། དོན་སུམ་ཅུ་པ། དོན་ཚན་སོ་ལྔ་པ་བཅས་ཀྱི་གཏན་འབེབས་དང་འགལ་ཡོད་རིགས་རྣམས་ཁ་ཆད་ནུས་མེད་ཡིན་པར་ངོས་འཛིན་རྒྱུ།

དོན་ཚན་དྲུག་པ། འགན་གཙང་སྤྲོད་མཁན་ཕྱོགས་ནས་ཁྲིམས་འགལ་གྱིས་འགན་གཙང་བླངས་པའི་ས་ཞིང་ཕྱིར་བསྡུས་པ་དང་ལེགས་སྒྲིག་བྱས་པའམ་ཡང་ན་འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་ཕྱིར་བསྡུས་རྐྱེན་འགན་གཙང་ལེན་མཁན་ཕྱོགས་ཀྱིས་ཞིང་མ་རྨོས་པ་དང་ཐང་རྒོད་དུ་བཞག་པའི་འགན་གཙང་བླངས་ཀྱི་ས་ཞིང་ལས་བྱུང་པའི་རྩོད་གཞི་དག་གཤམ་གསལ་གྱི་གནས་ཚུལ་ལྟར་སོ་སོར་ཐག་གཅོད་རྒྱུ་སྟེ།

(གཅིག)འགན་གཙང་སྤྲོད་མཁན་ཕྱོགས་གྱིས་འགན་གཙང་བླངས་པའི་ས་ཞིང་ལོགས་སུ་འགན་གཙང་སྤྲད་པར་འགན་གཙང་ལེན་མཁན་ཕྱོགས་གྱིས་འགན་གཙང་བླངས་པའི་ས་ཞིང་ཕྱིར་སློག་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

(གཉིས)འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་འགན་གཙང་བླངས་པའི་ས་ཞིང་ལོགས་སུ་ཕུང་གསུམ་པར་འགན་གཙང་སྤྲད་ན། འགན་གཙང་ལེན་མཁན་ཕྱོགས་ཀྱིས་འགན་གཙང་སྤྲོད་མཁན་ཕྱོགས་དང་ཕུང་གསུམ་པ་དེ་མཉམ་དུ་གཏུག་བཤེར་འཁེལ་མིར་བརྩི་རྒྱུ་དང་། དེས་བཞག་པའི་འགན་གཙང་བླངས་པའི་གན་རྒྱ་ནུས་མེད་ཡིན་པ་གཏན་འཁེལ་དང་འགན་གཙང་བླངས་པའི་ས་ཞིང་ཕྱིར་སློག་དགོས་ཐོག་གྱོང་གུན་སྐྱིན་ཚབ་འཇལ་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ། ཡིན་ནའང་འགན་གཙང་ལེན་མཁན་ཕྱོགས་ཀྱིས་ཞིང་ལས་སྐྱུར་བ་དང་ས་རྒོད་དུ་ལུས་སུ་བཅུག་པ་ཡིན་ན། དེས་གྱོང་གུན་ལ་སྐྱིན་ཚབ་འཇལ་རྒྱུའི་གཏུག་བཤེར་ཞུ་འདུན་ལ་རྒྱབ་སྐྱོར་མི་བྱེད་རྒྱུ།

དོན་ཚན་འདིའི་ནང་གསེས་དོན་ཚན(གཉིས)པ་ལས་ཕུང་གསུམ་པས་ཕན་ཆ་ཐོབ་མཁན་ཕྱོགས་ལ་རང་ཉིད་ནས་འགན་གཙང་བླངས་པའི་ས་ཞིང་ཐོག་ཚུལ་མཐུན་གྱི་མ་དངུལ་བཏང་པར་སྐྱིན་གསབ་སྤྲོད་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

དོན་ཚན་བདུན་པ། འགན་གཙང་བླངས་པའི་གན་རྒྱུ་རུ་ཁ་ཆད་བྱས་པའམ་ཡང་ན་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ལག་ཁྱེར་ནང་བཀོད་པའི་འགན་གཙང་ལེན་པའི་ཡུན་ཚད་དེ་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་ཕྱོགས་སྐོར་གྱི་བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་ཡུན་ཚད་ལས་ཐུང་ན། འགན་གཙང་ལེན་མཁན་ཕྱོགས་ཀྱིས་རིང་དུ་བསྲིང་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

དོན་ཚན་བརྒྱད་པ། འགན་གཙང་ལེན་མཁན་ནས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པར་འགལ་ཏེ་འགན་གཙང་བླངས་པའི་ས་ཞིང་ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་ཐད་ལ་སྤྱད་པའམ་ཡང་ན་འགན་གཙང་བླངས་པའི་ས་ཞིང་ལ་གཏན་ཚུགས་རང་བཞིན་གྱི་གནོད་སྐྱོན་བཏང་པར་འགན་གཙང་སྤྲོད་མཁན་ནས་འགན་གཙང་ལེན་མཁན་ལ་གནོད་སྐྱོན་གཏོང་མཚམས་འཇོག་རྒྱུ་དང་སྔོན་མ་ཇི་བཞིན་སླར་གསོ་བྱེད་པའམ་ཡང་ན་གྱོང་གུན་ལ་སྐྱིན་ཚབ་འཇལ་རེ་བཅས་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

དོན་ཚན་དགུ་པ། འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་དྲུག་པའི་གཏན་ཁེལ་ལྟར་ས་ཞིང་ཕྱིར་བསྡུ་སྔོན་ལ་འགན་གཙང་ལེན་མཁན་ཕྱོགས་ཀྱིས་འགན་ལེན་གཞན་སྤྲོད་དང་བོགས་མར་གཏོང་ཐབས་ཀྱིས་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ཕུང་གསུམ་པར་འཁོར་རྒྱུག་བྱས་པ་མ་ཟད་འཁོར་རྒྱུག་གི་དུས་ཚང་ཀྱང་ཐིམ་མེད་པར་འཁོར་རྒྱུག་རིན་དངུལ་བསྡུ་ཐད་ལ་རྩོད་གཞི་བྱུང་བ་གཤམ་གསལ་གྱི་གནས་ཚུལ་ལྟར་སོ་སོར་ཐག་གཅོད་རྒྱུ།

(གཅིག)འགན་གཙང་ལེན་མཁན་ཕྱོགས་ཀྱིས་ཐེངས་གཅིག་གིས་འཁོར་རྒྱུག་རིན་དངུལ་བསྡུས་ཟིན་པར་འགན་གཙང་སྤྲོད་མཁན་ཕྱོགས་ནས་འགན་གཙང་ལེན་མཁན་ཕྱོགས་ལ་ལྷག་མའི་འཁོར་རྒྱུག་དུས་ཚད་ཀྱི་འཁོར་རྒྱུག་རིན་དངུལ་ཕྱིར་སློག་བྱེད་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

(གཉིས)འཁོར་རྒྱུག་རིན་དངུལ་དུས་བགོས་ནས་སྤྲོད་དགོས་ཤིང་། འགན་གཙང་སྤྲོད་མཁན་གྱིས་ཕུང་གསུམ་པར་འཁོར་རྒྱུག་གན་རྒྱ་རུ་ཁ་ཆད་བྱས་པ་ལྟར་འཁོར་རྒྱུག་རིན་དངུལ་སྤྲོད་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

དོན་ཚན་བཅུ་པ། འགན་གཙང་ལེན་མཁན་གྱིས་འགན་གཙང་བླངས་པའི་ས་ཞིང་ཕྱིར་སྤྲད་པ་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་དགུ་པར་གཏན་འབེབས་བྱས་པའི་གོ་རིམ་དང་མི་མཐུན་ན། རང་མོས་ཀྱིས་ས་ཞིང་ཕྱིར་སྤྲད་པར་ངོས་འཛིན་མི་རུང་།

དོན་ཚན་བཅུ་གཅིག་པ། ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་འཁོར་རྒྱུག་བྱེད་པའི་ཁྲོད་དུ། ཐུན་མོང་དཔལ་དཔལ་འབྱོར་རྩ་འཛུགས་དེའི་ཁོངས་མིར་འཁོར་རྒྱུག་རིན་དངུལ་དང་འཁོར་རྒྱུག་དུས་ཚད་སོགས་ནང་དོན་གཙོ་བོ་གཅིག་མཚུངས་ཡིན་པའི་ཆ་རྐྱེན་འོག་སྔོན་ཐོབ་ཀྱི་དབང་ཆ་ཡོད་རྒྱུའི་འདོད་ཚུལ་བཏོན་རིགས་ལ་རྒྱབ་སྐྱོར་བྱེད་རྒྱུ། ཡིན་ནའང་གཤམ་གསལ་གྱི་གནས་ཚུལ་ཕུད།

(གཅིག)ཡིག་ཐོག་ནས་ཁྱབ་བསྒྲགས་བྱས་པའི་དུས་ཚད་འོས་མཚམ་ནང་སྔོན་ཐོབ་ཀྱི་དབང་ཆ་མི་འདོན་རིགས་དང་།

(གཉིས)ཁྱབ་བསྒྲགས་མ་བྱས་པར་ཐུན་མོང་དཔལ་འབྱོར་རྩ་འཛུགས་འདིར་མི་གཏོགས་པའི་མིས་འགན་གཙང་བླངས་པའི་ས་ཞིང་བེད་སྤྱོད་བྱས་ཏེ་ཟླ་གཉིས་ཀྱི་ནང་ཚུན་དུ་སྔོན་ཐོབ་ཀྱི་དབང་ཆ་མ་བཏོན་རིགས་སོ། །

དོན་ཚན་བཅུ་གཉིས་པ། འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་བཙན་ཐབས་སྤྱད་དེ་འགན་གཙང་ལེན་མཁན་ཕྱོགས་ལ་ས་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་ཕུང་གསུམ་པར་འཁོར་རྒྱུག་བྱས་པར་འགན་གཙང་ལེན་མཁན་ཕྱོགས་ཀྱིས་རང་ཉིད་དང་ཕུང་གསུམ་པའི་བར་བཞག་པའི་གན་རྒྱ་གོ་མི་ཆོད་པ་ཡིན་པར་ངོས་འཛིན་ཡོང་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

འགན་གཙང་ལེན་མཁན་ཕྱོགས་ནས་ཁྲིམས་ལྟར་ས་ཞིང་འགན་གཙང་ལེན་བྱེད་དབང་འཁོར་རྒྱུག་བྱེད་པར་འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་བར་ཆད་གཏོང་བར་འགན་གཙང་ལེན་མཁན་ཕྱོགས་ཀྱིས་བར་ཆད་སེལ་རྒྱུ་དང་གུན་གསབ་འཇལ་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

དོན་ཚན་བཅུ་གསུམ་པ། འགན་གཙང་ལེན་མཁན་ཕྱོགས་ཀྱིས་འགན་གཙང་སྤྲོད་མཁན་ཕྱོགས་ཀྱི་མོས་མཐུན་མ་བརྒྱུད་པར་བཤུག་སྤྲོད་བྱེད་ཐབས་ལ་བརྟེན་ནས་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་འཁོར་རྒྱུག་བྱས་པའི་བཤུག་སྤྲོད་གན་རྒྱ་གོ་ཆོད་མེད། ཡིན་ནའང་འགན་གཙང་སྤྲོད་མཁན་ལ་ཁྲིམས་བཀོད་ཀྱི་གནས་ལུགས་མེད་པར་འཐད་པ་མིན་པའམ་ཡང་ན་དུས་འགྱངས་བྱས་ཏེ་བསམ་ཚུལ་མཚོན་རིགས་ཕུད།

དོན་ཚན་བཅུ་བཞི་པ། འགན་གཙང་ལེན་མཁན་ཕྱོགས་ཀྱིས་ཁྲིམས་ལྟར་འགན་ལེན་གཞན་སྤྲོད་དང་བོགས་མར་གཏོང་བ།ཕན་ཚུན་བརྗེ་རེས་སམ་ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་འཁོར་རྒྱུག་བྱེད་པའི་གན་རྒྱ་སྙན་ཐོ་དཔོད་མེད་པ་ཁོ་ནར་ཁ་གཡར་ཏེ། གན་རྒྱ་གོ་མི་ཆོད་པར་ཡིན་པར་ངོས་འཛིན་ཡོང་རེ་ཞུས་པར་རྒྱབ་སྐྱོར་མི་བྱེད་རྒྱུ།

དོན་ཚན་བཅོ་ལྔ་པ། འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་རང་གི་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་གཏའ་མར་བཞག་པའམ་ཡང་ན་སྐྱིན་ཚབ་ཏུ་འཇལ་བ་དེ་གོ་མི་ཆོད་པར་ངོས་འཛིན་རྒྱུ། དེའི་རྐྱེན་གྱིས་གྱོང་གུན་བཟོས་པ་དང་དོ་བདག་བར་འཆུག་འཛོལ་ཡོད་ན། དེར་འབྲེལ་གྱི་དམངས་དོན་ཁག་འགན་འཁུར་དགོས།

དོན་ཚན་བཅུ་དྲུག་པ། འགན་གཙང་ལེན་མཁན་ཕྱོགས་ཀྱིས་འཁོར་རྒྱུག་རིན་དངུལ་མི་བསྡུ་བའམ་ཡང་ན་ཕ་རོལ་པར་རིན་དངུལ་སྤྲོད་རྒྱུའི་ཁ་ཆད་བཞག་པར་རྩོད་གཞི་བྱུང་པར་དོ་བདག་པས་གྲོས་མོལ་གྱིས་བསྒྱུར་རྒྱུ་ལ་གྲོས་མཐུན་བྱེད་ཐབས་མེད་པ་མ་ཟད། མུ་མཐུན་དེ་གན་རྒྱ་ལག་བསྟར་བྱས་ཚེ་དྲང་སྙོམ་མི་ཡོང་རིགས་ལ་མི་དམངས་ཁྲིམས་ཁང་ནས་འགྱུར་ལྡོག་བྱུང་བའི་ཕྱི་ཡུལ་གྱི་གནས་ཚུལ་གཞིགས་ནས་དྲང་སྙོམ་གྱི་རྩ་དོན་ལྟར་ཐག་གཅོད་རྒྱུ།

དོན་ཚན་བཅུ་བདུན་པ། དོ་བདག་པས་འགན་ལེན་གཞན་སྤྲོད་དབང་བོགས་མར་གཏོང་པའི་ས་ཞིང་འཁོར་རྒྱུག་བྱེད་པའི་དུས་ཚད་ལ་ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་བཞག་པ་གསལ་བོ་མིན་ན། གན་རྒྱའི་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དང་སོ་གཉིས་པའི་གཏན་འབེབས་ལྟར་ཐག་གཅོད་རྒྱུ། དོ་བདག་པས་ཁ་ཆད་གཞན་བྱས་ཡོད་པའམ་ཡང་ན་ནགས་ས་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པ་ཕུད། འགན་གཙང་བླངས་པའི་ས་ཞིང་ཕྱིར་སྤྲོད་པའི་དུས་ཚོད་དེ་ལོ་ཏོག་གི་ཐོན་འབབ་མཇུག་སྒྲིལ་རྗེས་སམ་ཡང་ན་ཐེངས་རྗེས་མའི་རྨོ་འདེབས་འགོ་ཚུགས་པའི་སྔོན་ཡིན།

ས་ཞིང་གི་ཐོན་སྐྱེད་ནུས་པ་མཐོ་རུ་བཏང་བའི་འགྲོ་སྒོ་ལ་དོ་བདག་པ་ཕ་རོལ་པས་བབ་མཐུན་གྱི་སྐྱིན་གསབ་འཇལ་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

དོན་ཚན་བཅོ་བརྒྱད་པ། འགན་གཙང་སྤྲོད་མཁན་ནམ་ཡང་ན་གཞན་པའི་རྩ་འཛུགས་དང་མི་སྒེར་བཅས་ནས་རང་མཚམས་ཀྱིས་འགན་གཙང་བླངས་པའི་ཐོན་འབབ་དང་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་འཁོར་རྒྱུག་བྱས་པའི་ཐོན་འབབ་བཅད་ཉར་དང་དངུལ་འཕྲི་འཐེན་བྱས་པར་འགན་གཙང་ལེན་མཁན་ཕྱོགས་ཀྱིས་ཕྱིར་སློག་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

འགན་གཙང་སྤྲོད་མཁན་ཕྱོགས་སམ་ཡང་ན་གཞན་པའི་རྩ་འཛུགས་དང་མི་སྒེར་བཅས་ནས་ཁ་འཐབ་གཏོང་རྒྱུའི་འདོད་ཚུལ་བཏོན་པར་རྒྱབ་སྐྱོར་མི་བྱེད་རྒྱུ།

3 ཐབས་ཚུལ་གཞན་ལ་བརྟེན་ནས་འགན་གཙང་བླངས་པའི་རྩོད་གཞི་ཐག་གཅོད་བྱེད་སྐོར།

དོན་ཚན་བཅུ་དགུ་པ། ཐུན་མོང་དཔལ་འབྱོར་རྩ་འཛུགས་འདི་གའི་ཁོངས་མིར་འགན་གཙང་ལེན་པའི་རིན་དངུལ་དང་འགན་གཙང་ལེན་པའི་དུ་ཚད་སོགས་ཀྱི་ནང་དོན་གཙོ་བོ་གཅིག་མཚུངས་ཡིན་འོག་སྔོན་ཐོབ་ཀྱི་འགན་གཙང་ལེན་དབང་ཐོབ་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ། ཡིན་ནའང་འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་གྲོང་གསེབ་ཀྱི་ས་ཞིང་དེ་ཐུན་མོང་དཔལ་འབྱོར་རྩ་འཛུགས་འདི་གར་མི་གཏོགས་པའི་སྡེ་ཚན་ནམ་མི་སྒེར་ལ་འགན་ལེན་གཞན་སྤྲོད་བྱས་ཤིང་། བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་གྲོས་ཐག་གཅོད་པའི་གོ་རིམ་བརྒྱུད་དེ་གྲོ་འཆམ་ཟིན་པ་མ་ཟད། ཞང་(གྲོང་རྡལ།)མི་དམངས་སྲིད་གཞུང་ནས་ཆོག་མཆན་བཀོད་རྗེས་སྔོན་ཐོབ་ཀྱི་འགན་གཙང་ལེན་དབང་བཏོན་པར་རྒྱབ་སྐྱོར་མི་བྱེད་རྒྱུ།

དོན་ཚན་ཉི་ཤུ་པ། འགན་གཙང་སྤྲོད་མཁན་གྱིས་ས་ཆ་གཅིག་པར་འགན་གཙང་ལེན་པའི་གན་རྒྱ་གཉིས་ཡན་འཇོག་པར་འགན་གཙང་ལེན་མཁན་ཕྱོགས་གྱིས་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ཐོབ་རྒྱུའི་འདོད་ཚུལ་བཏོན་པར་གཤམ་གསལ་གྱི་གནས་ཚུལ་ལྟར་སོ་སོར་ཐག་གཅོད་རྒྱུ།

(གཅིག)ཁྲིམས་ལྟར་ཐོ་འགོད་བྱས་པའི་འགན་གཙང་ལེན་མཁན་ཕྱོགས་ལ་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ཐོབ་རྒྱུ་དང་།

(གཉིས)ཁྲིམས་ལྟར་ཐོ་འགོད་བྱས་མེད་པའི་ནུས་པ་སྔོན་ལ་ཐོན་པའི་གན་རྒྱ་ཡི་འགན་གཙང་ལེན་མཁན་ཕྱོགས་ལ་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ཐོབ་རྒྱུ།

(གསུམ)གོང་གི་གཏན་འབེབས་གཉིས་པོ་ལྟར་གཏན་འཁེལ་བྱེད་མི་ཐུབ་པར་འགན་གཙང་བླངས་པའི་གན་རྒྱ་ལྟར་ཁྲིམས་མཐུན་གྱིས་ས་ཞིང་བདག་བཟུང་དང་བེད་སྤྱོད་བྱེད་པའི་མིར་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ཐོབ་རྒྱུ། ཡིན་ནའང་རྩོད་གླེང་བྱུང་རྗེས་ཕྱོགས་གཅིག་གིས་བཙན་ཤེད་ཀྱིས་སྔོན་ལ་ས་ཞིང་བདག་བཟུང་བྱས་པའི་བྱ་སྤྱོད་དང་དོན་དངོས་སོགས་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་གཏན་འཁེལ་བྱེད་ཡས་ཀྱི་གཞི་འཛིན་ས་བྱས་མི་ཆོག

དོན་ཚན་ཉེར་གཅིག་པ། འགན་གཙང་ལེན་མཁན་ཕྱོགས་ཀྱིས་ཁྲིམས་ལྟར་ཐོ་འགོད་བྱས་ཏེ་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ལག་ཁྱེར་ལ་སོགས་པའི་ལག་ཁྱེར་མ་བླངས་བ་སྟེ། བཤུག་སྤྲོད་དང་བོགས་མར་གཏོང་བ། མ་རྐང་འཇོག་པ། གཏའ་མར་འཇོག་པ་བཅས་ཀྱི་ཐབས་ལ་བརྟེན་ནས་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་འཁོར་རྒྱུག་བྱས་པར་འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་འཁོར་རྒྱུག་བྱས་རིགས་དེ་ནུས་མེད་ཡིན་པའི་ངོས་འཛིན་བྱེད་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ། ཡིན་ནའང་འགན་གཙང་ལེན་མཁན་ཕྱོགས་ཀྱི་རྒྱུ་རྐྱེན་མ་ཡིན་པར་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ལག་ཁྱེར་ལ་སོགས་པའི་ལག་ཁྱེར་མ་བླངས་རིགས་ཕུད།

འགན་གཙང་ལེན་མཁན་ཕྱོགས་ཀྱིས་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་འཁོར་རྒྱུག་བྱེད་པར་བཅའ་ཁྲིམས་སམ་ཡང་ན་འགྲེལ་བཤད་འདི་ཉིད་དུ་གཏན་འབེབས་དམིགས་བསལ་བྱས་པ་ཕུད། ཚང་མ་ཁྱིམ་ཚང་གིས་ས་ཞིང་འགན་གཙང་བླངས་པའི་ས་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་འཁོར་རྒྱུག་བྱེད་པའི་གཏན་འབེབས་ལྟར་ཐག་གཅོད་རྒྱུ།

4 ས་ཞིང་བསྡུས་པར་སྐྱིན་གསབ་སྤྲད་དངུལ་བགོ་བཤའ་རྒྱག་ཐད་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ཤུལ་འཛིན་བྱ་ཐད་ཀྱི་རྩོད་གཞི་ཐག་གཅོད་བྱེད་སྐོར།

དོན་ཚན་ཉེར་གཉིས་པ། འགན་གཙང་བླངས་པའི་ས་ཞིང་ཁྲིམས་ལྟར་བསྡུས་པ་ལ། འགན་གཙང་ལེན་མཁན་ཕྱོགས་ཀྱིས་འགན་གཙང་སྤྲོད་མཁན་ལ་འབྱོར་ཟིན་པའི་ས་ཐོག་གི་ཟུར་འབྱར་དངོས་རིགས་དང་རྩི་ཤིང་གི་སྐྱིན་དངུལ་ལ་འཇལ་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

འགན་གཙང་ལེན་མཁན་ཕྱོགས་ཀྱིས་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་འགན་ལེན་གཞན་སྤྲོད་དང་བོགས་མར་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་ཕུང་གསུམ་པར་འཁོར་རྒྱུག་བྱས་པར་དོ་བདག་ལ་ཁ་ཆད་གཞན་ཡོད་ལས་གཞན། རྩི་ཤིང་གི་སྐྱིན་དངུལ་དེ་དོན་དངོས་སུ་འགྲོ་སྒོ་བཏང་པའི་མི་ལ་དབང་བ་ཡིན་ཞིང་། ས་ཐོག་གི་ཟུར་འབྱར་དངོས་རིགས་ཀྱི་སྐྱིན་དངུལ་དེ་ཟུར་འབྱར་དངོས་པོ་དབང་མཁན་ལ་དབང་བ་ཡིན།

དོན་ཚན་ཉེར་གསུམ་པ། འགན་གཙང་བླངས་པའི་ས་ཞིང་ཁྲིམས་ལྟར་བསྡུས་པས། གཅིག་གྱུར་སྒོས་བཀོད་སྒྲིག་གཏོང་བ་དོར་བའི་ཁྱིམ་ཚང་གི་འགན་གཙང་ལེན་མཁན་ཕྱོགས་ཀྱིས་འགན་གཙང་སྤྲོད་མཁན་ལ་འབྱོར་ཟིན་པའི་བཀོད་སྒྲིག་རོགས་དངུལ་སྤྲོད་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

དོན་ཚན་ཉེར་བཞི་པ། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་། གྲོང་མིའི་ཚན་ཆུང་བཅས་ནས་བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་དམངས་གཙོའི་གྲོས་ཐག་གཅོད་པའི་གོ་རིམ་ལྟར། ཐུན་མོང་དཔལ་འབྱོར་རྩ་འཛུགས་དེའི་ནང་ཁོངས་ཀྱི་འབྱོར་ཟིན་པའི་ས་ཞིང་གི་སྐྱིན་དངུལ་ཐག་གཅོད་བྱས་ཆོག  ས་ཞིང་བསྡུས་པར་སྐྱིན་དངུལ་འཇལ་ཐབས་དང་མི་ཆ་བཀོད་སྒྲིག་གཏོང་བའི་འཆར་གཞི་གཏན་འབེབས་བྱེད་སྐབས། ཐུན་མོང་དཔལ་འབྱོར་རྩ་འཛུགས་དེའི་ཁོངས་མིའི་ཐོབ་ཐང་ཡོད་མཁན་ནས་རང་ལ་འོས་བབ་ཀྱི་ཐོབ་སྐལ་ཡོང་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ། ཡིན་ནའང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཐོ་དཔོད་ཟིན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག   གཅིག་རྐྱང་གི་སྲོལ་ཡིག ས་གནས་སྲིད་གཞུང་གི་སྒྲིག་སྲོལ་བཅས་སུ་ས་ཞིང་གི་སྐྱིན་དངུལ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནང་ཁོངས་ལས་བགོ་བཤའ་རྒྱག་སྟངས་ཐད་ལ་གཞན་པའི་གཏན་ཁེལ་ཡོད་པ་ཕུད།

དོན་ཚན་ཉེར་ལྔ་པ། ཁྱིམ་ཚང་གིས་ནགས་ས་འགན་གཙང་ལེན་སྐབས། འགན་གཙང་ལེན་མཁན་ཕྱོགས་ཀྱི་ཤུལ་འཛིན་བྱེད་མིས་འགན་གཙང་བླངས་པའི་དུས་ཚད་ནང་མུ་མཐུད་དེ་འགན་གཙང་ལེན་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

བྱེད་ཐབས་གཞན་ལ་བརྟེན་ནས་འགན་གཙང་ལེན་སྐབས། འགན་གཙང་ལེན་མཁན་ཕྱོགས་ཀྱི་ཤུལ་འཛིན་བྱེད་མིའམ་ཡང་ན་ཁེ་དབང་སྤྱོད་མཁན་དང་འོས་འགན་འཁུར་མཁན་ནས་འགན་གཙང་བླངས་པའི་དུས་ཚད་ནང་མུ་མཐུད་དེ་འགན་གཙང་ལེན་རེ་ཞུས་པར་རྒྱབ་སྐྱོར་བྱེད་རྒྱུ།

5 གཏན་འབེབས་གཞན་དག་སྐོར།

དོན་ཚན་ཉེར་དྲུག་པ། མི་དམངས་ཁྲིམས་ཁང་གིས་འགྲེལ་བཤད་འདིའི་དོན་ཚན་ལྔ་པ་དང་དོན་ཚན་དྲུག་པའི་ནང་གསེས་ཀྱི་དོན་ཚན་དང་པོའི་ཚན་པ་གཉིས་པ། ནང་གསེས་ཀྱི་དོན་ཚན་གཉིས་པ། དོན་ཚན་བཅུ་དྲུག་པ་བཅས་དང་འབྲེལ་བའི་རྩོད་གཞིའི་གྱོད་དོན་ལ་འདྲི་གཅོད་བྱེད་སྐབས། འདུམ་འགྲིམ་བྱེད་རྒྱུ་གཙོར་འཛིན་དགོས་ཤིང་། དགོས་ངེས་བྱུང་ཚེ་མི་དམངས་འདུམ་འགྲིག་རྩ་འཛུགས་ལ་མངག་བཅོལ་བྱས་ཏེ་འདུམ་འགྲིག་བྱེད་རྒྱུ།

དོན་ཚན་ཉེར་བདུན་པ། འགྲེལ་བཤད་འདི2005ལོའི་ཟླ9ཚེས1ཉིན་ནས་ལག་བསྟར་བྱས་ཤིང་། ལག་བསྟར་བྱས་རྗེས་བདག་སྤྲོད་བྱས་པའི་འདྲི་གཅོད་ཐེངས་དང་པོ་བྱེད་རྒྱུའི་གྱོད་གཞིར་འགྲེལ་བཤད་འདི་སྤྱད་འཐུས་རྒྱུ།

འགྲེལ་བཤད་འདི་ལག་བསྟར་མ་བྱས་སྔོན་ལ་ནུས་པ་ཐོན་ཟིན་པའི་ཁྲིམས་འཛིན་འགྲེལ་བཤད་དག་འགྲེལ་བཤད་འདི་དང་གཅིག་མཐུན་མིན་ན། འགྲེལ་བཤད་འདི་གཞིར་འཛིན་རྒྱུ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-23

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།