གཉེན་སྒྲིག་གི་ཐོ་འགོད་སྐོར་གྱི་སྲོལ་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཉེན་སྒྲིག་གི་ཐོ་འགོད་སྐོར་གྱི་སྲོལ་ཡིག
སྤྱི་ལོ2003ལོའི་ཟླ8པའི་ཚེས8ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང387པ་སྤྱི་བསྒྲགས་བྱས།སྤྱི་ལོ2003ལོའི་ཟླ10པའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱ་རྒྱུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
婚姻登记条例
ཁྱབ་བསྒྲགས་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་།
གྲོས་འཆམ་བྱུང་དུས།
སྤྱི་ལོ2003ལོའི་ཟླ7པའི་ཚེས30ཉིན།
ཁྱབ་བསྒྲགས་ལོ་ཚིགས།
སྤྱི་ལོ2003ལོའི་ཟླ8པའི་ཚེས8ཉིན།
ལག་བསྟར་ལོ་ཚིགས།
སྤྱི་ལོ2003ལོའི་ཟླ10བའི་ཚེས1ཉིན།
1 ​ལེའུ་དང་པོ།  སྤྱིའི་དོན་ཚན།

དོན་ཚན་དང་པོ། གཉེན་སྒྲིག་ཐོ་འགོད་ཀྱི་བྱ་བ་ཚད་ལྡན་ཏུ་གཏོང་ཆེད་དང་།གཉེན་སྒྲིག་རང་མོས་དང་།ཁྱོ་གཅིག་ཆ་རེ།སྐྱེས་པ་དང་བུད་མེད་འདྲ་མཉམ་བཅས་ཀྱི་གཉེན་སྒྲིག་ལམ་ལུགས་ལག་བསྟར་འགན་སྲུང་བྱེད་ཆེད།གཉེན་སྒྲིག་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ཆེད་དུ། 《གཉེན་སྒྲིག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》(གཤམ་དུ་གཉེན་སྒྲིག་བཅའ་ཁྲིམས་ཞེས་བསྡུས་མིང་འབོད་རྒྱུ)ལ་གཞི་བཅོལ་ནས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། ནང་སའི་སྡོད་དམངས་ཀྱི་གཉེན་སྒྲིག་ཐོ་འགོད་བྱེད་སའི་ལས་ཁུངས་ནི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་ཚན་པའམ་ཤང(གྲོང་བརྡལ)མི་དམངས་སྲིད་གཞུང་ཡིན།ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་མང་ཚོགས་ལ་སཐཏབས་བདེ་ཡོང་རྒྱུའི་རྩ་དོན་ལྟར་གྲོང་གསེབ་སྡོད་དམངས་ཀྱི་གཉེན་སྒྲིག་ཐོ་འགོད་བྱེད་མཁན་གྱི་བྱེ་བྲག་གི་ཚན་པ་གཏན་འཁེལ་བྱས་ཆོག

ཀྲུང་གོའི་སྤྱི་དམངས་ཀྱིས་ཕྱི་གླིང་པ་དང་།ནང་སའི་སྡོད་དམངས་ཀྱིས་ཤང་ཀང་དམིགས་གསལ་སྲིད་འཛིན་ས་ཁུལ་ཀྱི་སྡོད་དམངས(གཤམ་ལ་ཤང་ཀང་སྡོད་དམངས་ཞེས་བསྡུ་རྒྱུ)ཨོ་མོན་དམིགས་གསལ་སྲིད་འཛིན་ས་ཁུལ་གྱི་སྡོད་དམངས(གཤམ་ལ་ཨོ་མོན་སྡོད་དམངས་ཞེས་བསྡུ་རྒྱུ)ཐའེ་ཝན་ས་ཁུལ་གྱི་སྡོད་དམངས(གཤམ་ལ་ཐའེ་ཝན་སྡོད་དམངས་ཞེས་བསྡུ་རྒྱུ)ཕྱིར་སྡོད་ཀྲུང་གོ་པ་བཅས་དང་གཉེན་སྒྲིག་ཐོ་འགོད་བྱེད་སའི་ལས་ཁུངས་ནི་ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་ཚན་པའམ་ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ཁྱིས་གཏན་འཁེལ་བྱས་པའི་ཚན་པ་ཡིན།

དོན་ཚན་གསུམ་པ། གཉེན་སྒྲིག་ཐོ་འགོད་ཚན་པའི་ཐོ་འགོད་ལས་བྱེད་མི་སྣ་གཉེན་སྒྲིག་ཐོ་འགོད་ལས་དོན་གྱི་སྦྱོང་བརྡར་ལ་ཞུགས་ཏེ་རྒྱུགས་ཚད་བླངས་པ་བརྒྱུད་ཚད་ལོང་ན་ད་བཟོད་གཉེན་སྒྲིག་ཐོ་འགོད་ཀྱི་ལས་ཀ་སྒྲུབ་ཆོག

གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་གཉེན་སྒྲིག་ཐོ་འགོད་བྱེད་དུས།དོ་བདག་གི་ས་ནས་རིན་གོང་ཚད་གཞི་ལྟར་པ་ཕུད།གླ་ཆ་གཞན་དག་ལེན་མི་ཆོག་པའམ་ལས་སྒོ་གཞན་དག་ཟུར་སྣོན་བྱས་མི་ཆོག

2 ལེའུ་གཉིས་པ།  གཉེན་སྒྲིག་ཐོ་འགོད།

དོན་ཚན་བཞི་བ། ནང་སའི་སྡོད་དམངས་གཉེན་སྒྲིག་བྱེད་ན།སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀ་མཉམ་གཅིག་ཏུ་དོ་བདག་ཕྱོགས་གཅིག་གི་རྒྱུན་སྡོད་ཐེམ་ཐོ་གནས་སའི་གཉེན་སྒྲིག་ཐོ་འགོད་ཚན་པར་ཕྱིན་ནས་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་རིམ་འགྲིམ་དགོས།

ཀྲུང་གོའི་སྡོད་དམངས་ཀྱིས་ཕྱི་རྒྱལ་པ་དང་།ཤང་ཀང་སྡོད་དམངས་དང་།ཨོ་མོན་སྡོད་དམངས།ཐའེ་ཝན་སྡོད་དམངས།ཕྱིར་སྡོད་ཀྲུང་གོ་པ་བཅས་དང་ཀྲུང་གོའི་ནང་སར་གཉེན་སྒྲིག་བྱེད་ན།སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀ་མཉམ་གཅིག་ཏུ་ནང་སའི་སྡོད་དམངས་ཀྱི་རྒྱུན་སྡོད་ཐེམ་ཐོ་གནས་སའི་གཉེན་སྒྲིག་ཐོ་སགོད་ལས་ཁུངས་སུ་ཕྱིན་ནས་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་རིམ་འགྲིམ་དགོས།

དོན་ཚན་ལྔ་བ། གཉེན་སྒྲིག་ཐོ་འགོད་བྱེད་མཁན་ནང་སའི་སྡོད་དམངས་ཀྱིས་གཤམ་གྱི་འཛིན་ཡིག་དང་བདེན་དཔང་རྒྱུ་ཆ་འདོན་སྤྲོད་བྱེད་དགོས།

(གཅིག)རང་ཉིད་ཀྱི་ཐེམ་ཐོ་དང་ཐོབ་ཐང་ལག་ཁྱེར།

(གཉིས)རང་ཉིད་ལ་བཟའ་ཟླ་མེད་པ་དང་།ཕ་རོལ་པོ་དང་ཤ་རུས་གཅིག་པའི་གཉེན་ཚན་དང་མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་གཉེན་ཚན་གྱི་འབྲེལ་བ་མེད་པ་མཚོན་བྱེད་མང་རྟགས་བཀོད་ཡོད་པའི་གསལ་བསྒྲགས།

གཉེན་སྒྲིག་ཐོ་འགོད་བྱེད་མཁན་ཤང་ཀང་སྡོད་དམངས་དང་།ཨོ་མོན་སྡོད་དམངས།ཐའེ་ཝན་སྡོད་དམངས་བཅས་ཀྱིས་གཤམ་གསལ་གྱི་འཛིན་ཡིག་དང་བདེན་དཔང་རྒྱུ་ཆ་འདོན་སྤྲོད་བྱེད་དགོས།

(གཅིག)རང་ཉིད་ཀྱི་ནུས་ལྡན་ལམ་ཡིག་དང་ཐོབ་ཐབ་ལ་ཁྱེར།

(གཉིས)སྡོད་གནས་གཞུང་དཔང་ལས་ཁུངས་ཀྱིས་དཔང་པོ་བྱས་པའི་རང་ཉིད་ལ་བཟའ་ཟླ་མེད་པ་དང་།ཕ་རོལ་པོ་དང་ཤ་རུས་གཅིག་པའི་གཉེན་ཚན་དང་མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་གཉེན་ཙན་གྱི་འབྲེལ་བ་མེད་པ་མཚོན་པའི་གསལ་བསྒྲགས།

གཉེན་སྒྲིག་ཐོ་འགོད་བྱེད་མཁན་ཕྱིར་སྡོད་ཀྲུང་གོ་པས་གཤམ་གསལ་གྱི་འཛིན་ཡིག་དང་བདེན་དཔང་རྒྱུ་ཆ་འདོན་སྤྲོད་བྱེད་དགོས།

(གཅིག)རང་ཉིད་ཀྱི་ནུས་ལྡན་ལམ་ཡིག

(གཉིས)སྡོད་སའི་རྒྱལ་ཁབ་ཀྱི་གཞུད་དཔང་ལས་ཁུངས་སམ་དབང་ལྡན་ལས་ཁུངས་ཀྱིས་སྤྲད་ཅིང་།རྒྱལ་ཁབ་དེ་གར་བཅའ་སྡོད་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ(དོན་གཅོད)ཁང་གིས་ཁས་ལེན་བྱས་པའི་རང་ཉིད་ལ་བཟའ་ཟླ་མེད་ན་དང་།ཕ་རོལ་པོ་དང་ཤ་རུས་གཅིག་པའི་གཉེན་གཉེན་ཚན་དང་མི་རབས་གསུམ་ནང་ཚན་གྱི་རྒྱུད་འབྲེལ་བ་མེད་པ་མཚོན་པའི་བདེན་དཔང་ཡི་གེ་ཡང་ན་རྒྱལ་ཁབ་ཀྱི་གཞུང་ཚབ(དོན་གཅོད)ཁང་གིས་ཁས་ལེན་སྤྲད་པའི་རང་ཉིད་ལ་བཟའ་ཟླ་མེད་པ་དང་།ཕ་རོལ་པོ་དང་ཤ་རུས་གཅིག་པའི་གཉེན་གཉེན་ཚན་དང་མི་རབས་གསུམ་ནང་ཚན་གྱི་རྒྱུད་འབྲེལ་གཉེན་ཚན་གྱི་འབྲེལ་བ་མེད་པ་མཚོན་པའི་བདེན་དཔང་ཡི་གེ

གཉེན་སྒྲིག་ཐོ་འགོད་བྱེད་མཁན་ཕྱི་རྒྱལ་པས་གཤམ་གསལ་གྱི་འཛིན་ཡིག་དང་སཔང་ཡིག་རྒྱུ་ཆ་འདོན་སྤྲོད་བྱེད་དགོས།

(གཅིག)རང་ཉིད་ཀྱི་ནུས་ལྡན་ལམ་ཡིག་གམ་རྒྱལ་སྤྱིའི་ཡུལ་སྐོར་དཔང་ཡིག་ནུས་ལྡན་གཞན་དག

(གཉིས)རང་རྒྱལ་ཁབ་ཀྱི་གཞུང་དཔང་ལུས་ཁུངས་སམ་དབང་ལྡན་ལུས་ཁུངས་ཀྱི་སྤྲད་ཅིང་།རྒྱལ་ཁབ་དེ་གར་བཅའ་སྡོད་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་(དོན་གཅོད)ཁང་གིས་ཁས་ལེན་བྱས་པའམ་རྒྱལ་ཁབ་དེའི་ཀྲུང་གོར་བཅད་སྡོད་བྱེད་པའི་གཞུང་ཚབ(དོན་གཅོད)ཁང་གིས་ཁས་ལེན་བྱས་པའི་རང་ཉིད་ལ་བཟའ་ཟླ་མེད་པའི་བདེན་དཔང་ཡི་གེ་དང་།ཡང་ན་རང་ཉིད་སྡོད་སའི་རྒྱལ་ཁབ་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་བྱེད་པའི་གཞུང་ཚབ(དོན་གཅོད)ཁང་གིས་སྤྲད་པའི་རང་ཉིད་ལ་བཟའ་ཟླ་མེད་པའི་བདེན་དཔང་ཡི་གེ

དོན་ཚན་དྲུག་པ། གཉེན་སྒྲིག་ཐོ་འགོད་བྱེད་མཁན་དོ་བདག་ལ་གཤམ་གསལ་གྱི་གནས་ཚུལ་གྱས་ཤིག་ཡོད་ཚེ།གཉེན་སྒྲིག་ཐོ་འགོད་ཚན་པས་ཐོ་འགོད་ཐོ་འགོད་མི་བྱེད་པ་ཡིན།

(གཅིག)ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་ལ་སོན་མེད་པ་དང་།

(གཉིས)ཕྱོགས་གཉིས་ཀ་རང་མོས་མིན་པ།

(གསུམ)ཕྱོགས་གཅིག་གམ་ཕྱོགས་གཉིད་ཀར་བཟའ་ཟླ་ཡོད་པ།

(བཞི)ཤ་རུས་གཅིག་པའི་གཉེན་ཚན་དང་མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་གཉེན་ཚན་ཡིན་པ།

(ལྔ)གསོ་རིགས་སྟེང་གཉེན་སྒྲིག་བྱས་མི་ཆོག་པར་འདོད་པའི་ནད་ཕོག་ཡོད་པ།

དོན་ཚན་བདུན་པ། གཉེན་སྒྲིག་ཐོ་འགོད་ཚན་པས་གཉེན་སྒྲིག་ཐོ་འགོད་བྱེད་མཁན་དོ་བདག་གིས་བཏོན་པའི་འཛིན་ཡིག་དང་བདེན་དཔང་རྒྱུ་ཆ་ལ་ཞིབ་བཤེར་བྱེད་དགོས་ཁར་འབྲེལ་ཡོད་གནས་ཚུལ་ལ་འདྲི་རྩད་བྱེད་དགོས།གཉེན་སྒྲིག་གི་ཆ་རྐྱེན་ཚང་བའི་དོ་བདག་ཡིན་ན་ཐོ་འགོད་བྱས་ཏེ་གཉེན་སྒྲིག་ལག་ཁྱེར་སྤྲོད་དགོས།གཉེན་སྒྲིག་གི་ཆ་རྐྱེན་མི་ཚང་མཁན་ཡིན་ན་གཉེན་སྒྲིག་ཐོ་འགོད་མི་བྱེད་པ་དང་དེ་དོན་རྒྱུ་མཚན་གསལ་བཤད་བྱེད་དགོས།

དོན་ཚན་བརྒྱད་པ། སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀས་གཉེན་སྒྲིག་ཐོ་འགོད་གསབ་སྒྲུབ་བྱེད་པ་ལ།སྲོལ་ཡིག་འདིའི་གཉེན་སྒྲིག་ཐོ་འགོད་ཀྱི་གཏན་འབེབས་སྤྱད་འཐུས།

དོན་ཚན་དགུ་པ། བཙན་སྐུལ་འོག་གཉེན་སྒྲིག་བྱེད་དགོས་བྱུང་མཁན་ཡིན་ན།བཙན་སྐུལ་དོ་བདག་གིས་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཅིག་པའི་གཏན་འབེབས་ལྟར།གཉེན་སྒྲིག་ཐོ་འགོད་ཚན་པར་སོ་སོའི་གཉེན་སྒྲིག་ཕྱིར་འཐེན་བྱེད་དགོས་པའི་རེ་བ་འདུན་འདོན་ཚེ།གཤམ་གསལ་གྱི་བདེན་དཔང་རྒྱུ་ཆ་འདོན་སྤྲོད་བྱེད་དགོས།

(གཅིག)རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་གཉེན་སྒྲིག་ལག་ཁྱེར།

(གཉིས)བཙན་སྐུལ་འོག་གཉེན་སྒྲིག་བྱས་ཚུན་བདེན་དབང་བྱེད་ཐུབ་པའི་བདེན་དཔང་རྒྱུ་ཆ།

གཉེན་སྒྲིག་ཐོ་འགོད་ཚན་པས་ཞིབ་བཤེར་བྱས་ཏེ་བཙན་སྐུལ་འོག་གཉེན་སྒྲིག་བྱས་པ་བདེན་པར་འདོད་པ་དང་།དེ་མིན་ཕྲུ་གུ་གསོ་བ།རྒྱུ་ནོར།བུ་ལོན་སོགས་ཀྱི་གནད་དོན་མེད་པ་ཅན་ཡིན་ན།གཉེན་སྒྲིག་དེ་ཕྱིར་འཐེན་བྱེད་དགོས་པ་དང་གཉེན་སྒྲིག་ལག་ཁྱེར་རྩིས་འགྲོ་མེད་པར་བསྒྲག་དགོས།

3 ལེའུ་གསུམ་པ།  བཟའ་ཚང་ཁ་བྲལ་ཐོ་འགོད།

དོན་ཚན་བཅུ་པ། ནང་སའི་སྡོད་དམངས་རང་མོས་ཀྱི་བཟའ་ཚང་ཁ་བྲལ་བྱེད་ཚེ།སྐྱེས་པ་དང་བུད་མེད་གཉིས་ཀ་མཉམ་གཅིག་ཏུ་ཕྱོགས་གཅིག་གི་ཐེམ་ཐོ་རྒྱུན་སྡོད་ས་གནས་ཀྱི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ཕྱིན་ནས་བཟའ་ཚང་ཁ་བྲལ་ཐོ་འགོད་བྱེད་དགོས།

ཀྲུང་གོའི་སྡོད་དམངས་དང་ཕྱི་རྒྱལ་པ་ཀྲུང་གོའི་ནང་སར་རང་མོས་སྒོས་བཟའ་ཚང་ཁ་བྲལ་བྱེད་པ་ཡིན།སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀ་མཉམ་གཅིག་ཏུ་ནང་སའི་སྡོད་དམངས་ཀྱི་ཐེམ་ཐོ་རྒྱུན་སྡོད་ས་གནས་ཀྱི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ཕྱིན་ནས་བཟའ་ཚང་ཁ་བྲལ་ཐོ་འགོད་བྱེད་དགོས།

དོན་ཚན་བཅུ་གཅིག་པ། བཟའ་ཚང་ཁ་བྲལ་ཐོ་འགོད་བྱེད་མཁན་གྱི་རྒྱལ་ནང་གི་སྡོད་དམངས་ཀྱིས་གཤམ་གྱི་འཛིན་ཡིག་དང་བདེན་དཔང་རྒྱུ་ཆ་འདོན་སྤྲོད་བྱེད་དགོས།

(གཅིག)རང་ཉིད་ཀྱི་ཐེམ་ཐོ་དང་ཐོབ་ཐང་ལག་ཁྱེར།

(གཉིས)རང་ཉིད་ཀྱི་གཉེན་སྒྲིག་ལག་ཁྱེར།

(གསུམ)དོ་བདག་ཕྱོགས་གཉིས་ཀས་བཞག་པའི་བཟའ་ཚང་ཁ་བྲལ་གྲོས་ཆིངས།

གཉེན་སྒྲིག་ཐོ་འགོད་བྱེད་མཁན་ཤང་ཀང་སྡོད་དམངས་དང་།·ཨོ་སྡོད་དམངས།ཐའེ་ཝན་སྡོད་དམངས།ཕྱིར་སྡོད་ཀྲུང་གོ་བ།ཕྱི་རྒྱལ་པ་བཅས་ཀྱིས་གོང་གསལ་དོན་ཚན་དང་པོ་དང་གཉིས་པའི་གཏན་འབེབས་བྱས་པའི་འཛིན་ཡིག་དང་བདེན་དཔང་རྒྱ་ཆ་འདོན་སྤྲོད་བྱེད་དགོས་པ་ཕུད།ཤང་ཀང་སྡོད་དམངས།ཨོ་མོན་སྡོད་དམངས།ཐའེ་ཝན་སྡོད་དམངས།ཕྱི་རྒྱལ་པ་བཅས་ཀྱིས་ད་དུང་རང་ཉིད་ཀྱི་ནུས་ལྡན་ལམ་ཡིག་དང་ཐོབ་ཐང་ལག་ཁྱེར་འདོན་སྤྲོད་བྱེད་དགོས་དང་།ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་རྒྱལ་པས་ད་དུང་རང་ཉིད་ཀྱི་ནུས་ལྡན་ལམ་ཡིག་དང་རྒྱལ་སྤྱིའི་ཡུལ་སྐོར་ལག་ཁྱེར་ནུས་ལྡན་གཞན་དག་འདོན་སྤྲོད་བྱེད་དགོས།

བཟའ་ཚང་ཁ་བྲལ་གྲོས་ཆིངས་སྟེང་དོ་བདག་ཕྱོགས་གཉིས་ཀ་བཟའ་ཚང་ཁ་བྲལ་བྱེད་རྒྱུར་རང་མོས་ཡིན་པའི་འདོད་བློ་དང་།དེ་མིན་ཕྲུ་གུ་གསོ་རྒྱུ་དང་།རྒྱུ་ནོར།བུན་ལོན་ཐག་གཅོད་སོགས་ཀྱི་ཐད་གྲོས་མཐུན་བྱུང་ཚུལ་གྱི་བསམ་འཆར་འགོད་དགོས།

དོན་ཚན་བཅུ་གཉིས་པ། བཟའ་ཚང་ཁ་བྲལ་ཐོ་འགོད་བྱེད་མཁན་གྱི་དོ་བདག་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ།གཉེན་སྒྲིག་ཐོ་འགོད་ཚན་པས་བདག་སྤྲོད་མི་བྱེད་པ་ཡིན།

(གཅིག)བཟའ་ཚང་ཁ་བྲལ་བའི་གྲོས་ཁ་མ་མཐུན་པ་དང་།

(གཉིས)དམངས་དོན་བྱ་སྤྱོད་ནུས་པ་མེད་མཁན་ཡིན་པའམ་ཡང་ན་དམངས་དོན་བྱ་སྤྱོད་ནུས་པ་ལ་ཚད་བཀག་ཡོད་མཁན་ཡིན་པ།

(གསུམ)གཉེན་སྒྲིག་ཐོ་འགོད་ཀྲུང་གོའི་ནང་སར་བསྒྲུབས་པ་མ་ཡིན་པ།

དོན་ཚན་བཅུ་གསུམ་པ། གཉེན་སྒྲིག་ཐོ་འགོད་ཚན་པས་བཟའ་ཚང་ཁ་བྲལ་ཐོ་འགོད་བྱེད་མཁན་དོ་བདག་གིས་བཏོན་པའི་འཛིན་ཡིག་དང་བདེན་དཔང་རྒྱུ་ཆ་ལ་ཞིབ་བཤེར་བྱེད་དགོས་ཁར་འབྲེལ་ཡོད་གནས་ཚུལ་འདྲི་རྩད་བྱེད་དགོས།དོ་བདག་བཟའ་ཚང་ཁ་བྲལ་བྱེད་རྒྱུ་དེ་དངོས་གནས་རང་མོས་ཡིན་ཞིང་།དེ་བཞིན་ཕྲུ་གུ་གསོ་བ་དང་།རྒྱུ་ནོར།བུན་ལོན་སོགས་ཀྱི་ཐད་བགྲོས་ཁ་མཐུན་པ་ཡིན་ཚེ་གནས་སྐབས་དེ་རང་དུ་ཐོ་འགོད་བྱས་ཏེ་བཟའ་ཚང་ཁ་བྲལ་གྱི་ལག་ཁྱེར་སྤྲོད་དགོས།

དོན་ཚན་བཅུ་བཞི་བ། བཟའ་ཚང་ཁ་བྲལ་བྱས་པའི་སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀ་ཁྱོ་ཤུག་གི་འབྲེལ་བ་སླར་གསོ་བྱེད་རྒྱུར་རང་མོས་རང་འཐད་པ་ཡིན་ན།གཉེན་སྒྲིག་ཞོ་འགོད་ཚན་པར་ཕྱིན་ནས་ཡང་བསྐྱར་གཉེན་སྒྲིག་ཐོ་འགོད་བྱེད་དགོས།ཡང་བསྐྱར་གཉེན་སྒྲིག་བྱེད་པར་སྲོལ་ཡིག་འདིའི་གཉེན་སྒྲིག་ཞོ་འགོད་སྐོར་གྱི་གཏན་འབེབས་སྤྱད་འཐུས།

4 ལེའུ་བཞི་བ།  གཉེན་སྒྲིག་ཐོ་འགོད་ཡིག་ཚགས་དང་དཔང་ཡིག

དོན་ཚན་བཅོ་ལྔ། གཉེན་སྒྲིག་ཐོ་འགོད་ཚན་པས་གཉེན་སྒྲིག་ཐོ་འགོད་ཡིག་ཚགས་བཟོ་དགོས།གཉེན་སྒྲིག་ཐོ་འགོད་ཡིག་ཚགས་དུས་ཡུན་རིང་པོར་ཉར་ཚགས་བྱེད་དགོས།བྱེ་བྲག་གི་དོ་དམ་བྱེད་སྟངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་ཚན་པ་དང་རྒྱལ་ཁབ་ཡིག་ཚགས་དོ་དམ་ཚན་པས་ལྷན་དུ་གཏན་འབེབས་བཟོ་དགོས།

དོན་ཚན་བཅུ་དྲུག་པ། གཉེན་སྒྲིག་ཐོ་འགོད་ཚན་པར་མི་དམངས་ཁྲིམས་ཁང་གིས་ཁྱབ་བསྒྲགས་བྱས་པའི་རྩིས་འགྲོ་མེད་པའི་གཉེན་སྒྲིག་དང་གཉེན་སྒྲིག་ཕྱིར་འཐེན་བྱས་པའི་བཅད་ཁྲ་ཟུར་མ་ལག་འབྱོར་བྱུང་རྗེས།དེ་ཉིད་དོ་བདག་གི་གཉེན་སྒྲིག་ཐོ་འགོད་ཡིག་ཚགས་སུ་ཉར་དགོས།

དོན་ཚན་བཅོ་བདུན་པ། གཉེན་སྒྲིག་ལག་ཁྱེར་དང་བཟའ་ཚང་ཁ་བྲལ་ལག་ཁྱེར་བོར་བརླག་བྱུང་བའམ་རལ་བ་ཡིན་ན།དོ་བདག་གི་ཐེམ་ཐོ་དང་ཐོབ་ཐང་ལག་ཁྱེར་ཁྱེར་ནས་སྔ་མར་གཉེན་སྒྲིག་ཐོ་འགོད་བྱེད་སའི་ཚན་པ་དེའམ་ཕྱོགས་གཅིག་གི་རྒྱུན་སྡོད་ཐེམ་ཐོ་གནས་སའི་གཉེན་སྒྲིག་ཐོ་འགོད་ཚན་པར་རེ་འདུན་ཞུས་ནས་གསབ་སྒྲུབ་བྱས་ཆོག གཉེན་སྒྲིག་ཐོ་འགོད་ཚན་པས་དོ་བདག་གི་གཉེན་སྒྲིག་ཐོ་འགོད་ཡིག་ཚགས་ལ་ཞིབ་བཤེར་ནན་མོ་བྱས་ཏེ་བདེན་ངོ་གྲུབ་ཚེ།དོ་བདག་ལ་གཉེན་སྒྲིག་ལག་ཁྱེར་གམ་བཟའ་ཚང་ཁ་བྲལ་ལག་ཁྱེར་གསབ་སྤྲོད་བྱེད་དགོས།

5 ལེའུ་ལྔ་བ།  ཆད་གཅོད་རྩ་དོན།

དོན་ཚན་བཅོ་བརྒྱད་པ། གཉེན་སྒྲིག་ཐོ་འགོད་ཚན་པའམ་གཉེན་སྒྲིག་ཐོ་འགོད་མི་སྣར་གཤམ་གསལ་གྱི་བྱ་སྤྱོད་གྲས་ཞིག་བྱུང་ཚེ།ཐད་ཀར་འགན་ཁུར་མཁན་གཅོ་འགན་མི་སྣ་དང་ཐད་ཀར་འགན་ཁུར་མཁན་མི་སྣ་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་དགོས།

(གཅིག)གཉེན་སྒྲིག་ཐོ་འགོད་ཀྱི་ཆ་རྐྱེན་ཚང་མེད་པའི་དོ་བདག་ལ་གཉེན་སྒྲིག་ཐོ་འགོད་བྱས་པ་དང་།

(གཉིས)ལས་འཛོལ་བྱས་ནས་གཉེན་སྒྲིག་ཐོ་འགོད་ཡིག་ཚགས་ལ་གུན་སྐྱོན་བཟོས་པ།

(གསུམ)གཉེན་སྒྲིག་ཐོ་འགོད་བྱེད་པའམ་ཡང་ན་གཉེན་སྒྲིག་ལག་ཁྱེར་དང་བཟའ་ཚང་ཁ་བྲལ་ལག་ཁྱེར་གསབ་སྤྲོད་བྱེད་དུས་ཚད་གཞི་ལས་བརྒལ་བའི་གླ་ཆ་བླངས་བ།

གོང་སྨོས་ཚན་པ(གསུམ་པ)དང་འགལ་ནས་བླངས་པའི་གླ་ཆ་ཕྱིར་དོ་བདག་ལ་སྤྲོད་དགོས།

6 ལེའུ་དྲུག་པ།  ཟུར་བཀོལ་རྩ་དོན།

དོན་ཚན་བཅུ་དགུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྡོད་གཞུང་ཚབ(དོན་གཅོད)ཁང་ཁག་གིས་སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་ལྟར། སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀ་བཅའ་སྡོད་བྱེད་ཡུལ་རྒྱལ་ཁབ་ཏ་བསྡད་ཡོད་མཁན་གྱི་ཀྲུང་གོའི་སྤྱི་དམངས་ལ་གཉེན་སྒྲིག་ཐོ་འགོད་བྱས་ཆོག

དོན་ཚན་ཉི་ཤུ་པ། སྲོལ་ཡིག་འདིའི་གཏན་འབེབས་བྱས་པའི་གཉེན་སྒྲིག་ཐོ་འགོད་ལག་ཁྱེར་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་ཚན་པས་བཟོ་ལྟ་གཏན་འབེབས་བྱེད་དགོས་ཁར་ལྟ་ཞིབ་བྱས་ཏེ་བཟོ་དགོས།

དོན་ཚན་ཉེར་གཅིག་པ། དོ་བདག་གིས་གཉེན་སྒྲིག་ཐོ་འགོད་བྱེད་པའམ་ཡང་ན་གཉེན་སྒྲིག་ལག་ཁྱེར་དང་བཟའ་ཚང་ཁ་བྲལ་ལག་ཁྱེར་གསབ་སྒྲུབ་བྱེད་དུས་མ་གནས་གླ་ཆ་སྤྲོད་དགོས། མ་གནས་གླ་ཆའི་ཚད་གཞི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིན་གོང་གཙོ་གཉེར་ཚན་པ་དང་ནོར་སྲིད་ཚན་པས་ལྷན་དུ་གཏན་འབེབས་དང་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་ཉེར་གཉིས་པ། སྲོག་ཡིག་འདི2003ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ། 1994ལོའི་ཟླ1པོའི་ཚེས12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ཅིང་། 1994ལོའི་ཟླ2ཚེས1ཉིན་དམངས་སྲིད་པུའུ་ཡིས་སྤེལ་བའི《གཉེན་སྒྲིག་ཐོ་འགོད་དོ་དམ་སྲོལ་ཡིག》འདི་དང་ལྷན་དུ་རྩིས་མེད་གཏོང་རྒྱུ།

མི་དམངས་ཁྲིམས་ཁང་གིས་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་རིམ་མ་འགྲིམས་པར་ཁྱོ་ཤུག་གི་མིང་ཐོག་ནས་འགབ་མཐུན་མཉམ་སྡོད་བྱེད་པའི་གྱོད་དོན་འདྲི་བཤེར་བྱེད་པའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསམ་འཆར་འགའ།

སྤྱི་ལོ1989ལོའི་ཟླ11པའི་ཚེས21ཉིན། ཁྲིམས་དམངས་བསྒྲགས[1989]ཨང38པ།

མི་དམངས་ཁྲིམས་ཁང་གིས་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་རིམ་མ་འགྲིམས་པར་ཁྱོ་ཤུག་གི་མིང་ཐོག་ནས་འགབ་མཐུན་མཉམ་སྡོད་བྱེད་པའི་གྱོད་དོན་འདྲི་བཤེར་བྱེད་པའི་གྱོད་དོན་འདྲི་གཅོད་བྱེད་པའི་ཚེ། ཐོག་མར་འགབ་མཐུན་མཉམ་སྡོད་བྱེད་མཁན་ཕྱོགས་གཉིས་ཀར་གཟབ་ནན་སྒོས་སྤྱོད་ཚུལ་དེའི་ཁྲིམས་འགལ་རང་བཞིན་དང་གནོད་འཚེའི་རང་བཞིན་སྟོན་དགོས་པ་དང་། ཕྱོགས་མཚུངས་སྤྱོད་ཚུལ་དེའི་ཁྲིམས་འགལ་གནས་ཚུལ་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོ་གཏོང་བའམ་ཡང་ན་དམངས་དོན་བཀག་རྒྱ་བསྡམ་དགོས། ཡིན་ནའང་“གཉེན་སྒྲིག”གི་འབྲེལ་བ་དེ་རིགས་བྱུང་བའི་རྒྱུ་རྐྱེན་དང་གྱོད་དོན་གྱི་བྱེ་བྲག་གི་གནས་ཚུལ་རྙོག་འཛིང་ཆེ་བར་གཞིགས་ཏེ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་། གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་བརྟན་ལྷིང་ཡོང་རྒྱུར་ཕན་ཐོགས་པ། ལྷིང་འཇགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་། དུས་ཡུན་ངེས་ཅན་ཞིག་གི་ནང་ཚུན་དུ། ཆ་རྐྱེན་འཛོམས་རིགས་ཡིན་ན་དེའི་དངོས་ཡོད་ཀྱི་གཉེན་སྒྲིག་འབྲེལ་བ་མཁས་ལེན་རྒྱུ་ནི་དོན་དངོས་དང་མཐུན་པ་ཞིག་རེད། དེའི་ཕྱིར་ང་ཚོས་བཅའ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འདྲི་གཅོད་ཀྱི་ཉམས་མྱོང་གཞིར་བཞག་ནས། གྱོད་དོན་འདི་རིགས་འདྲི་གཅོད་བྱེད་པའི་སྐོར་ལ་གཤམ་གསལ་གྱོ་བསམ་འཆར་ཁག་བཏོན་པ་ཡིན།

1 སྤྱི་ལོ1986ལོའི་ཟླ3པའི་ཚེས15ཉིན་བཏོན་པའི《གཉེན་སྒྲིག་ཐོ་འགོད་བྱེད་ཐབས》ལག་བསྟར་མ་བྱས་གོང་དུ། བཟའ་ཟླ་མེད་པའི་སྐྱེས་པ་དང་བུད་མེད་གཉེན་སྒྲིག་ཐོ་འགོད་བྱེད་པའི་འགྲོ་རིམ་མ་འགྲིམས་པར་ཁྱོ་ཤུག་གི་མིང་ཐོག་ནས་འགབ་མཐུན་མཉམ་སྡོད་བྱས་ཡོད་པ་དང་། མང་ཚོགས་ཀྱིས་ཀྱང་ཁྱོ་ཤུགགི་འབྲེལ་བར་རྩིས་ཡོད་པ་ཅན་ཡིན་ན། ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ“བཟའ་ཚང་ཁ་བྲལ་རྒྱུའི་”ཞུ་གཏུག་བྱས་ཚེ། གལ་ཏེ་ཞུ་གཏུག་བྱེད་སྐབས་ཕྱོགས་གཉིས་ཀར་ཁྲིམས་བཀོད་ཀྱི་གཉེན་སྒྲིག་ཆ་རྐྱེན་ལྡན་པ་ཡིན་ན་གཉེན་སྒྲིག་འབྲེལ་བ་དངོས་ལ་ངོས་འཛིན་བྱེད་དགོས། གལ་ཏེ་ཞུ་གཏུག་བྱེད་སྐབས་ཕྱོགས་གཅིག་གམ་ཕྱོགས་གཉིས་ཀར་ཁྲིམས་བཀོད་ཀྱོ་གཉེན་སྒྲིག་ཆ་རྐྱེན་མི་ལྡན་པ་ཡིན་ན་ཁྲིམས་འགལ་གྱི་མཐུན་མཉམ་སྡོད་འབྲེལ་བ་ལ་ངོས་འཛིན་བྱེད་དགོས།

2 སྤྱི་ལོ1986ལོའི་ཟླ3པའི་ཚེས15ཉིན་སྤེལ་བའི《གཉེན་སྒྲིག་ཐོ་འགོད་བྱེད་ཐབས》གལ་བསྟར་བྱས་པའི་རྗེས་སུ། བཟའ་ཟླ་མེད་པའི་སྐྱེས་པ་དང་བུད་མེད་གཉེན་སྒྲིག་ཐོ་འགོད་བྱེད་པའི་འགྲོ་རིམ་མ་འགྲིམས་པར་ཁྱོ་ཤུག་གི་མིང་ཐོག་ནས་འགབ་མཐུན་མཉམ་སྡོད་བྱེད་ཡོད་པ་དང་། མང་ཚོགས་ཀྱིས་ཀྱང་ཁྱོ་ཤུག་གི་འབྲེལ་བར་རྩིས་ཡོད་པ་ཅན་ཡིན་ན། ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བྱས་ཚེ། གལ་སྲིད་འགབ་མཐུན་མཉམ་སྡོད་བྱེད་སྐབས་ཕྱོགས་གཅིག་གམ་ཕྱོགས་གཉིས་ཀར་ཁྲིམས་བཀོད་ཀྱི་གཉེན་སྒྲིག་ཆ་རྐྱེན་མི་ལྡན་པ་ཡིན་ན་ཁྲིམས་འགལ་གྱི་འགབ་མཐུན་མཉམ་སྡོད་འབྲེལ་བ་ལ་ངེས་འཛིན་བྱེད་དགོས།

3 དམངས་སྲིད་པུའུ་ཡི་གཉེན་སྒྲིག་ཐོ་འགོད་དོ་དམ་སྲོལ་ཡིག་གསར་པ་ལག་བསྟར་བྱས་པ་ནས་བཟུང་སྟེ། བཟའ་ཟླ་མེད་པའི་སྐྱེས་པ་དང་བུད་མེད་ཀྱིས་གཉེན་སྒྲིག་ཐོ་འགོད་མ་བྱས་པར་ཁྱོ་ཤུག་གི་མིང་ཐོག་ནས་འགབ་མཐུན་མཉམ་སྡོད་བྱེད་པ་ནི་ཁྲིམས་འགལ་གྱི་འགབ་མཐུན་མཉམ་སྡོད་ཀྱི་འབྲེལ་བ་ལ་བརྩི་རྒྱུ།

4 བཟའ་ཚང་ཁ་བྲལ་བྱས་རྗེས་ཕྱོགས་གཉིས་ཀ་ཡང་བསྐྱར་གཉེན་སྒྲིག་མ་བྱས་ཤིང་། ཡང་བསྐྱར་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་རིམ་ཡང་མ་འགྲིམས་པར་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་གཅིག་ཏུ་འཚོ་བ་རོལ་བ་ལ། ཕྱོགས་གཅིག་གིས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བྱས་ཚེ། སྤྱིར་བཏང་དུ་ཁྲིམས་འགལ་གྱི་འགབ་མཐུན་མཉམ་སྡོད་འབྲེལ་བ་གཅོད་དགོས།

5 གཉེན་སྒྲིག་ཐོ་འགོད་བྱས་ཟིན་པའི་ཕྱོགས་གཅིག་གིས་སྐྱེ་བོ་གསུམ་པ་དང་གཉེན་སྒྲིག་གི་འབྲེལ་བ་དངོས་བཙུགས་པ་དང་། ཡང་ན་གཉེན་སྒྲིག་འབྲེལ་བ་དོན་དངོས་ཆགས་ཡོད་པའི་ཕྱོགས་གཅིག་གིས་ཡང་བསྐྱར་སྐྱེ་བོ་གསུམ་པ་དང་གཉེན་སྒྲིག་བྱས་པ། ཡང་ན་གཉེན་སྒྲིག་འབྲེལ་བ་དོན་དངོས་ཆགས་ཡོད་པའི་ཕྱོགས་གཅིག་གིས་ཡང་བསྐྱར་སྐྱེ་བོ་གསུམ་པ་དང་དོན་དངོས་ཀྱོ་གཉེན་སྒྲིགའབྲེལ་བ་གསར་བ་ཆགས་པའི་ཚེ། སྔུན་མའི་གཉེན་སྒྲིག་འབྲེལ་བ་གང་ཡིན་པ་དེའི་ཕྱོགས་གཅིག་གིས་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་ཉེས་འགན་བདའ་འདེད་བྱེད་པ་ཡིན་ན། དེའི་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་བྱ་སྤྱོད་དེས་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་ཉེས་སྐྱོན་བསགས་ཡོད་མེད་ལ་མ་ལྟོས་པར་གཉེན་སྒྲིག་འབྲེལ་བ་རྗེས་མ་གང་ཡིན་པ་དེ་གཅོད་དགོས། གཉེན་སྒྲིག་འབྲེལ་བ་སྔུན་མའི་ཕྱོགས་གཅིག་གིས་བཟའ་ཚང་ཁ་བྲལ་རྒྱུའི་གནད་དོན་ཐག་གཅོད་བྱེད་པའི་རེ་འདུན་བཏོན་པ་ལ། དེའི་གཉེན་སྒྲིག་འབྲེལ་བའི་གནས་ཚུལ་དངོས་ལ་གཞིགས་ནས་འདུམ་ཐབས་བྱེད་པའམ་ཡང་ན་དཔྱད་མཚམས་གཏོང་དགོས།

6 གཉེན་སྒྲིག་འབྲེལ་བ་དངོས་ཡོད་མཁན་གྱི་བཟའ་ཚང་ཁ་བྲལ་རྒྱུའི་གྱོད་དོན་འདྲི་བཤེར་བྱེད་དུས་ཐོག་མར་འདུམ་ཐབས་སྤྱོད་དགོས། འདུམ་ཐབས་བྱས་པ་བརྒྱུད་དེ་འདུམ་འགྲིག་བྱུང་བའམ་ཞུ་གཏུག་ཕྱིར་འཐེན་བྱས་པ་ལ་གཉེན་སྒྲིག་འབྲེལ་བ་ནུས་ལྡན་ཆགས་པར་ངོས་འཛིན་བྱེད་དགོས་པ་དང་། འདུམ་ཐབས་ཡི་གེའམ་བཅད་ཁྲ་སྤྲོད་དགོས། འདུམ་ཐབས་བྱས་པ་བརྒྱུད་དེ་འདུམ་འགྲིག་མི་ཡོང་བ་ལ་འདུན་ཐབས་བྱེད་དགོས་པའམ་བཟའ་ཚང་ཁ་བྲལ་བྱས་ཆོག་པའི་དཔྱད་མཚམས་གཏོང་དགོས།

7 གཉེན་སྒྲིག་ཐོ་འགོད་མ་བྱས་པར་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་གཅིག་ཏུ་འགབ་མཐུན་མཉམ་སྡོད་བྱེད་པའི་ཕྱོགས་གཅིག་གིས་བཟའ་ཚང་བཟའ་ཚང་ཁ་བྲལ་རྒྱུའམ་མཉམ་སྡོད་འབྲེལ་བ་གཅོད་རྒྱུའི་རེ་འདུན་བཏོན་པ་ལ། རྩད་གཅོད་བྱས་དེ་ཁྲིམས་འགལ་གྱི་འགབ་མཐུན་མཉམ་སྡོད་འབྲེལ་བ་གཏན་ཁེལ་བྱུང་ཚེ། མཐའ་གཅིག་ཏུ་འབྲེལ་བ་གཅོད་དགོས་པའི་དཔྱད་འཚམས་གཏོང་དགོས།

8 མི་དམངས་ཁྲིམས་ཁང་གིས་ཁྲིམས་འགལ་གྱི་འགབ་མཐུན་མཉམ་སྡོད་འབྲེལ་བའི་གྱོད་གཞི་འདྲི་བཤེར་བྱེད་དུས། གལ་སྲིད་གཉེན་སྒྲིག་མ་བྱས་པར་སྐྱེས་བའི་ཕྲུ་གུའི་གསོ་འགན་དང་རྒྱུ་ནོར་བགོ་བཤའི་གནད་དོན་ལ་ཐུག་ཚེ། དེ་དག་སྡེབ་གཅིག་ཏུ་ཐག་གཅོད་བྱེད་དགོས། རྒྱུ་ནོར་བགོ་བཤའ་དངོས་སུ་རྒྱག་དུས་བུད་མེད་དང་ཕྲུ་གུའི་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་ཐོག རྒྱུ་ནོར་གྱི་གནས་ཚུལ་དངོས་དང་ཕྱོགས་གཉིས་ཀའི་ནོར་འཛོལ་ཆེ་ཆུང་ལ་གཞིགས་ནས་བགོ་བཤའ་འོས་འཚམ་རྒྱག་དགོས།

9 ཁྲིམས་འགལ་གྱི་འགབ་མཐུན་མཉམ་སྡོད་འབྲེལ་བ་གཅོད་དུས་ཕྱོགས་གཉིས་ཀར་གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་དེ་ཕྱོགས་སུ་ཡིས་གསོ་རྒྱུའི་སྐོར་ལ་ཕྱོགས་གཉིས་ཀ་གྲོས་མོལ་བྱ་རྒྱུ། གྲོས་ཁ་མ་མཐུན་ཚེ་ཕྲུ་གུའི་ཁེ་ཕན་དང་ཕྱོགས་གཉིས་ཀའི་གནས་ཚུལ་དངོས་ལ་གཞིགས་ནས་དཔྱད་མཚམས་གཏོང་རྒྱུ། ནུ་མ་སྣུན་སྒང་གི་ཕྲུ་གུ་རྩ་དོན་སྟེང་ཨ་མའི་ཕྱོགས་ཀྱིས་གསོ་དགོས་ལ། ཨ་ཕའི་ཕྱོགས་ཆ་རྐྱེན་བཟང་ཞིང་ཨ་མའང་མོས་མཐུན་ཡོད་ཚེ་ཨ་ཕའི་ཕྱོགས་ཀྱིས་གསོ་འགན་ཁུར་བས་ཀྱང་ཆོག ཕྲུ་གུ་དེ་དམངས་དོན་བྱ་སྤྱོད་ནུས་པ་ལ་ཚད་བཀག་ཡོད་པ་ཅན་ཡིན་ཚེ་ཕྲུ་གུའི་བསམ་འཆར་བསྡུ་ལེན་བྱེད་དགོས། ཕྱོགས་གཅིག་གིས་ནར་མ་སོན་པའི་ཕྲུ་གུ་སྐྱེ་བོ་གཞན་ལ་བུ་སྐལ་སྟེར་ཚེ་ཕྱོགས་ཅིག་ཤོས་མོས་མཐུན་ཡོད་མེད་ཀྱི་བསམ་འཆར་ལེན་དགོས།

10 ཁྲིམས་འགལ་གྱི་འགབ་མཐུན་མཉམ་སྡོད་འབྲེལ་བ་གཅོད་དུས་། འགབ་སྡོད་བྱེད་རིང་ཕྱོགས་གཉིས་ཐུན་མོང་ལ་ཐོབ་པའི་ཡོང་སྒོ་དང་ཉོས་པའི་རྒྱུ་ནོར་རྣམས་སྤྱིར་བཏང་གི་ཐུན་མོང་རྒྱུ་ནོར་ལྟར་ཐག་གཅོད་རྒྱུ། འགབ་མཐུན་མཉམ་སྡོད་མ་བྱས་གོང་ཕྱོགས་གཅིག་གིས་རང་མོས་སྒོས་ཕྱོགས་ཅིག་ཤོས་ལ་སྤྲད་པའི་རྒྱུ་ནོར་ནི་འབུལ་སྦྱིན་གྱི་འབྲེལ་བ་ལ་ལྟོས་ཏེ་ཐག་གཅོད་བྱ་རྒྱུ་དང་། ཕྱོགས་གཅིག་གིས་ཕྱོགས་ཅིག་ཤོས་ལས་བསླངས་པའི་རྒྱུ་ནོར་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི[84]ཁྲིམས་གཞུང་ཨང་112པ་སྟེ《དམངས་དོན་སྲིད་ཇུས་དང་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནད་དོན་འགའི་སྐོར་གྱི་བསམ་འཆར》གྱི་གཏན་འབེབས(18)པ་ལ་ལྟོས་ཏེ་ཐག་གཅོད་བྱ་རྒྱུ།

11 ཁྲིམས་འགལ་གྱི་འགབ་མཐུན་མཉམ་སྡོད་འབྲེལ་བ་གཅོད་དུས། འགབ་སྡོད་བྱེད་རིང་ཐུན་མོང་གི་ཐོན་སྐྱེད་དང་འཚོ་བའི་ཆེད་དུ་བཏང་བའམ་བླངས་པའི་བུ་ལོན་ཐུན་མོང་གི་བུ་ལོན་ལྟར་ཐག་གཅོད་བྱ་རྒྱུ།

12 ཁྲིམས་འགལ་གྱི་འགབ་མཐུན་མཉམ་སྡོད་འབྲེལ་བ་གཅོད་དུས། ཕྱོགས་གཅིག་ལ་མཉམ་དུ་འཚོ་བ་རོལ་རིང་ན་ཚ་ཚབས་ཆེན་ཕོག་པ་སངས་དྲག་ཏུ་སོང་མེད་པའི་ཚེ། རྒྱུ་ནོར་བགོ་བཤའ་རྒྱག་དུས་དེ་ལ་ལྟ་རྟོག་བྱེད་དགོས་པ་དང་། ཡང་ན་ཕྱོགས་ཅིག་ཤོས་ཀྱིས་དེ་ལ་སྤྲོད་ཐེངས་གཅིག་ཅན་གྱི་དཔལ་འབྱོར་རོགས་སྐྱོར་སྤྲོད་དགོས།

13 འགབ་མཐུན་མཉམ་སྡོད་བྱེད་རིང་ཕྱོགས་གཅིག་ཚེ་ལས་འདས་པ་ལ། ཕྱོགས་ཅིག་ཤོས་ཀྱིས་འདས་པོའི་རྒྱུ་ནོར་ཤུལ་འཛིན་བྱེད་པའི་རེ་འདུན་བཏོན་ཚེ། གལ་སྲིད་དོན་དངོས་ཀྱི་གཉེན་སྒྲིག་འབྲེལ་བར་ངོས་བཟུང་བ་ཡིན་ན་བཟའ་ཟླའི་ཐོབ་ཐང་གི་ངོས་ནས་ཤུལ་འཛིན་བཅའ་ཁྲིམས་ཀྱི་འབྲེལ་བར་ངོས་བཟུང་བ་ཡིན་ན་བཟའ་ཟླའི་ཐོབ་ཐང་གི་ངོས་ནས་ཤུལ་འཛིན་བཅའ་ཁྲིམས་ཀྱིའབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ་དང་། གལ་སྲིད་ཁྲིམས་འགལ་གྱི་འགབ་མཐུན་མཉམ་སྡོད་འབྲེལ་བར་བཟུང་ཡང་ཤུལ་འཛིན་བཅའ་ཁྲིམས་ཀྱོ་དོན་ཚན་བཅུ་བཞི་པའི་གཏན་འབེབས་དང་མཐུན་པ་ཡིན་ན། ཕན་ཚུན་རོགས་རམ་བྱེད་པའི་གནས་ཚུལ་དངོས་ལ་གཞིགས་ནས་ཐག་གཅོད་བྱ་རྒྱུ།

14 མི་དམངས་ཁྲིམས་ཁང་གིས་གཉེན་སྒྲིག་ཐོ་འགོད་མ་བྱས་པར་ཁྱོ་ཤུག་གི་མིང་ཐོག་ནས་འགབ་མཐུན་མཉམ་སྡོད་བྱེད་པའི་གྱོད་གཞི་འདྲི་གཅོད་བྱེད་དུས། ཁྲིམས་འགལ་གནས་ཚུལ་ཚབས་ཆེ་བ་ཅན་ཡིན་ན་གཉེན་སྒྲིག་བཅའ་ཁྲིམས་དང་། དམངས་ཁྲིམས་སྤྱི་མཐུན་སྒྲིག་སྲོལ།  《དམངས་ཁྲིམས་སྤྱི་མཐུན་སྒྲིག་སྲོལ》ལག་བསྟར་བྱེད་པའི་གནད་དོན་འགའི་སྐོར་གྱི་བསམ་འཆར་བཅས་དང་དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་གི་འབྲེལ་ཡོད་གཏན་འབེབས་ལྟར་དམངས་དོན་ཁྲིམས་ཐག་འོས་འཚམ་གཅོད་དགོས།

15 བསམ་འཆར་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་གལ་བསྟར་བྱ་རྒྱུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དེ་སྔའི་གཏན་འབེབས་ཁག་བསམ་འཆར་འདི་དང་འགལ་རིགས་ཐམས་ཅད་བསམ་འཆར་འདི་ལྟར་ལག་བསྟར་ལག་བསྟར་བྱ་རྒྱུ།

བཟའ་ཚང་ཁ་བྲལ་རྒྱུའི་གྱོད་དོན་ཞིབ་གཅོད་བྱེད་དུས་ཁྱོ་ཤུག་བརྩེ་དུང་མེད་པ་ཆགས་པར་ངོས་འཛིན་ཇི་ལྟར་བྱེད་པའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བསམ་འཆར་བྱེ་བྲག་པ་འགའ།

སྤྱི་ལོ1989ལོའི་ཟླ11པའི་ཚེས21ཉིན།ཁྲིམས་དམངས་སྤེལ[4989]ཨང38པ།

མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་རྒྱུའི་གྱོད་དོན་ཞིབ་གཅོད་བྱེད་དུས། བཟའ་ཚང་ཁ་བྲལ་བྱེད་དུ་འཇུག་མིན་ནི་ཁྱོ་ཤུག་གི་བརྩེ་དུང་ཡོད་མེད་གཞི་འཛིན་ས་བྱེད་དགོས། ཁྱོ་ཤུག་གི་བརྩེ་དུང་དངོས་འབྲེལ་མེད་པར་གྱུར་ཡོད་མེད་བརྡར་ཤ་གཅོད་ན་གཉེན་སྒྲིག་བྱས་རྗེས་ཀྱི་བརྩེ་དུང་། བཟའ་ཚང་ཁ་བྲལ་བའི་རྒྱུ་རྐྱེན། ཁྱོ་ཤུག་གིས་འབྲེལ་བའི་གནས་བབ། འདུམ་འགྲིག་ཡོང་ཐབས་ཡོད་མིན་སོགས་ཀྱི་ཕྱོགས་ནས་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱ་དགོས། གཉེན་སྒྲིག་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འདྲི་གཅོད་ཀྱི་ཉམས་མྱོང་ལྟར་ན། གཤམ་གསལ་གྱི་གནས་ཚུལ་གྲས་ཡིན་ཚེ། ཁྱོ་ཤུག་གི་བརྩེ་དུང་དངོས་འབྲེལ་མེད་པ་ཆགས་པར་རྩིས་རྒྱུ། ཕྱོགས་གཅིག་གིས་བཟའ་ཚང་ཁ་བྲལ་རྒྱུའི་རེ་འདུན་ཕུར་ཚུགས་སུ་ཞུས་བ་དང་། བར་འདུམ་བྱས་ཀྱང་གོ་མི་ཆོད་ན་བཟའ་ཚང་ཁ་བྲལ་བྱེད་ཆོག་པའི་དཔྱད་མཚམས་བཏང་ཆོག 

1 ཕྱོགས་གཅིག་ལ་ཁྲིམསབཀོད་གཉེན་སྒྲིག་བྱས་མི་ཆོག་པའི་ནད་ཡོད་་དང་། ཡང་ན་རྒྱུ་རྐྱེན་གཞན་དག་གི་དབང་གིས་འཁྲིག་སྦྱོར་བྱེད་ནུས་མེད་པའི་ཁར་བཅོས་ཐབས་ཀྱང་མེད་གྲས་དང་།

2 ཆ་རྒྱུས་མེད་པར་ཧོལ་གྱིས་གཉེན་སྒྲིག་བྱས་པས། གཉེན་སྒྲིག་བྱས་རྗེས་ཁྱོ་ཤུག་གི་བརྩེ་དུང་ཆགས་པར་མཉམ་གཅིག་ཏུ་འཚོ་བ་རོལ་དཀའ་བའི་གྲས།

3 གཉེན་སྒྲིག་མ་བྱས་གོང་གདོན་ནད་ཡོད་པ་སྦ་གསང་བྱས་པ་དང་གཉེན་སྒྲིག་བྱས་རྗེས་བཅོས་ཀྱང་མི་དྲག་པ་དང་། ཡང་ན་གཉེན་སྒྲིག་མ་བྱས་གོང་དུ་ཕ་རོལ་པོར་གདོན་ནད་ཡོད་པ་ཤེས་བཞིན་དུ་དེ་དང་གཉེན་སྒྲིག་བྱས་པ། ཡང་ན་ཕྱོགས་གཅིག་ལ་ཁྱོ་ཤུག་གི་འཚོ་བ་རོལ་རིང་གདོན་ནད་ཕོག་ལ་ཡུན་རིང་སྨན་བཅོས་བྱས་ཀྱང་མི་དྲག་པ་བཅས་ཀྱི་གྲས།

4 ཕྱོགས་གཅིག་གིས་ཕ་རོལ་པོར་མགོ་སྐོར་བཏང་བའམ་གཉེན་སྒྲིག་ཐོ་འགོད་བྱེད་དུས་གཡོ་རྫུས་བྱས་ནས་《གཉེན་སྒྲིག་ལག་ཁྱེར》བསླུ་ལེན་བྱས་གྲས།

5 ཕྱོགས་གཉིས་ཀས་གཉེན་སྒྲིག་ཐོ་འགོད་འགྲོ་རིམ་འགྲིམས་རྗེས། མཉམ་གཅིག་ཏུ་འཚོ་བ་རོལ་མེད་ཅིང་། འདུམ་འགྲིག་ཡོང་ཐབས་མེད་པའི་གྲས།

6 བཙན་ཤེད་ཀྱི་གཉེན་སྒྲིག་དང་། ཉོ་ཚོང་གི་གཉེན་སྒྲིག གཉེན་སྒྲིག་བྱས་འཕྲད་དུ་ཕྱོགས་གཅིག་གིས་བཟའ་ཚང་ཁ་བྲལ་རྒྱུའི་རེ་འདུན་བཏོན་པའི་གྲས་དང་།ཡང་ན་མཉམ་གཅིག་ཏུ་འཚོ་བ་ཡུན་རིང་རོལ་ཡོད་ཀྱང་ཁྱོ་ཤུག་གི་བརྩེ་དུང་དངོས་འབྲེལ་མ་ཆགས་པའི་གྲས། 

7 སེམས་ཁ་འཆམ་མཐུན་མ་ཡོང་བར་ཁྱིམ་ཁ་སོ་སོར་བསྡད་དེ་ལོ་གསུམ་ལོངས་བ་དང་འདུམ་འགྲིག་ཡོང་ཐབས་དངོས་འབྲེལ་མེད་པའི་གྲས་དང་། ཡང་ན་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་མི་ཆོག་པའི་དཔྱད་མཚམས་བཏང་རྗེས་སླར་ཡང་ཁྱིམ་ཁ་སོ་སོར་བསྡད་ནས་ལོ་གཅིག་ལོངས་ཤིང་ཕན་ཚུན་ཁྱོ་ཤུག་གི་འོས་འགན་མི་ཁུར་པའི་གྲས།

8 ཕྱོགས་གཅིག་སྐྱེ་བོ་གཞན་དང་ལོག་གཡེམ་བྱས་པའམ་འགབ་མཐུན་མཉམ་སྡོད་ བྱས་པ་དང་།གོ་སྐོན་སློབ་གསོ་བཏང་ཡང་སྔར་བཞིན་འགྱོན་སྤང་མི་བྱེད་ཚེ།ནོར་འཛོལ་མེད་པའི་ཕྱོགས་ཀྱིས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བྱས་པ་དང་།ཡང་ན་ནོར་འཛོལ་མེད་པའི་ཕྱོགས་ཀྱིས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བྱས་པར།གོ་སྐོན་སློབ་གསོ་བཏང་བ་དང་ཆད་པ་བཅད་པ།ཡང་ན་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་མི་ཆོག་པའི་དཔྱད་མཚམས་བཏང་རྗེས་ནོར་འཛོལ་མེད་པའི་ཕྱོགས་ཀྱིས་ཡང་བསྐྱར་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བྱས་ཚེ།འདུམ་འགྲིག་ཡོང་ཐབས་དངོས་འབྲེལ་མེད་པའི་གྲས།

9.ཕྱོགས་གཅིགས་གིས་བཟའ་ཟླ་ཡོད་བཞིན་ཏུ་གཉེན་སྒྲིག་བྱས་པས།ཕྱོགས་ཅིག་ཤོས་ཀྱིས་བཟའ་ཚང་ཁ་བྲལ་རྒྱའི་ཞུ་གཏུག་བྱས་པའི་གྲས།

10.ཕྱོགས་གཅིག་ལ་སྐྱིད་འདོད་ལས་གཡོལ་དང་རྒྱན་པོ་འགྱེད་པ་སོགས་ཀྱི་སྤྱོད་ངན་ལྡན་ལ།ཁྲིམ་ཚང་གི་འོས་འགན་མི་འཁུར་ཞིང་།སློབ་གསོ་བཏང་ཡང་ཡོ་བསྲང་མི་བྱེད་པས།མཉམ་གཅིག་ཏུ་ཁྱོ་ཤུག་གི་འཚོ་བ་རོལ་དཀའ་བའི་གྲས།

11.ཕྱོགས་གཅིག་ལ་ཁྲིམས་ལྟར་ཡུན་རིང་གི་བཙོན་ཁྲིམས་བཅད་པ་དང་།ཡང་ན་ཁྲིམས་འགལ་དང་ཉེས་གསོག་གི་བྱ་སྤྱོད་ཀྱིས་ཁྲོ་ཤུག་གནདོ་འཚེ་ཚབས་ཆེན་ཕོག་པའི་གྲས།

12.ཕྱོགས་གཅིག་གར་སོང་ཆ་མེད་ཏུ་གྱུར་ནས་ལོ་ངོ་གཉིས་ཟིན་པ་དང་།ཕྱོགས་ཅིག་ཤོས་ཀྱིས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བྱས་པས།སྤྱི་བསྒྲགས་བྱས་ནས་རྩད་འཚོལ་བྱས་ཀྱང་རྩད་མ་ཆོད་པའི་གྲས།

13.ཕ་རོལ་པོས་མནར་གཅོད་བྱས་པའམ་ཡལ་བར་དོར་བ་དང་།ཡང་ན་ཕ་རོལ་པོའི་ཁྱིམ་མི་དང་གཉེན་ཚན་གྱི་མནར་གཅོད་ཕོག་པ།ཡང་ན་ཕ་རོལ་པོའི་ཁྱིམ་མི་དང་གཉེན་ཚན་ལ་མནར་སྤྱོད་བཏང་བ་བཅས་ལ།གོ་སྐོན་སློབ་གསོ་བཏང་ཡང་ཡོ་བསྲང་མི་བྱེད་པས།ཕྱོགས་ཅིག་ཤོག་ཀྱིས་གཟོད་སྒོམ་མི་བྱེད་པའི་གྲས།

14.རྒྱུ་རྐྱེན་གཞན་དག་གིས་ཁྱོ་ཤུག་གི་བརྩེ་དུང་དངོས་འབྲེལ་མེད་པ་ཆགས་པའི་གྲས་བཅས་སོ།།

མི་དམངས་ཁྲིམས་ཁང་གིས་བཟའ་ཚང་གིས་བཟའ་ཚང་ཁ་བྲལ་རྒྱུའི་གྱོད་དོན་ཞིབ་གཅོད་བྱེད་དུས་ཕྲུ་གུ་གསོ་འགན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བསམ་འཆར་བྱེ་བྲག་པ་འགའ།

སྤྱི་ལོ1993ལོའི་ཟླ11པའི་ཚེས3ཉིན།ཁྲིམས་སྤེལ་[1993]ཨང30པ།

མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་རྒྱུའི་གྱོད་དོན་ཞིབ་གཅོད་བྱེད་དུས།།ཕྲུ་གུ་གསོ་འགན་གྱི་འནད་དོན་ཐད་དུ་《གཉེན་སྒྲིག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་དགུ་པ་དང་དོན་ཚན་སུམ་བཅུ་པ།དེ་མིན་འབྲེལ་ཡོད་བཅའ་ཁྲིམས་ཀྱིས་གཏན་འབེབས་ལྟར།ཕྲུ་གུའི་ལུས་སེམས་བདེ་ཐང་ལ་ཕན་པ་དང་ཕྲུ་གུའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པར་དམིགས་དགོས་པ་དང་།ཕ་མ་ཕྱོགས་གཉིས་ཀའི་གསོ་སྐྱོང་ནུས་པ་དང་ཆ་རྐྱེན་སོགས་ཀྱི་གསན་ཚུལ་དངོས་ལ་བཞིགས་ནས་ཞག་གཅོད་འོས་འཚམ་བྱེད་དགོས།གོང་སྨོས་རྩ་དོན་གཞིར་བཟུང་ཞིང་འདྲི་གཅོད་ཀྱི་ཉམས་མྱོང་ལ་ཟུང་འབྲེལ་བྱས་ནས་གཤམ་གསལ་གྱི་བསམ་འཆར་བཏོན་པ་ཡིན།

1.ལོ་གཉིས་མན་གྱི་ཕྲུ་གུ་སྤྱིར་བཏང་ཨ་མ་དང་མཉམ་དུ་འཚོ་བ་རོལ་དགོས།ཨ་མ་ལ་གཤབ་གསལ་གྱི་གནས་ཚུལ་གྲས་ཤིག་ལྡན་ཚེ།ཕ་མ་དང་མཉམ་དུ་འཚོ་བ་རོལ་ཆོག

(1)བཅོས་ཐབས་མི་རྙེད་པའི་འགོས་ནད་དང་ཡང་ན་གཞན་པའི་ན་ཚ་ཚབས་ཆེན་ཡོད་པས། ཕྲུ་གུ་དེ་དང་མཉམ་ཏུ་འཚོ་བ་རོལ་མི་འོས་པའི་གྲས་དང་།

(2)གསོ་ནུས་ལྡན་ཡང་གསོ་འགན་མི་འཁུར་པས། ཨ་ཕས་ཕྱོགས་ཀྱིས་ཕྲུ་གུ་རང་ཉིད་དང་མཉམ་ཏུ་འཚོ་བ་རོལ་བའི་རེ་འདུན་བཏོན་པའི་གྲས།

(3)རྒྱུ་རྐྱེན་གཞན་དག་གི་དབང་གིས་ཕྲུ་གུ་ཨ་མ་དང་མཉམ་དུ་འཚོ་བ་རོལ་ཐབས་མེད་པའི་གྲས།

1.ཕ་མ་གཉིས་ཀ་ལོ་གཉིས་མན་གྱི་ཕྲུ་གུ་ཕ་དང་མཉམ་དུ་འཚོ་བ་རོལ་རྒྱུར་གྲོས་མཐུན་བྱུང་ཞིང་། ཕྲུ་གུ་བདེ་ཐང་སྒོས་འཚར་ལོངས་ཡིང་རྒྱུར་གནོད་པ་མེད་པ་ན་ཆོག་མཆན་སྤྲོད་དགོས།

3.ལོ་གསུམ་ཡན་ལ་སོན་པའི་དར་ལ་མ་བབས་པའི་ཕྲུ་གུ་ཡིན་ན།ཕ་མ་ཕྱོགས་གཉིས་ཀས་རང་ཇིད་དང་མཉམ་དུ་འཚོ་བ་རོལ་དགོས་པའི་རེ་འདུན་བཏོན་ཚེ།ཕྱོགས་གཅིག་ལ་གཤམ་གྱི་ཆ་རྐྱེན་གྲས་ཤིག་ལྡན་ན་དམིགས་གསལ་གྱིས་བསམ་བློ་གཏོང་དགོས།

(1)སྐྱེ་རྒྱུན་བཅད་པའི་གཤགས་བཅོས་བྱས་ཟིན་པའམ་རྒྱུ་རྐྱེན་གཞན་གྱིས་བུ་རྒྱུད་སྐྱེ་ནུས་ཤོར་བའི་གྲས་དང་།

(2)ཕྲུ་གུ་རང་ཉིད་དང་མཉམ་དུ་འཚོ་བ་རོལ་ནས་ཡུན་རིང་ཕྱིན་པས།འཚོ་བའི་ཁོར་ཡིག་ལ་འགྱུར་ལྡོག་བྱུང་ཚེ་ཕྲུ་གུ་བདེ་ཐང་ངང་འཚར་ལོང་ཡོང་རྒྱུར་གནོད་པ་མངོན་གསལ་ཡོད་པའི་གྲས།

(3)རང་ཉིད་ལ་ཕྲུ་གུ་མེད་ཅིང་ཕྱོགས་ཅིག་ཤོས་ལ་ཕྲུ་གུ་གཞན་པ་ཡོད་པ།

(4)ཕྲུ་གུ་རང་ཕྱོགས་དང་མཉམ་དུ་འཚོ་བ་རིལ་ན་ཕྲུ་གུའི་བདེ་ཐང་ལའང་ཕན་པ་དང་།ཕྱོགས་ཅིག་ཤོསལ་བཅོས་ཐབས་མི་རྙེད་པའི་འགོས་ནད་དང་ན་ཚ་ཚབས་ཆེན་ཡོད་པའམ།ཡང་ན་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་གནོད་པའི་གནས་ཚུལ་གཞན་དག་ལྡན་པས།ཕྲུ་གུ་དང་མཉམ་དུ་འཚོ་བ་རོལ་མི་འོས་པའི་གྲས།

4.ཕ་མ་གཉིས་ཀའི་ཕྲུ་གུ་གསོ་བའི་ཆ་རྐྱེན་ཕལ་ཆེར་འདྲ་མཚུངས་ཡིན་ཞིང་ཕྱོགས་གཉིས་ཀས་ཕྲུ་གུ་རང་ཉིད་དང་མཉམ་དུ་འཚོ་བ་རོལ་དགོས་པའི་རེ་འདུན་བཏོན་པ་ལ།ཕྲུ་གུ་དེ་ཕ་ཕྱོགས་སམ་མ་ཕྱོགས་ཀྱི་སྤོ་བོ་རྨོ་བོ་དང་མཉམ་དུ་འཚོ་བ་རོལ་ནས་ལོ་མང་འགོར་བའི་ཁར།སྤོ་བོ་རྨོ་བོ་ལ་ཕྲུ་གུ་གསི་བའི་རེ་འདུན་དང་ནུས་པ་ཡོད་པ་ཡིན་ན།དེ་ནི་ཕྲུ་གུ་དེ་ཨ་ཕའམ་ཡང་ན་ཨ་མ་དང་མཉམ་དུ་འཚོ་བ་རོལ་པའི་དམིགས་གསལ་གྱི་ཆ་རྐྱེན་ལ་བརྩིས་ཏེ་ཡང་བསྐྱར་མནོ་བསམ་བཏང་ཆོག

5.ལོ་བཅུ་ཡན་སོན་པའི་ན་སོ་སྨིན་པའི་ཕྲུ་གུ་དེ་ཕ་མ་གཉིས་ལས་སུ་དང་མཉམ་དུ་འཚོ་བ་རོལ་བའི་ཐད་དུ་རྩོད་གཞི་བྱུང་ཚེ།ཕྲུ་གུའི་བསམ་འཆར་ལ་མནོ་བསམ་གཏོང་དགོས།

6.ཕྲུ་གུའི་ཁེ་ཕན་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ།ཕ་མ་གཉིས་ཀྱིས་རེས་མེས་ཀྱིས་ཕྲུ་གུ་གསོ་སྐྱོང་བྱེད་པར་གྲོས་མཐུན་བྱུང་གྲས་ལ་ཆོག་མཆན་སྤྲོད་དགོས།

7.ཕྲུ་གུའི་གསོ་རྟེན་གྱི་གྲངས་འབོར་ནི་ཕྲུ་གུའི་དངོས་ཡོད་ཀྱི་དགོས་མཁོ་དང་།ཕ་མ་ཕྱོགས་གཉིས་ཀའི་ཁག་འགན་འཁུར་ནུས།ས་གནས་དེ་གའི་འཚོ་བའི་ཆུ་ཚད་དངོས་བཅས་གཞིར་བཟུང་ནས་གཏན་འཁེལ་བྱེད་དགོས།

ཡོང་འབབ་གཏན་འཇགས་ཅན་ཡིན་ན།ཟླ་རེའི་ཡོངས་འབབ་སྤྱི་འབོར20%ནས30%ཡི་གསོ་རྟེན་སྤྲོད་དགོས།ན ཕྲུ་གུ་གཉིས་ཡན་གྱི་གསོ་རྟེན་ཁག་འགན་འཁུར་བ་ལ་བསྡུར་ཚད་དེ་མཐོ་རུ་འོས་འཚམ་བཏང་ཆོག་མོད།འོན་ཀྱང་ཟླ་རེའི་ཡོང་འབབ་སྤྱི་འབོར་གྱི50%ལས་བརྒལ་མི་རུང་།

ཡོང་འབབ་གཏན་འཇགས་ཅན་མིན་ན།གསོ་རྟེན་གྱི་གྲངས་འབོར་ནི་ལོ་དེའི་ཡོང་འབབ་སྤྱི་འབོར་དང་ཡང་ན་ལས་རིགས་གཅིག་པའི་ཆ་སྙོམས་ཡོང་འབབ་གཞི་བཅོལ་ཐོག་གོང་སྨོས་བསྡུར་ཚད་ལྟོས་ཏེ་གཏན་འཁེལ་བྱེད་དགོས།

དམིགས་བསལ་གྱི་གནས་ཚུལ་ཅན་ཡིན་ན། གོང་སྨོས་བསྡུར་ཚད་དེ་ཇེ་མཐོའམ་ཇེ་དམའ་རུ་འོས་འཚམ་གཏོང་ཆོག

8.གསོ་རྟེན་ནི་དུས་ཆད་ལྟར་སྤྲོད་དགོས།ཆ་རྐྱེན་ཡོད་ཡོད་ན་ཐེངས་གཅིག་ལ་སྤྲད་ཆོག

9.ཕྱོགས་གཅིག་ལ་དཔལ་འབྱོར་གྱི་ཡོང་སྒོ་མེད་པའམ་མི་ཁོ་རང་གར་སོང་ཆ་མེད་ཏུ་གྱུར་པ་ཡིན་ན།དེའི་རྒྱུ་དངོས་ཕྲུ་གུའི་གསོ་རྟེན་ལ་བཅག་ནས་བཀོལ་དགོས།

10.ཕ་མ་ཕྱོགས་གཉིས་ཀྱིས་ཕྲུ་གུ་ཕྱོགས་གཅིག་དང་མཉམ་དུ་འཚོ་བ་རོལ་རྒྱུས་མ་ཚད་གསོ་འགན་འཁུར་མཁན་དེས་གསོ་རྟེན་ཡོད་ཚད་ཁག་ཁུར་ལེན་རྒྱུའི་གྲོས་ཆིངས་བཞག་ཆོག  འོན་ཀྱང་གསོ་འགན་འཁུར་མཁན་ལ་ཕྲུ་གུའི་དགོས་མཁོ་མངོན་གསལ་གྱིས་འགན་ལེན་བྱེད་མི་ནུས་པས་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་གནོད་པ་ཡོད་ཚུལ་རྩད་ཆོད་བྱུང་ན།ཆོག་མཆན་སྤྲས་མི་ཆོག

11.གསོ་རྟེན་སྤྲོད་པའི་དུས་ཚད་ནི་སྤྱིར་བཏང་ཕྲུ་གུ་ལོ་བཅོ་བརྒྱད་ལ་སོན་པའི་བར་ཡིན།

ལོ་བཅུ་དྲུག་ཡན་དང་བཅོ་བརྒྱད་ལ་མ་སོན་པའི་རིང་གི་ཕྲུ་གུས་རང་སོའི་ངལ་རྩོལ་གྱི་ཡོང་འབབ་དེ་འཚོ་བའི་ཡོང་ཁུངས་གཙོ་བོ་བྱེད་པ་དང་།དེས་མ་ཚད་ས་གནས་རང་གི་སྤྱིར་བཏང་གི་འཚོ་བའི་ཆུ་ཚད་འཚིན་སྐྱོང་ཐུབ་པ་ཡིན་ན།ཕ་མས་གསོ་རྟེན་སྤྲོད་རྒྱུ་མཚམས་བཞག་ཆོག

12.འཚོ་བ་རང་མགོ་ཐོན་མེད་པའི་ན་སོ་སྨིན་པའི་ཕྲུ་གུ་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ལྡན་པ་དང་།ཕ་མའང་འཚོ་རྟེན་སྤྲོད་ནུས་ཡོད་པ་ཡིན་ན་སྔར་བཞིན་དགོས་ངེས་ཀྱི་གསོ་རྟེན་སྤྲོད་དགོས།

(1)ངལ་རྩོལ་གྱི་ནུས་པ་ཤོར་བའམ་ཡོངས་སུ་ཤོར་མེད་ཀྱང་ཁོའི་ཡོང་སྒོར་བརྟེན་ནས་འཙོ་བ་སྐྱོང་མི་ཐུབ་པའི་གྲས་དང་།

(2)སློབ་གྲྭར་འགྲོ་མུས་ཡིན་པ།

(3)འཚོ་བ་རང་མགོ་ཐོན་བྱེད་ཀྱི་ནུས་པ་དང་ཆ་རྐྱེན་དངོས་འབྲེལ་མེད་པ།

13.ཕ་དང་མ་གཡར་རམ་ཡང་ན་མ་དང་ཕ་ཡར་བཟའ་ཚང་ཁ་བྲལ་བྱེད་དུས།སྨར་གསོ་འགན་ཁུར་བའི་ཕྲུ་གུ་ལ་ཆ་བཞག་ན་ཕ་གཡར་དང་མ་གཡར་གྱིས་མུ་མཐུད་དུགསོ་འགན་འཁུར་མི་མོས་པ་ཡིན་ན།སྔར་བཞིན་ལུས་སྦྱིན་ཕ་མས་གསོ་འགན་འཁུར་དགོས།

14.《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉར་གསོ་བཅའ་ཁྲིམས》ལག་བསྟར་མ་བྱས་གོང་དུ།ཁྱོ་ཤུག་གཉིས་ལས་ཕྱོགས་གཅིག་གིས་ཉར་གསོ་བྱས་པའི་ཕྲུ་གུ་ལ་ཕྱོགས་ཅིག་ཤོས་ཀྱི་མོས་མཐུན་མེད་ཚུལ་མ་བསྟན་པའི་ཁར་ཕྲུ་གུ་དེ་དང་དོན་དངོས་ཀྱི་ཉར་གསོའི་འབྲེལ་བ་ཆགས་པ་ཡིན་ན།བཟའ་ཚང་ཁ་བྲལ་བྱས་རྗེས་ཕྱོགས་གཉིས་ཀས་ཕྲུ་གུའི་གསོ་འགན་འཁུར་དགོས།ཁྱོ་ཤུག་གཉིས་ལས་ཕྱོགས་གཅིག་གིས་ཉར་གསོ་བྱས་པའི་ཕྲུ་གུ་ལ་ཕྱོགས་ཅིག་ཤོས་ཀྱིས་ཐོག་མཐའ་བར་གསུམ་དུ་མོས་མཐུན་མ་བྱུང་བ་ཡིན་ན།བཟའ་ཚང་ཁ་བྲལ་བྱས་རྗེས་ཉར་གསོ་མཁན་གྱིས་ཕྲུ་གུ་དེ་གསོ་སྐྱོང་བྱེད་དགོས།

15.བཟའ་ཚང་ཁ་བྲལ་བྱས་རྗེས་ཕྱོགས་གཅིག་གིས་ཕྲུ་གུའི་གསོ་འགན་འབྲེལ་བ་བསྒྱུར་རྒྱུའི་རེ་བ་བཏོན་པ་དང་།ཡང་ན་ཕྲུ་གུས་གསོ་རྟེན་ཁ་སྣོན་བྱེད་དགོས་པའི་རེ་འདུན་བཏོན་པ་དང་།ཡང་ན་ཕྲུ་གུས་གསོ་རྟེན་ཁ་སྣོན་བྱེད་དགོས་པའི་རེ་འདུན་བཏོན་པ་ཡིན་ན།ཁོལ་དུ་ཕྱུང་ནས་ཞུ་གཏུག་བྱེད་དགོས།

16.ཕྱོགས་གཅིག་གིས་ཕྲུ་གུའི་གསོ་འགན་འབྲེལ་བ་བསྒྱུར་རྒྱུའི་རེ་འདུན་བཏོན་པ་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ལྡན་ཚེ་རྒྱབ་སྐྱོར་བྱེད་དགོས།

(1)ཕྲུ་གུ་དང་མཉམ་དུ་འཚོ་བ་རོལ་པའི་ཕྱོགས་དེར་ན་ཚ་ཚབས་ཆེན་ཕོག་པའམ་རྨས་སྐྱོན་བྱུང་བས་མུ་མཐུད་དུ་ཕྲུ་གུ་གསོ་འགན་འཁུར་ནུས་མེད་པའི་གྲས་དང་།

(2)ཕྲུ་གུ་དང་མཉམ་དུ་འཚོ་བ་རོལ་པའི་ཕྱོགས་དེས་ཕྲུ་གུས་གསོ་བའི་འོས་འགན་མི་འཁུར་བའམ་ཕྲུ་གུར་མནར་གཅོད་གཏོང་བའི་བྱ་སྤྱོད་ཡོད་པ་དང་།ཡང་ན་ཕྲུ་གུ་དང་མཉམ་དུ་འཚོལ་བ་རོལ་ན་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་གནོད་པ་ངོ་མ་ཡོད་པ།

(3)ལོ་བཅུ་ཡན་ལ་སོན་པའི་དར་ལ་མ་བབས་པའི་ཕྲུ་གུ་ཕྱོགས་ཅིག་ཤོས་དང་མཉམ་དུ་འཚོ་བ་རོལ་འདོད་ཡོད་པ་དང་།   ཕྱོགས་དེ་ལའང་གསོ་འགན་ཁུར་ནུས་ཡོད་པ། 

(4)གསོ་འགན་འབྲེལ་བ་བསྒྱུར་བར་དྲང་བདེན་གྱི་རྒྱུ་རྐྱེན་གཞན་དག་ཡོད་པ།

17   ཕྲུ་གུའི་གསོ་འགན་འབྲེལ་བ་བསྒྱུར་བའི་ཐད་དུ་་ཕ་མ་ཕྱོགས་གཉིས་ཀ་གྲོས་མཐུན་ཕྱོགས་བྱུང་གྲས་ལ་ཆོག་མཆན་སྤྲོད་དགོས།

18   ཕྲུ་གུས་གསོ་རྟེན་ཁ་སྣོན་བྱེད་དགོས་པའི་རེ་འདུན་འདོན་པ་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ལྡན་པ་དང་ཕའམ་མ་ལའང་གསོ་རྟེན་སྤྲོད་པའི་ནུས་པ་ཡོད་ཚེ།   དེར་རྒྱབ་སྐྱོར་བྱེད་དགོས།

(1)  སྔར་གྱི་གསོ་རྟེན་གྲངས་འབོར་གྱིས་གནས་རང་གི་འཚོ་བའི་ཆུ་ཚད་དངོས་སྐྱོང་དཀའ་བའི་གྲས་དང་།

(2)   ཕྲུ་གུར་ན་ཚ་ཕོག་དང་སློབ་གྲྭ་འགྲིམ་པས་དགོས་མཁོ་དངོས་དེ་སྔར་གྱི་གསོ་རྟེན་གྲངས་འབོར་ལས་བརྒལ་བ། 

(32)ཁ་སྣོན་བྱེད་པར་དྲང་བདེན་གྱི་རྒྱུ་རྐྱེན་གཞན་དག་ཡོད་པ།

19  ཕ་མས་ཕྲུ་གུའི་རུས་བརྗེས་པའི་དབང་གིས་ཕྲུ་གུའི་གསོ་རྟེན་མི་སྤྲོད་པ་མི་རུང་།  ཕ་མ་གཉིས་ལས་ཕྱོགས་གཅིག་གིས་གང་དག་ཕྲུ་གུམའི་རུས་ཕ་གཡར་གྱི་རུས་སུ་བསྒྱུར་བར་བྱུང་བའི་རྩོད་གཞི་ཡིན་ན།   སྔ་མའི་རུས་སླར་གསོ་བྱེད་དགསོ་པའི་བཀའ་ཆད་གཏོང་དགོས།   

20   བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བྱེད་རིང་ཕྱོགས་གཉིས་ཀས་ཕྲུ་གུའི་གསོ་འགན་མི་འཁུར་པ་ཡིན་ན།   གནས་སྐབས་སུ་ཕྱོགས་གཅིག་གིས་གསོ་སྐྱོང་བྱེད་དགོས་རྒྱུ་སྔོན་ལ་དཔྱད་མཚམས་བཏང་ཆོག 

21  ནུས་པ་ལྡན་ཟིན་པའི་དཔྱད་མཚམས་དང་།   བཀའ་ཆད།   འདུམ་ཐབས་བཅས་ནང་གི་ཕྲུ་གུ་གསོ་བའི་འོས་འགན་མི་སྒྲུབ་པ་དང་ཡང་ན་གཞན་གྱིས་སྒྲུབ་པར་གནོད་སྐྱེལ་མཁན་དོ་བདག་གམ་སྐྱེ་བོ་གཞན་པ་ཡིན་ན།   མི་དམངས་ཁྲིམས་ཁང་གིས་《དམངས་དོན་གཏུགས་བཤེར་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་བརྒྱ་དང་བཅུ་མེད་གཉིས་ཀྱི་གཏན་འབེབས་ལྟར་བཙན་ཤེད་གྱིས་ཐབས་བཀོད་སྤྱད་ཆོག

བཟའ་ཚང་ཁ་བྲལ་རྒྱུའི་གྱོད་དོན་ཞིབ་གཅོད་བྱེད་དུས་རྒྱུ་ནོར་བགོ་བཤའ་རྒྱག་པའི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བསམ་འཆར་བྱེ་བྲག་པ་འགའ་ཞིག

སྤྱི་ལོ1993ལོའི་ཟླ11པའི་ཚེས3ཉིན།ཁྲིམས་སྤེལ་〔1993〕ཨང32པ།

མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་རྒྱུའི་གྱོད་དོན་ཞིབ་གཅོད་བྱེད་དུ་ས་ཁྱོ་ཤུན་ཐུན་མོང་གི་རྒྱུ་ནོར་ཐག་གཅོད་བྱེད་པའི་ཐད་དུ་《གཉེན་སྒྲིག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》དང་། 《བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》དེ་མིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར།    སྒེར་གྱི་རྒྱུ་ནོར་དང་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར།     ཁྱིམ་ཚང་ཐུན་མོང་གི་རྒྱུ་ནོར་བཅས་ཀྱི་དབྱེ་བ་གསལ་པོ་བྱས་ཏེ།    ཕོ་མོ་འདྲ་མཉམ་དང་།  བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས་པ།   ནོར་འཛོལ་མེད་པའི་ཕྱོགས་ལ་ལྟ་རྟོག་བྱེད་དགོས་པ།  དོ་བདག་གི་འདོད་མོས་ལ་བརྩི་འཇོག་བབྱེད་དགོས་པ།    ཐོན་སྐྱེད་ལ་ཕན་ཐོགས་ཡོད་ཅིང་འཚོ་བར་སྟབས་བདེ་བཟོ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཐོག   འོས་ཤིང་མཚམས་པའི་སྒོ་ནས་ཐག་གཅོད་བྱེད་དགོས།   གོང་སྨོས་རྩ་དོན་གཞིར་བཟུང་ཞིང་འདྲི་གཅོད་ཀྱི་ཉམས་མྱོངང་ལ་ཟུང་འབྲེལ་བྱས་ནས་གཤམས་གསལ་གྱི་བསམ་འཆར་བཏོན་པ་ཡིན།

1  .ཁྱོ་ཤུག་ཕྱོགས་གཉིས་ལ་རྒྱུ་ནོར་སུ་ལ་དབང་བའི་དོན་དག་ཡིག་ཐོག་གི་ཁ་དན་ཡོད་པའམ་ཡང་ན་ངག་ཐོག་གི་ཁ་དན་ཡོད་པ་ལ།    ཕྱོགས་གཉིས་ཀར་རྩོད་གཞི་མེད་པ་ཡིན་ན།   བཟའ་ཚང་ཁ་བྲལ་བྱེད་སྐབས་ཁ་དན་ལྟར་ཐག་གཅོད་བྱེད་དགོས།   ཡིན་ནའང་ཁྲིམས་དང་འགལ་བ་ནི་རྩིས་འགྲོ་མེད་པའི་ཁ་དན་ཡིན།  

2.   ཁྱོ་ཤུག་ཕྱོགས་གཉིས་ཀར་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ཐོབ་པའི་རྒྱུ་ནོར་ནི་ཁྱོ་ཤུག་ཐུན་མོང་གི་རྒྱུམ་ནོར་ཡིན།    དེའི་ནང་དུ་གཤམ་གསལ་ཁག་ཚུད་ཡོད། 

(1)ཕྱོགས་གཅིག་གམ་ཕྱོགས་གཉིས་ཀའི་ངལ་རྩོལ་ལ་ཐོབ་པའི་ཡོང་འབབ་དང་ཉོས་པའི་རྒྱུ་ནོར། 

(2)ཕྱོགས་གཅིག་གམ་ཕྱོགས་གཉིས་ཀའི་ཤུལ་འཛིན་བྱས་པའམ་གཞན་གྱིས་འབུལ་སྦྱིན་བྱས་པའི་རྒྱུ་ནོར། 

(3)ཕྱོགས་གཅིག་གམ་ཕྱོགས་གཉིས་ཀའི་ཤེས་ཡོན་རྒྱུ་དབང་ལ་ཐོབ་པའི་དཔལ་འབྱོར་ཁེ་བཟང་།

(4)ཕྱོགས་གཅིག་གམ་ཕྱོགས་གཉིས་ཀའི་འགན་གཙང་ལེན་དང་བོགས་གཏོང་ལེན་སོགས་ཐོན་སྐྱེད་དང་ཁེ་གཉེར་ལས་སྒོ་ལ་ཐོབ་པའི་རྒྱུ་ནོར། 

(5)ཕྱོགས་གཅིག་གམ་ཕྱོགས་གཉིས་ཀར་ཡོད་པའི་བུ་ལོན་བདག་དབང་།

(6)ཕྱོགས་གཅིག་གམ་ཕྱོགས་གཉིས་ཀར་ཐོབ་པའི་ཁྲིམས་མཐུན་གྱི་ཡོང་འབབ་གཞན་དག

3.གཉེན་སྒྲིག་འབྲེལ་བ་གནས་པའི་རིག་གི་དམག་འཁྱུར་དང་ལས་བསྒྱུར་དམག་མི་ལ་ཐོབ་པའི་དམག་འཁྱུར་གྲོན་དངུལ་དང་ལས་བསྒྱུར་གྲོན་དངུལ་ནི།  གཉེན་སྒྲིག་དུས་ཡུན་ལོ་བཅུ་ཡན་འགོར་བ་ཅན་ཡིན་ན་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལྟར་བགོ་བཤའ་རྒྱག་དགོས།  དམག་འཁྱུར་དམག་གིས་དམག་དཔུང་ནས་ཁྱེར་ཡོང་བའི་སྨན་བཅོས་རོགས་དངུལ་དང་ཡུལ་ལོག་ཐོན་སྐྱེད་རོགས་དངུལ་ནི།  རང་ཉིད་སྒེར་ལ་དབང་བ་ཡིན།

4.ཁྱོ་ཤུག་གཉིས་ཡུལ་ཁ་ཁར་བསྡད་ནས་སོ་སོར་བདག་གཉེར་དང་བཀོལ་སྤྱོད་བྱེད་པའི་གཉེན་སྒྲིག་བྱས་རྗེས་ཀྱི་རྒྱུ་ནོར་ནི།  ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལ་ངོས་འཛིན་བྱེད་པའི་རྒྱུ་ནོར་ནི་སོ་སོ་སྒེར་ལ་དབང་བ་ཡིན།  ཕྱོགས་གཉིས་ཀར་བགོ་བཤའ་བརྒྱབ་པའི་རྒྱུ་ནོར་མང་ཉུང་ཁྱད་ཆེན་པོ་ཤོར་བ་ཡིན་ན།  ཆད་གྲངས་ཀྱི་ཆ་དེ་ཐོབ་མང་བའི་ཕྱོགས་ཀྱིས་ཆད་གྲངས་དང་འདྲ་མཚུངས་ཀྱི་རྒྱུ་ནོར་བཅག་ནས་ཕྱོགས་ཅིག་ཤོས་ལ་ཁ་གསབ་བྱེད་དགོས། 

5.གཉེན་སྒྲིག་ཐོ་འགོད་བྱས་ཟིན་ཀྱང་མཉམ་གཅིག་ཏུ་འཚོ་བ་རོལ་མེད་པ་ལ།  ཕྱོགས་གཅིག་གམ་ཕྱོགས་གཉིས་ཀས་བླངས་པའི་འབུལ་དངུལ་དང་འབུལ་རྟེན་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལ་ངོས་འཛིན་བྱེད་དགོས།   ཐག་གཅོད་ཞིབ་ཕྲ་བྱེད་དུས་རྒྱུ་ནོར་གྱི་ཡོང་ཁུངས་དང་།  ཁ་གྲངས་སོགས་གནས་ཚུལ་ལ་གཞིགས་ནས་བགོ་བཤའ་འགྲིག་པོ་རྒྱག་་དགོས།   ཁ་ཁ་སོ་སོར་རིན་པ་སྤྲད་དེ་ཉོས་པ་དང་བེད་སྤྱོད་གཏོང་བའི་རྒྱུ་ནོར་ཡིན་ན་རྩ་དོན་སྟེང་སོ་སོར་རང་ལ་དབང་བ་ཡིན།

6.གཉེན་སྒྲིག་མ་བྱས་གོང་ཕྱོགས་གཅིག་ལ་དབང་བའི་རྒྱུ་ནོར་དེ་གཉེན་སྒྲིག་བྱས་རྗེས་ཕྱོགས་གཉིས་ཀའི་ཐུན་མོང་དུ་བཀོལ་སྤྱོད་དང་།  ཚོང་གཉེར།  བདག་གཉེར་བཅས་བྱས་པ་ལས།  ཁང་པ་དང་ཐོན་སྐྱེད་རྒྱུ་ཆ་རྩ་ཆེ་གྲས་ལོ་བརྒྱད་འགོར་བ་དང་།  འཚ་བའི་རྒྱུ་ཆ་ཆེ་གྲས་ལོ་བཞི་འགོར་བ་ཡིན་ན།  ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་དུ་རྩིས་ཆོག

7.མི་སྒེར་གྱི་རྒྱུ་ནོར་ཡིན་ནམ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་པར་གཏན་འཁེལ་བྱེད་ཁག་པོ་ཡོད་པ་ཅན་ཡིན་ན།  ཁེ་དབང་ཡོད་འདོད་མཁན་ཕྱོགས་ལ་དཔང་རྟགས་འདོན་པའི་་འགན་འཁུར་ཡོད།  དོ་བདག་ལ་དཔང་རྟགས་བཙན་པོ་སྟོན་རྒྱུ་མེད་པ་དང་།  མི་དམངས་ཁྲིམས་ཁང་ལ་ཡང་རྩད་གཅོད་བྱེད་ཐབས་བྲལ་བ་ཡིན་ཕྱིན།  ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལྟར་ཐག་གཅོད་བྱེད་དགོས། 

8.ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་ན་རྩ་དོན་སྟེང་འདྲ་མཉམ་གྱིས་བགོ་བཤའ་རྒྱག་དགོས།  ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་དང་།  རྒྱུ་ནོར་གྱི་ཡོང་ཁུངས་སོགས་ཀྱི་གནས་ཚུལ་གཞིར་བཟུང་ནས།  ཐག་གཅོད་དངོས་བྱེད་སྐབས་ཁྱད་པར་ཡང་ཡོད་ཆོག་པ་ཡིན།  མི་སྒེར་གྱི་ཆེད་སྤྱོད་དངོས་ཟོག་ཡིན་ན་སྤྱིར་བཏང་དུ་མི་སྒེར་ལ་དབང་བ་ཡིན། 

9.ཕྱོགས་གཅིག་གིས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་སྤྱད་དེ་མི་གཞན་དང་ཟླ་སྒྲིག་ཚོང་གཉེར་བྱེད་པ་ཡིན་ན།  ཟླ་སྐལ་དུ་བཞག་པའི་རྒྱུ་ནོར་དེ་ཕྱོགས་དེ་ལ་བགོས་ཆོག་པ་དང་།  ཟླ་སྐལ་དུ་བཞག་པའི་རྒྱུ་ནོར་ཐོབ་མཁན་ཕྱོགས་དེས་ཕྱོགས་ཅིག་ཤོས་ལ་རྒྱུ་ནོར་དེའི་ཕྱེད་ཀའི་རིན་པ་དང་མཉམ་པའི་སྐྱིན་ཚབ་སྤྲོད་དགོས། 

10.ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱི་ཐོན་སྐྱེད་རྒྱུ་ཆ་ནི་ཚོང་གཉེར་གྱི་ཆ་རྐྱེན་དང་ནུས་པ་ཡོད་པའི་ཕྱོགས་ལ་བགོས་ཆོག    ཐོན་སྐྱེད་རྒྱུ་ཆ་ཐོབ་མཁན་ཕྱོགས་དེས་ཕྱོགས་ཅིག་ཤོས་ལ་རྒྱུ་ནོར་དེའི་ཕྱེད་ཀའི་རིན་པ་དང་མཉམ་པའི་སྐྱིན་ཚབ་སྤྲོད་དགོས།

11.ཁྱོ་ཤུག་ཐུན་མོང་གིས་གཉེར་ལ་ལོ་དེར་ཡོང་འབབ་མེད་པའི་གསོ་སྤེལ་དང་རྨོ་འདེབས་ལས་རིགས་སོགས་ནི་བཟའ་ཚང་ཁ་བྲལ་བྱེད་དུས་ཐོན་སྐྱེད་གོང་འཕེལ་ཡོང་བར་ཕན་ཐོགས་ཡོད་མེད་དང་།  ཚོང་གཉེར་དོ་དམ་ལ་་ཕན་ཐོགས་ཡོད་མེད་ལ་གཞིགས་ཏེ་བགོ་བཤའ་འོས་འཚམ་རྒྱག་དགོས་པའམ་ཡང་ན་གོང་བཅག་ནས་ཐག་གཅོད་བྱེད་དགོས།

12.གཉེན་སྒྲིག་བྱས་ཚུན་གྱི་ལོ་བརྒྱད་ནང་གཉེན་སྒྲིག་མ་བྱས་གོང་ཕྱོགས་གཅིག་ལ་དབང་བའི་ཁང་པ་ཞིག་གསོའམ་རྒྱན་སྤྲོས་དང་ཡང་ན་སྔར་གཞི་བཤིག་ནས་གསར་སྐྲུན་བྱས་པ་དེ་བཟའ་ཚང་ཁ་བྲལ་བྱེད་དུས་ཁང་པའི་བདག་དབང་བརྗེས་མེད་ན།  ཁང་པ་སྔར་མུས་བཞིན་བདག་དབང་ཡོད་མཁན་ལ་དབང་བ་དང་།  རིན་འཕར་བྱུང་བའི་ཁག་ནང་ ནས་ཕྱོགས་ཅིག་ཤོས་ལ་དབང་བའི་ཆ་དེ་ཁང་པའི་བདག་དབང་ཡོད་མཁན་གྱིས་གོང་བཅད་ནས་ཕྱོགས་ཅིག་ཤོས་དེར་འཇལ་དགོས་པ་དང་།    ཁང་པ་རྒྱས་སྐྲུན་བྱས་ཡོད་ན་བྱས་པའི་ཁག་དེ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལྟར་ཐག་གཅོད་བྱེད་དགོས།  

13.བགོ་མི་འོས་པའི་ཁྱོ་ཤུག་ཐུན་མོང་ལ་དབང་བའི་ཁང་པ་ནི་ཕྱཡོགས་གཉིས་ཀའི་སྡོད་ཁང་གི་གནས་ཚུལ་དང་བུ་ཕྲུག་གསོ་འགན་འཁུར་པའམ་ནོར་འཛོལ་མེད་པའི་ཕྱོགས་ལ་ལྟ་རྟོག་བྱེད་དགོས་པ་སོགས་ཀྱི་རྩ་དོན་ལྟར་ཕྱོགས་གཅིག་ལ་བགོ་དགོས།    ཁང་པ་ཐོབ་མཁན་ཕྱོགས་དེས་ཕྱོགས་ཅིག་ཤོས་ལ་ཁང་པའི་རིན་གོང་གི་ཕྱེད་ཀ་དང་མཉམ་པའི་སྐྱིན་ཚབ་འཇལ་དགོས།    ཕྱོགས་གཉིས་ཀ་ཆ་རྐྱེན་འདྲ་མཚུངས་ཡིན་ན་བུད་མེད་ཕྱོགས་ལ་དམིགས་གསལ་ལྟ་དགོས།

14.   གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་གཞི་སྡོད་བྱེད་སའི་ཁང་པ་ཕྱོགས་གཅིག་ལ་གདང་བ་དང་།    ཕྱོགས་འིག་ཤོས་ཀྱིས་བཟའ་ཚང་ཁ་བྲལ་བྱས་རྗེས་སྡོད་ས་མེད་པའི་རྒྱུ་མཚན་དྲངས་ནས་གནས་སྐབས་སུ་དེ་རུ་སྡོད་པའི་རེ་འདུན་བཏོན་ན།     རྩད་གཅོད་བྱས་པའི་གནས་ཚུལ་ལ་གཞིགས་ཏེ་རྒྱབ་སྐྱོར་བྱས་ཆོག    ཡིན་ནའང་ལོ་གཉིས་ལས་བརྒལ་མི་ཆོག   ཁང་པ་མེད་པའི་ཕྱོགས་དེས་ཁང་པ་གླས་ཏེ་སྡོད་པར་དངོས་འབྲེལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་ཚེ།    ཁང་པའི་བདག་དབང་སྤྱོད་མཁན་ཕྱོགས་དེས་ཐེངས་གཅིག་ལ་དཔལ་འབྱོར་རོགས་རམ་བྱས་ཆོག 

15.   བཟང་ཚང་ཁ་བྲལ་སྐབས་ཕྱོགས་གཅིག་གི་དཔལ་འབྱོར་ཁེ་ཕན་ད་དུང་ཐོབ་མེད་པའི་ཤེས་ཡོན་རྒྱུ་དབང་ཡིན་ན་ནི་ཕྱོགས་དེ་རང་ལ་དབང་བ་ཡིན།  ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་བགོ་བཤམ་རྒྱག་སྐབས་དེའི་གནས་ཚུལ་དངོས་ལ་གཞིགས་ནས་ཕྱོགས་ཅིག་ཤོས་ལ་དམིགས་གསལ་རན་པ་སྟེར་དགོས། 

16.   གཉེན་སྒྲིག་མ་བྱས་གོང་གི་མི་སྒེར་གྱི་རྒྱུ་ནོར་དེ་གཉེན་བསྒྲིགས་རྗེས་གྱི་ཐུན་མོང་འཚོ་བའི་ཁྲོད་དུ་རང་ཤུགས་སུ་གྲོན་པའམ་ཟད་པ་དང་མེད་བརླག་ཏུ་སོང་རིགས་ནི།    བཟའ་ཚངང་ཁ་བྲལ་བྱེད་དུས་ཕྱོགས་དེ་གས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གྱིས་སྐྱིན་ཚབ་འཇལ་དགོས་པའི་རེ་འདུན་བཏོན་པར་རྒྱབ་སྐྱོར་མི་བྱེད་རྒྱུ།

17.   ཁྱོ་ཤུག་གཉིས་ཀྱིས་འཚོ་བ་མཉམ་དུ་རོལ་དུས།    འཚོ་བ་དང་ཕྲུ་གུ་དང་རྒན་ཁོག་གསོ་བའི་འོས་འགན་འཁུར་བའི་ཆེད་དུ་ཟུག་པའི་བུ་ལོན་ནི་ཁྱོ་ཤུག་ཐུན་མོང་གི་བུ་ལོན་ལ་ངོས་འཛིན་བྱེད་དགོས་ཤིང་།   བཟའ་ཚང་ཁ་བྲལ་བྱེད་དུས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གྱིས་འཇལ་དགོས།   གཤམ་གསལ་གྱི་བུ་ལོན་ཁག་ཁྱོ་ཐུན་མོང་གི་བུ་ལོན་དུ་བརྩི་མི་རུང་པས།    ཕྱོགས་གཅིག་གི་མི་སྒེར་གྱི་རྒྱུ་ནོར་གྱིས་འཇལ་དགོས། 

(1)ཁྱོ་ཤུག་གཉིས་ཀྱིས་མི་སྒེར་གྱིས་འཇལ་རྒྱུའི་གྲོས་ཆིངས་བཞག་པའི་བུ་ལོན།   ཡིན་ནའང་བུ་ལོན་གཡོལ་ཐབས་བྱེད་རིགས་དེའི་ཁོངས་སུ་མི་འདུ།

(2)  ཕྱོགས་གཅིག་གིས་ཕ་རོལ་པོ་མོས་མཐུན་མ་བྱུང་པར་རང་དགར་གསོ་སྐྱོང་འོས་འགན་འཁུར་མི་དགསོ་པའི་ཉེ་འབྲེལ་ལ་རོགས་སྐྱོར་བྱས་ཏེད་བྱུང་བའི་བུ་ལོན།

(3)ཕྱོགས་གཅིག་གིས་ཕ་རོལ་པོ་མོས་མཐུན་མ་བྱུང་པར་རང་གཅིག་པུའི་ངོས་ནས་མ་རྩ་བསྒྲུགས་ནས་ཚོང་གཉེར་བྱེད་སྒོ་སྤེལ་བ་དང་།   དེའི་ཡོང་འབབ་ཐུན་མོང་འཚོ་བའི་ཐད་དངོས་འབྲེལ་སྤྱད་མེད་པའི་སྒོ་ནས་བྱུང་བའི་བུ་ལོན། 

(4) མི་སྒེར་གྱིས་འཁུར་དགོས་པའི་བུ་ལོན་གཞན་དག། 

18. གཉེན་སྒྲིག་མ་བྱས་གོང་ཕྱོགས་གཅིག་གིས་དངུལ་བསྐྱིས་ནས་ཉོས་པའི་ཁང་པ་སོགས་རྒྱུ་ནོར་དེ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཆགས་ཚར་བ་ཡིན་ན།    རྒྱུ་ནོར་ཉོ་ཆེད་དུ་བསྐྱིས་པའི་བུ་ལོན་ནི་ཁྱོ་ཤུག་ཐུན་མོང་གི་བུ་ལོན་ལ་བརྩི་དགོས།

19.གཉེན་སྒྲིག་ལ་ཁག་བཞག་ནས་བླངས་པའི་རྒྱུ་ནོར་ཡིན་ན།   བཟའ་ཚང་ཁ་བྲལ་བྱེད་དུས།   གཉེན་སྒྲིག་བྱས་ནས་དུས་ཡུན་རིང་པོ་ཕྱིན་མེད་པ་དང་།   ཡང་ན་རྒྱུ་ནོར་བླངས་བ་དེས་ཕ་རོལ་པོའི་འཚོ་བར་དཀའ་ངལ་བཟོས་པ་ཡིན་ཚེ་གནས་ཚུལ་ལ་གཞིགས་ཏེ་ཕྱིར་སྤྲད་ཆོག    ཐོབ་པའི་རྒྱུ་ནོར་གྱི་ངོ་བོ་དེ་བསླངས་པ་ཡིན་ནམ་འབུལ་སྦྱིན་བྱས་པ་ཡིན་པ་གཏན་ཁེལ་བྱེད་དཀའ་བ་ཡིན་ན།   ཕུལ་པར་བརྩིས་ཏེ་ཐག་གཅོད་བྱེད་དགོས།

20. བཟའ་ཚང་ཁ་བྲལ་བྱེད་སྐབས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་དེ་ཁྱིམ་ཚང་ཐུན་མོང་གི་རྒྱུ་ནོར་ནང་ནས་བཀར་མེད་པས།    ཕྱོགས་གཅིག་གིས་རྒྱུ་ནོར་དགར་རྒྱུའི་རེ་འདུན་བཏོན་པ་ཡིན་ན།   སྔོན་ལ་བཟའ་ཚང་ཁ་བྲལ་རྒྱུ་དང་གསལ་འབྱེད་བྱུང་ཟིན་པའི་རྒྱུ་ནོར་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་།    གནས་སྐབས་སུ་གསལ་བྱེད་དཀའ་བའི་རྒྱུ་ནོར་བགོ་བཤའ་རྒྱག་པའི་གནད་དོན་ནོ་ཁོལ་དུ་ཕྱུང་ནས་གྱོད་ཐག་གཅོད་དགོས་ཚུལ་དོ་བདག་ལ་གསལ་བཤད་བྱེད་དགསོ་པ་དང་།   ཡང་ན་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་མཚམས་བཞག་ནས་རྒྱུ་ནོར་དགརད་རྒྱུའི་གྱོད་རྩད་ཆོད་རྗེས་གཞི་ནས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་སླར་གསོ་བྱེད་དགོས། 

21.  ཕྱོགས་གཅིག་གིས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཁྲིམས་འགལ་སྒོས་བསྐུངས་བའམ་གནས་སྤོས་ནས་སྤྲོད་ཁ་མི་ཉན་པ་དང་།   ཡང་ན་ཁྲིམས་འགལ་སྒོས་བཙོང་བ་དང་མེད་བརླག་བཏང་བ་ཡིན་ན།   རྒྱུ་ནོར་བགོ་བཤའ་རྒྱག་སྐབས་སྦ་མཁན་དང་།   སྤོ་མཁན།   འཚོང་མཁན།   མེད་བརླག་གཏོང་མཁན་ཕྱོག་ས་ལ་ཉུང་ཙམ་བགོ་དགོས་པའམ་མི་བགོ་རྒྱུ།  ཐག་གཅོད་དངོས་བྱེད་སྐབབས་བཀསྐུངས་བ་དང་།   སྤོས་པ།   བཙོང་བ། མེད་བརླག་བཏང་བི་རྒྱུ་ནོར་དེ་སྦ་མཁན་དང་།   སྤོ་མཁན།    འཚོང་མཁན།   མེད་བརླག་གགཏོང་མཁོན་ཕྱོགས་ལ་ཐོབ་པའི་རྒྱུ་སྐལ་ལ་རྩིས་པའི་ངོས་ནས།   ཕྱོགས་གཅིག་ཤོས་ལ་ཐོབ་འོས་པའི་རྒྱུ་སྐལ་དེ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གཞན་དག་ནང་ནས་བཅག་ཏེད་སྤྲོད་དགོས་ལ།   དེས་མ་འདང་བའི་ཆད་གྲངས་ནི་སྦ་མཁན་དང་།    སྤོ་མཁན།    འཚོང་མཁན།    མེད་བརླག་གཏོང་མཁན་ཕྱོགས་དེས་གོང་བཅག་ནས་སྐྱིན་ཚབ་འཇལ་དགོས།   ཁྲིམས་འགལ་སྒོས་ཐུན་མོང་གི་རྒྱུ་ནོར་སྦ་མཁན་དང་།  སྤོ་མཁན།    འཚོང་མཁན།    མེད་བརླག་གཏོང་མཁན་ཕྱོགས་དེར་མི་དམངས་ཁྲིམས་ཁང་གིས་《དམངས་དོན་གཏུག་བཤེར་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》གྱོ་དོན་ཚན102པའི་གཏན་འབེབས་ལྟར་ཐག་གཅོད་བྱས་ཆོག 

22.    དོན་དངོས་ཀྱི་གཉེན་སྒྲིག་གྲུབ་པ་ཅན་ཡིན་ན།   དེའི་རྒྱུ་ནོར་བགོ་བཤའ་རྒྱག་པའི་ཐད་དུ་བསམ་འཆར་འདི་སྤྱད་འཐུས།    ཁྲིམས་འགལ་གྱི་འགབ་མཐུན་མཉམ་སྡོད་བྱེད་མཁན་ཡིན་ན།   དེའི་རྒྱུ་ནོར་བགོ་བཤའ་རྒྱངག་པའི་ཐད་དུ་ཆེས་མཐོའི་མི་དམངས་ཁང་གིས་སྤེལ་བའི《མི་དམངས་ཁང་གིས་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་རིམ་མ་འགྲིམས་པར་ཁྱོ་ཤུག་གི་མིང་ཐོག་ནས་འགབ་མཐུན་མཉམ་སྡོད་བྱེད་པའི་གྱོད་དོན་འདྲི་བཤེར་བྱེད་པའི་སྐོར་གྱི་བསམ་འཆར་འགའ》ཡི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།