སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས། (ཚན་བཤུས།)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས། (ཚན་བཤུས།)
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་ཆེད་དང་མིའི་ལུས་ཕུང་གི་བདེ་ཐང་ལ་འགན་སྲུང་། སྐྱེ་ཁམས་བདེ་འཇགས་སྲུང་བ་དང་དཔལ་འབྱོར་སྤྱི་ཚོགས་རྒྱུད་མཐུད་ངང་འཕེལ་རྒྱས་གཏོང་བའི་བཅའ་ཁྲིམས་བཟོ་བར་སྐུལ་འདེད་བྱས་པ་ཡིན། སྤྱི་ལོ1995ལོའི་ཟླ10ཚེས30ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་ཐོག་གྲོས་འཆམ་བྱུང་ཞིང་། སྤྱི་ལོ2004ལོའི་ཟླ12ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་ཐོག་བཟོ་བཅོས་བརྒྱབ། སྤྱི་ལོ2004ལོའི་ཟླ12ཚེས29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་ཞི་བཀའ་ཨང31པ་ཁྱབ་བསྒྲགས་བྱས། སྤྱི་ལོ2005ལོའི་ཟླ4ཚེས1ཉིན་ནས་ལག་ལེན་དུ་བསྟར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国固体废物污染环境防治法
དེ་སྔའི་པར་གཞི།
སྤྱི་ལོ2013ལོའི་ཟླ6པའི་ཚེས59ཉིན།
བཟོ་སྐྲུན་ལས་ཁུངས།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
བཟོ་བཅོས་ལོ་ཚིགས།
སྤྱི་ལོ2013ལོའི་ཟླ6པའི་ཚེས29ཉིན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》(ཚན་བཤུས)

1 ལེའུ་གཉིས་པ། སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་ཕྱོགས་སྐོར།

དོན་ཚན་བཅུ་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་མཉམ་དུ་རྒྱལ་ཁབ་ཀྱི་ཁོར་ཡུག་སྤུས་ཀའི་ཚད་གཞི་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ལག་རྩལ་གྱི་ཆ་རྐྱེན་ལ་གཞིགས་ནས་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པའི་རྒྱལ་ཁབ་ཀྱི་ལག་རྩལ་ཚད་གཞི་གཏན་ལ་འབེབས་རྒྱུ།

དོན་ཚན་བཅུ་གཉིས་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་ལྟ་ཞིབ་ཚད་ལེན་གྱི་ལམ་ལུགས་བཙུགས་ནས་གཅིག་གྱུར་གྱིས་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་གཏན་འབེབས་བྱས་ཐོག། འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ལྟ་ཞིབ་ཚད་ལེན་གྱི་དྲ་བ་སྒྲིག་འཛུགས་བྱ་རྒྱུ།

གྲོང་ཁྱེར་ཆེ་འབྲིང་གི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྲ་གཟུགས་ཟོག་རོའི་རིགས་དང། དེའི་ཐོན་འབོར། གཙང་བཅོས་བྱས་ཚུལ་སོགས་པའི་ཆ་འཕྲིན་དུས་བཀག་ཐོག་སྤྱི་བསྒྲགས་བྱ་དགོས།

དོན་ཚན་བཅུ་གསུམ་པ། སྲ་གཟུགས་ཟོག་རོ་འབྱུང་བའི་རྣམ་གྲངས་འཛུགས་སྐྲུན་དང་དེ་བཞིན་སྲ་གཟུགས་ཟོག་རོ་གསོག་ཉར་དང། བེད་སྤྱོད། གཙང་བཅོས་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཁྲིམས་མཐུན་ལྟར་ཁོར་ཡུག་གི་གནོད་པའི་གདེང་འཇོག་བྱ་དགོས་པ་མ་ཟད། རྒྱལ་ཁབ་གཞུང་གི་འབྲེལ་ཡོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་དོ་དམ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་ཀྱང་བརྩི་སྲུང་ཞུ་དགོས།

དོན་ཚན་བཅུ་བཞི་པ།  འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་གནོད་པ་ཇི་ཡོང་གདེང་འཇོག་བྱས་ཡིག་ནང་དེ་དང་འབྲེལ་བའི་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་གཏན་ཁེལ་བ་དེ་ངེས་པར་དུ་གཙོ་གནད་ལས་གྲྭ་དང་དུས་མཚུངས་སུ་ཇུས་འགོད་དང། ཨར་པོ་རྒྱག་པ། ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་བེད་སྤྱོད་བྱ་དགོས། སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པའི་སྒྲིག་བཀོད་དེ་ངེས་པར་དུ་ཁོར་ཡུག་ལ་གནོད་པ་ཇི་ཡོང་གདེང་འཇོག་ཡིག་ཆར་དང་ཐོག་ཞིབ་བཤེར་ཆོག་མཆན་འགོད་མཁན་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ལོན་རྗེས། འཛུགས་སྐྲུན་རྣམ་གྲངས་དེ་གཞི་ནས་ཐོན་སྐྱེད་བྱེད་འགོ་འཛུགས་པའམ་ཡང་ན་བེད་སྤྱོད་བྱས་འཐུས། སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་སྒྲིག་བཀོད་ལ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་འདི་གཙོ་གནད་ལས་གྲྭར་ཞིབ་བཤེར་རྩིས་ལེན་བྱེད་པ་དང་དུས་གཅིག་ཏུ་བྱ་དགོས།

དོན་ཚན་བཅོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱ་རྒྱུར་ལྟ་སྐུལ་དང་དོ་དམ་བྱེད་མཁན་སྡེ་ཚན་ཁག་གཞན་དག་ལ་སོ་སོའི་འགན་འཁྲི་ལྟར་གཙོ་སྐྱོང་བྱེད་ཁོངས་ནང་ཚུད་པའི་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པ་དང་འབྲེལ་བ་ཡོད་པའི་སྡེ་ཚན་དང་ལས་ཡུལ་དངོས་ཀྱི་ཞིབ་བཤེར་བྱེད་དབང་ཡོད། ཞིབ་བཤེར་བྱ་ཡུལ་སྡེ་ཚན་གྱིས་གནས་ཚུལ་ངོ་མ་ཇི་མ་ཇི་བཞིན་བཤད་དགོས་པ་དང་དགོས་ངེས་ཀྱི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱ་དགོས། ཞིབ་བཤེར་ལས་ཁུངས་ཀྱིས་ཞིབ་བཤེར་བྱ་ཡུལ་སྡེ་ཚན་གྱི་ལག་རྩལ་གསང་དོན་དང་ལས་སྒོའི་གསང་དོན་སྲུང་དགོས།

ཞིབ་བཤེར་ལས་ཁུངས་ཀྱིས་ལས་ཡུལ་དངོས་ལ་ཞིབ་བཤེར་བྱེད་སྐབས། ལས་ཡུལ་དངོས་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང། དངོས་དཔེ་འཚོལ་བསྡུ་བྱེད་པ། སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་དཔྱད་ཡིག་ལྟ་ཞིབ་བམ་བསྐྱར་པར་སོགས་པའི་བྱེད་ཐབས་སྤྱད་ཆོག། ཞིབ་བཤེར་པས་ལས་ཡུལ་དངོས་ལ་ཞིབ་བཤེར་བྱེད་སྐབས་ལག་ཁྱེར་སྟོན་དགོས།

2 ལེའུ་གསུམ་པ། སྲ་གཟུགས་ཟོག་རོས་ཡུལ་ཁམས་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་ཕྱོགས་སྐོར།

ས་བཅད་དང་པོ། སྤྱིར་བཏང་གི་གཏན་འབེབས།

དོན་ཚན་བཅུ་དྲུག་པ། སྲ་གཟུགས་ཟོག་རོ་ཐོན་སའི་སྡེ་ཚན་དང་སྐྱེ་བོར་བྱེད་ཐབས་སྤྱད་དེ་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཤུགས་ཇེ་ཆུང་དུ་གཏོང་བའམ་འགོག་ཐབས་བྱ་དགོས།

དོན་ཚན་བཅུ་བདུན་པ།སྲ་གཟུགས་ཟོག་རོ་བསྡུ་རུབ་དང། གསོག་ཉར། དབོར་འདྲེན། བེད་སྤྱོད། གཙང་བཅོས་བཅས་བྱེད་པའི་སྡེ་ཚན་དང་སྐྱེ་བོས་ངེས་པར་དུ་གང་སར་གྱར་པ་དང་། ཤོར་བ། འཛག་པ་བཅས་འགོག་ཐབས་སམ་ཡང་ན་ཡུལ་ཁམས་བཙོག་པས་སྦགས་ཚུལ་འགོག་ཐབས་གཞན་དག་སྤྱོད་དགོས། སྲ་གཟུགས་ཟོག་རོ་རང་དགར་གཤོ་བ་དང་། སྤུང་བ། སྐྱུར་བ། ལུས་ཐོར་དུ་འཇུག་རིགས་བྱས་མི་ཆོག

ལས་ཁུངས་གང་ཞིག་དང་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་གཙང་པོ་དང་ཆུ་བོ་དང། མཚེའུ་། མི་བཟོས་ཆུ་བོ། ཡུར་ཆུ། ཆུ་མཛོད་བཅས་དང་དེ་དག་གི་ཆུ་རྒྱས་མཚམས་མཐོ་ཤོས་མན་གྱི་གྲམ་ངོགས་དང་ཆུ་འགྲམ་སོགས་བཅའ་ཁྲིམས་དང། ཁྲིམས་སྲོལ་གྱི་གཏན་འབེབས་སུ་ཟོག་རོ་གཤོ་བ་དང་སྤུང་རིགས་གཏན་འགོག་བྱ་རྒྱུ།

དོན་ཚན་བཅོ་བརྒྱད་པ།ཐོན་རྫས་དང་ཐུམ་སྒྲིལ་དངོས་རྫས་ཇུས་འགོད་དང།  བཟོ་སྐྲུན་བྱེད་སྐབས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཙང་སྦྲ་ལྡན་པར་ཐོན་སྐྱེད་བྱེད་པའི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་ལྡན་ཅན་དུ་བསྒྱུར་བའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ལག་རྩལ་གྱི་ཆ་རྐྱེན་དང། སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པའི་གནས་ཚུལ་དང་དེ་བཞིན་ཐོན་རྫས་ཀྱི་རྫས་ཀྱི་ལག་རྩལ་བླང་བྱར་གཞིགས་ཏེ་འབྲེལ་ཡོད་ཀྱི་ཚད་གཞི་གཏན་ལ་འབེབས་པའི་སྒྲིག་འཛུགས་བྱས་ནས་ཐུན་སྒྲིལ་བྱས་དྲགས་པའི་དབང་གིས་ཁོར་ཡུག་བཙོག་པས་སྦགས་ཚུལ་བཀག་འགོག་བྱ་རྒྱུ།

ཁྲིམས་མཐུན་ལྟར་བཙན་བབས་ཀྱིས་ཕྱིར་བསྡུའི་དཀར་ཆག་ཏུ་བཙུད་པའི་ཐོན་རྫས་དང་ཐུན་སྒྲིག་དངོས་པོ་ཐོན་སྐྱེད་དང། བྲིན་འཚོང། ནང་འདྲེན་བཅས་བྱེད་པའི་ཁེ་ལས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐོན་རྫས་དང་ཐུམ་སྒྲིལ་དངོས་པོ་དེ་རིགས་ཕྱིར་བསྡུ་ལེན་བྱ་དགོས།

དོན་ཚན་བཅུ་དགུ་པ།ཚན་རིག་ཞིབ་འཇུག་དང། ཐོན་སྐྱེད་སྡེ་ཚན་གྱིས་ཚུར་བསྡུས་བེད་སྤྱོད་བེད་བ་དང། གཙང་བཅོས་བྱེད་བདེ་བའམ་ཡང་ན་ཁོར་ཡུག་གི་ནང་དབྱེ་ཕྲལ་ཐུབ་པའི་གཡོག་བྱེད་འགྱོག་ཤོག་སྲབ་མོ་དང་ཚོང་ཟོག་ཐུམ་སྒྲིལ་དངོས་པོ་ཞིབ་འཇུག་དང་ཐོན་སྐྱེད་བྱ་རྒྱུར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ། ཞིང་སྤྱོད་འགྱོག་ཤོག་སྲབ་མོ་སྤྱོད་མཁན་སྡེ་ཚན་དང་སྐྱེ་བོས་ཚུར་བསྡུད་བེད་སྤྱོད་བྱ་རྒྱུ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཞིང་སྤྱོད་འགྱིག་ཤོག་སྲབ་མོས་ཁོར་ཡུག་སྦགས་བཙོག་བཟོ་ཤུགས་ཇེ་ཆུང་དུ་གཏོང་བའམ་འགོག་ཐབས་བྱ་དགོས།

དོན་ཚན་ཉི་ཤུ་པ།སྒོ་ཕྱོགས་དང་ཁྱིམ་བྱ་གསོ་སྤེལ་ཁྱོན་ཆེ་བྱེད་རིགས་ཀྱིས་གསོ་སྤེལ་བྱེད་རིམ་དུ་ཐོན་པའི་ཕྱུགས་རིགས་ཀྱི་ལུས་དང་བྱ་བྲུན་རྣམས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྡུ་རུབ་དང། གསོག་ཉར། བེད་སྤྱོད། གཙང་བཅོས་བཅས་བྱས་ཏེ་ཁོར་ཡུག་བཙོག་པས་མི་སྦགས་པར་བྱ་དགོས།

མི་འབོར་ཆེ་བའི་ས་ཁུལ་དང་། གནམ་གྲུ་འབབ་ཐང་གི་ཉེ་འཁོར། འགྲིན་འགྲུལ་མ་ལམ་གྱི་ཉེ་འགྲམ་བཅས་དང་དེ་བཞིན་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་དབྱེ་མཚམས་བཅད་པའི་ཐང་སྡེར་དུ་སོག་མ་མེར་བསྲེགས་གཏོང་རིགས་བྱས་མི་ཆོག

དོན་ཚན་ཉེར་གཅིག་པ།སྲ་གཟུགས་ཟོག་རོ་བསྡུ་རུབ་དང། གསོག་ཉར། དབོར་འདྲེན། གཙང་བཅོས་བཅས་བྱེད་པའི་སྒྲིག་བཀོད་དང། སྒྲིག་ཆས། གནས་ཡུལ་བཅས་ལ་དོ་དམ་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་དེ་རྒྱུན་གཏན་ངང་འཁོར་རྒྱུག་དང་བེད་སྤྱོད་ཐུབ་པའི་ཁག་ཐེག་བྱ་དགོས།

དོན་ཚན་ཉེར་གཉིས་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་དང་དེ་བཞིན་ཞིང་ཆེན་དང། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་པའི་མི་དམངས་སྲིད་གཞུང་གིས་དབྱེ་མཚམས་བཅད་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང། མཛེས་ལྗོངས་གྲགས་ཅན་ཁུལ། འཐུང་ཆུའི་ཆུ་འགོ་སྲུང་ཁུལ། གཞི་རྩའི་ཞིང་ག་སྲུང་ཁུལ། དམིགས་བསལ་གྱི་སྲུང་སྐྱོབ་བྱ་དགོས་པའི་ས་ཁོངས་གཞན་དག་ནང། བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་གཅིག་བསྡུས་ཀྱིས་གསོག་ཉར་དང། གཙང་བཅོས་སྒྲིག་བཀོད། གནས་ཡུལ། འཚོ་བའི་གད་སྙིགས་སྦས་ཡུལ་བཅས་སྐྲུན་རིགས་གཏན་འགོག་བྱ་རྒྱུ།

དོན་ཚན་ཉེར་གསུམ་པ།སྲ་གཟུགས་ཟོག་རོ་ཞིང་ཆེན་དང། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་སྲིད་འཛིན་ས་ཁོངས་ནས་གནས་སྤོ་བྱས་ནས་གསོག་ཉར་དང་གཙང་བཅོས་བྱ་དགོས་རིགས། སྲ་གཟུགས་ཟོག་རོ་གནས་སྤོ་བྱེད་པའི་ཞིང་ཆེན་དང། རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དང་དུ་ལེན་མཁན་ཞིང་ཆེན་དང། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་གྲོས་མོལ་བྱས་ཏེ་མོས་མཐུན་ཐོབ་ན། ད་གཟོད་གཞི་ནས་སྲ་གཟུགས་ཟོག་རོ་དེ་རིགས་ཞིང་ཆེན་དང། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་སྲིད་འཛིན་ས་ཁོངས་ནས་གནས་སྤོ་བྱས་ཆོག་པའི་ཆོག་མཆན་འགོད་རྒྱུ། ཆོག་མཆན་མ་ཐོབ་པར་གནས་སྤོ་བྱས་མི་ཆོག

དོན་ཚན་ཉེར་བཞི་པ།ཀྲུང་ཧྭ་མོ་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་རོལ་གྱི་སྲ་གཟུགས་ཟོག་རོ་མངའ་ཁོངས་ནང་ལོགས་སུ་གཤོ་བ་དང། སྤུང་བ། གཙང་བཅོས་བཅས་བྱེད་རིགས་གཏན་འགོག་བྱ་རྒྱུ།

དོན་ཚན་ཉེར་ལྔ་པ།རྒྱུ་ཆར་སྤྱོད་གོ་མི་ཆོད་པའམ་གནོད་མེད་ཀྱི་ཐོག་ནས་བེད་སྤྱོད་མི་རུང་བའི་སྲ་གཟུགས་ཟོག་རོ་ནང་འདྲེན་བྱེད་རིགས་གཏན་འགོག་བྱ་རྒྱུ་དང། རྒྱུ་ཆར་སྤྱོད་གོ་ཆོད་པའི་སྲ་གཟུགས་ཟོག་རོ་ནང་འདྲེན་བྱེད་པར་ཚོད་འཛིན་བྱེད་པ་དང་རང་མོས་ཀྱི་ཐོག་ནས་ནང་འདྲེན་བྱས་འཐུས་རིགས་དབྱེ་དོ་དམ་བྱ་རྒྱུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཕྱི་ཕྱོགས་ཉོ་ཚོང་གཙོ་སྐྱོང་སྡེ་ཁག་དང།རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་སྤུས་ཀར་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྡེ་ཁག་བཅས་ལྷན་དུ་སྲ་གཟུགས་ཟོག་རོ་ནང་འདྲེན་བྱེད་རིགས་གཏན་འགོག་དང་ཚོད་འཛིན་བྱེད་པ་དང་རང་མོས་ཀྱི་ཐོན་ནས་ནང་འདྲེན་ཆོག་འཐུས་ཀྱི་དཀར་ཆག་བཟོ་བ་དང་ལེགས་སྒྲིག་བྱེད་པ་མ་ཟད་ཡོངས་བསྒྲགས་ཀྱང་བྱ་རྒྱུ།

ནང་འདྲེན་གཏན་འགོག་བྱ་རྒྱུའི་དཀར་ཆག་ནང་བཙུད་པའི་སྲ་གཟུགས་ཟོག་རོ་ནང་འདྲེན་བྱེད་རིགས་གཏན་འགོག་བྱ་རྒྱུ། ནང་འདྲེན་ཚོན་འཛིན་བྱ་རྒྱུའི་དཀར་ཆག་ནང་བཙུད་པའི་སྲ་གཟུགས་ཟོག་རོ་ནང་འདྲེན་བྱེད་ན། ནང་འདྲེན་ཚོན་འཛིན་བྱ་རྒྱུའི་དཀར་ཆག་ནང་བཙུད་པའི་སྲ་གཟུགས་ཟོག་རོ་ནང་འདྲེན་བྱེད་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཡུལ་ཁམས་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཕྱི་ཕྱོགས་ཉོ་ཚོང་གཙོ་སྐྱོང་སྡེ་ཁག་གཉིས་པོའི་ཞིབ་བཤེར་ཆོག་མཆན་ཐོབ་དགོས། རང་མོས་ཀྱི་ཐོག་ནས་ནང་འདྲེན་བྱས་འཐུས་ཀྱི་དཀར་ཆག་ནང་བཙུད་པའི་སྲ་གཟུགས་ཟོག་རོ་ནང་འདྲེན་བྱེད་རིགས་ཀྱིས་རང་མོས་ཆོག་འཐུས་ཀྱི་འགྲོ་ལུགས་འགྲིམ་དགོས།

སྲ་གཟུགས་ཟོག་རོ་ནང་འདྲེན་བྱེད་རིགས་རྒྱལ་ཁབ་ཀྱི་ཡུལ་ཁམས་སྲུང་སྐྱོང་བྱེད་པའི་ཚད་གཞི་དང་ངེས་པར་དུ་མཐུན་དགོས་པར་མ་ཟད་སྤུས་ཀར་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྡེ་ཁག་གིས་ཞིབ་བཤེར་བྱས་པའི་ཚད་གཞི་ཡང་ལོན་དགོས།

སྲ་གཟུགས་ཟོག་རོ་ནང་འདྲེན་བྱེད་པར་དོ་དམ་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཕྱི་ཕྱོགས་ཉོ་ཚོང་གཙོ་སྐྱོང་སྡེ་ཁག་དང། རྒྱལ་སྲིད་སྤྱི་ཁབ་ཁང་ཁོངས་དཔལ་འབྱོར་ཕྱོགས་བསྡུས་ཀྱིས་སྤྱི་ཁོག་ནས་སྙོགས་སྒྲིག་བྱེད་པའི་སྡེ་ཁག། འགག་སྒོའི་སྤྱི་འདོམས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་སྤུས་ཀར་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྡེ་ཁག་བཅས་དང་ལྷག་དུ་གཏན་ལ་འབེབས་རྒྱུ།

དོན་ཚན་ཉེར་དྲུག་པ།ནང་འདྲེན་བྱེད་མཁན་གྱིས་ནང་འདྲེན་བྱས་པའི་དངོས་ཟོག་རྣམས་འགག་སྒོས་དོ་དམ་བྱེད་ཁོངས་ཀྱི་སྲ་གཟུགས་ཟོག་རོའི་ཁོངས་སུ་བཙུད་པར་མོས་པ་མ་བྱུང་ཚེ། ནང་འདྲེན་བྱེད་མཁན་གྱིས་ཁྲིམས་མཐུན་ལྟར་སྲིད་འཛིན་གྱི་བསྐྱར་ཞིབ་ཡོང་རེ་ཞུས་ཆོག་པ་དང་། མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱས་ཀྱང་ཆོག

ས་བཅད་གཉིས་པ། བཟོ་ལས་ཀྱི་སྲ་གཟུགས་རོས་ཡུལ་ཁམས་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་ཕྱོགས་སྐོར།

དོན་ཚན་ཉེར་བདུན་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་དཔལ་འབྱོར་ཕྱོགས་བསྡུས་ཀྱིས་སྤྱོ་ཁོག་ནས་སྙོགས་སྒྲིག་བྱེད་པའི་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དང་ལྷན་དུ་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོས་ཁོར་ཡུག་སྦགས་བཙོག་བཟོ་རིགས་ལ་མཚམས་ཚད་གཏན་འབེབས་བྱས་ནས་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོས་ཁོར་ཡུག་སྦགས་བཙོག་བཟོ་རིགས་འགོག་བཅོས་ཀྱི་ལག་རྩལ་སྲིད་ཇུས་བཟོ་འགོད་བྱས་ཏེ་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་རིགས་འགོག་བཅོས་བྱེད་པའི་ཐོན་སྐྱེད་བཟོ་རྩལ་དང་སྒྲིག་བཀོད་སྔོན་ཐོན་ཅན་ཁྱབ་གདལ་གཏོང་རྒྱུ་སྒྲིག་འཛུགས་བྱ་རྒྱུ།

དོན་ཚན་ཉེར་བརྒྱད་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་དཔལ་འབྱོར་ཕྱོགས་བསྡུས་ཀྱིས་སྤྱི་ཁོག་ནས་སྙོམས་སྒྲིག་བྱེད་པའི་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་འབྱུང་ཚད་ཉུང་དུ་གཏོང་བ་དང་གནོད་པ་འབྱུང་ཚད་ཆུང་དུ་གཏོང་བའི་ཐོན་སྐྱེད་བཟོ་རྩལ་དང་སྒྲིག་བཀོད་ཞིབ་འཇུག་དང། གསར་གཏོད། ཁྱབ་གདལ་བཅས་སྒྲིག་འཛུགས་བྱ་རྒྱུ་དང། ཁོར་ཡུག་བཙོག་པས་སྦགས་ཚབས་ཆེ་བའི་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་ཐོན་པའི་རྗེས་ལུས་ཀྱི་ཐོན་སྐྱེད་བཟོ་རྩལ་དང། རྗེས་ལུས་ཀྱི་སྒྲིག་བཀོད་དུས་བཀག་ལྟར་དོར་དགོས་པའི་མིང་ཐོ་ཁྱབ་བསྒྲགས་བྱ་དགོས།

ཐོན་སྐྱེད་བྱེད་མཁན་དང་། འཚོང་མཁན། ནང་འདྲེན་བྱེད་མཁན། བེད་སྤྱོད་བྱེད་མཁན་བཅས་ཀྱིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་དཔལ་འབྱོར་ཕྱོགས་བསྡུས་ཀྱིས་སྤྱི་ཁོག་ནས་སྙོམས་སྒྲིག་བྱེད་པའི་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་གཏན་ལ་ཕབ་པའི་དུས་བཀག་ནང་ཚུན་རེ་རེ་བྱས་ནས་གོང་འཁོད་དོན་ཚན་གྱི་གཏན་འབེབས་ནང་གསལ་མིང་ཐོའི་ནང་ཚུད་པའི་སྒྲིག་ཆས་ཐོན་སྐྱེད་དང། ཕྱིར་འཚོང། ནང་འདྲེན་ནང་ཡང་ན་བེད་སྤྱོད་བཅས་བྱེད་མཚམས་འཇོག་རྒྱུ། ཐོན་སྐྱེད་བཟོ་རྩལ་སྤྱོད་མཁན་གྱིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་དཔལ་འབྱོར་ཕྱོགས་བསྡུས་ཀྱིས་སྤྱི་ཁོག་ནས་སྙོགས་སྒྲིག་བྱེད་པའི་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་དང་ཁོངས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་གཏན་ལ་ཕབ་པའི་དུས་བཀག་ནང་ཚུན་གོང་འཁོད་དོན་ཚན་གྱི་གཏན་འབེབས་ནང་གསལ་མིང་ཐོའི་ནང་ཚུད་པའི་བཟོ་རྩལ་སྤྱོད་མཚམས་འཇོག་དགོས།

དུས་བཀག་ཐོག་དོར་དགོས་པའི་མིང་ཐོར་ཚུད་པའི་དོར་བྱའི་སྒྲིག་ཆས་དེ་དག་སྐྱེ་བོ་གཞན་ལ་བེད་སྤྱོད་བྱ་རྒྱུར་བཤུག་མི་ཆོག

དོན་ཚན་ཉེར་དགུ་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་འབྲེལ་ཡོད་སྡེ་ཁག་གིས་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱ་རྒྱུའི་འཆར་གཞི་བཟོ་འགོད་བྱས་ཏེ་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོའི་ཐོན་འབོར་ཉུང་དུ་གཏོང་ཐུབ་པ་དང་གནོད་པ་ཆུང་དུ་གཏོང་ཐུབ་པའི་སྔོན་ཐོན་གྱི་ཐོན་སྐྱེད་བཟོ་རྩལ་དང་སྒྲིག་ཆས་ཁྱབ་གདལ་དུ་བཏང་ནས་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོས་ཡུལ་ཁམས་བཙོག་པས་སྦགས་ཚུལ་འགོག་བཅོས་བྱ་རྒྱུའི་སྐུལ་འདེད་གཏོང་དགོས།

དོན་ཚན་སུམ་ཅུ་པ།བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་ཐོན་པའི་སྡེ་ཚན་གྱིས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱ་རྒྱུའི་འགན་འཁྲིའི་ལམ་ལུགས་མཐུན་བྱས་ནས་སྔོན་ཐོན་གྱི་ཐོན་སྐྱེད་བཟོ་རྩལ་དང་སྒྲིག་ཆས་སྤྱད་དེ་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་འབྱུང་ཚད་ཉུང་དུ་གཏོང་དགོས་པ་དང། བཟོ་ལས་ཀྱི་སྲ་གཟུགས་ཟོག་རོའི་གནོད་པ་ཆུང་དུ་གཏོང་དགོས།

དོན་ཚན་སོ་གཅིག་པ།ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་མ་བཅོས་རྒྱུ་ཆ་དང། ནུས་ཁུངས། ཐོན་ཁུངས་གཞན་དག་བཅས་གདམ་ག་དང་བཀོལ་སྤྱོད་ལུགས་མཐུན་བྱས་ནས་སྔོན་ཐོན་གྱི་ཐོན་སྐྱེད་བཟོ་བརྩ་དང་སྒྲིག་ཆས་སྤྱད་དེ་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་འབྱུང་ཚད་ཉུང་དུ་གཏོང་དགོས་པ་དང། བཟོ་ལས་ཀྱི་སྲ་གཟུགས་ཟོག་རོའི་གནོད་པ་ཆུང་དུ་གཏོང་དགོས།

དོན་ཚན་སོ་གཉིས་པ།རྒྱལ་ཁབ་གཞུང་ནས་བཟོས་ལས་ཀྱི་སྲ་གཟུགས་ཟོག་རོ་སྙན་ཞུ་ཐོ་འགོད་ལམ་ལུགས་ལག་ལེན་བསྟར་རྒྱུ།

བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་ཐོན་པའི་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་གཏན་འབེབས་ལྟར་ས་གནས་དེ་གའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོའི་སྣ་ཁ་དང། འབྱུང་ཚད།འཕེལ་ཕྱོགས། གསོག་ཉར། གཙང་བཅོས་སོགས་ཀྱི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱ་དགོས།

གོང་གསལ་ནང་གསེས་དོན་ཚན་དུ་གཏན་ལ་ཕབ་པའི་ཡིག་ཐོག་སྙན་ཞུའི་དོན་ལ་འགྱུར་བ་གལ་ཆེར་བྱུང་ན། དུས་ཐོག་ཏུ་ཡིག་ཐོག་སྙན་ཞུ་འབུལ་དགོས།

དོན་ཚན་སོ་གསུམ་པ།ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་དཔལ་འབྱོར་དང་ལག་རྩལ་གྱི་ཆ་རྐྱེན་ལ་གཞིགས་ཏེ་རང་ཁོངས་ལས་ཐོན་པའི་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་བཀོལ་སྤྱོད་བྱ་དགོས་པ་དང། རེ་ཞིག་བཀོལ་སྤྱོད་མི་བྱེད་པའམ་ཡང་ན་བཀོལ་སྤྱོད་མི་ཐུབ་པའི་རིགས་ལ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་གཏན་འབེབས་ལྟར་གསོག་ཉར་བྱེད་སའི་སྒྲིག་བཀོད་དང་འཇོག་ཡུལ་འཛུགས་དགོས་པ་དང། གནོད་མེད་རིགས་དབྱེ་གསོག་འཇོག་གམ་ཡང་ན་གནོད་པ་མི་ཡོང་བའི་བྱེད་ཐབས་སྤྱོད་དགོས།

བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་གསོག་ཉར་དང། གཙང་བཅོས་བྱེད་པའི་སྒྲིག་བཀོད་དང་འཇོག་ཡུལ་འཛུགས་རིགས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་གཞི་དང་མཐུན་པར་བྱ་དགོས།

དོན་ཚན་སོ་བཞི་པ།བཟོ་ལས་ཀྱི་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པའི་སྒྲིག་བཀོད་དང་འཇོག་ཡུལ་རང་དགར་སྒོ་རྒྱག་པ་དང། བེད་མི་སྤྱོད་པར་འཇོག་པའམ་ཡང་ན་བཤིག་རིགས་གཏནའགོག་བྱ་རྒྱུ་དང། སྒོ་རྒྱག་དགོས་ངེས་དང། བེད་མི་སྤྱོད་པར་འཇོག་དགོས་ངེས། ཡང་ན་བཤིག་དགོས་ངེས་བཅས་ཡིན་རིགས་དེ་དག་གནས་ཡུག་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ངེས་པར་དུ་ཞིབ་མཆན་ཡོང་རེ་ཞུ་དགོས་པ་མ་ཟད་བྱེད་ཐབས་སྤྱད་དེ་ཁོར་ཡུག་སྦགས་བཙོག་མི་ཤོར་བ་བྱ་དགོས།

དོན་ཚན་སོ་ལྔ་པ།བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་འབྱུང་ཡུལ་སྡེ་ཚན་མཚམས་འཇོག་བྱ་དགོས་རིགས་ཀྱིས་མཚམས་འཇོག་མ་བྱས་གོང་ནས་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་གསོག་ཉར་དང། གཙང་བཅོས་བྱེད་པའི་སྒྲིག་བཀོད། འཇོག་ཡུལ་བཅས་ནས་སྦགས་བཙོག་མི་ཤོར་བའི་འགོག་བཅོས་བྱེད་ཐབས་སྤྱོད་དགོས་པ་མ་ཟད་གཙང་བཅོས་མ་བྱས་པའི་བཟོ་ལས་ཀྱི་ས་གཟུགས་ཟོག་རོ་རྣམས་གཙང་བཅོས་འཚམ་པོར་བྱས་ཏེ་ཁོར་ཡུག་སྦགས་བཙོག་མི་ཤོར་བར་བྱ་དགོས།

བཟོ་ལས་ཀྱི་སྲ་གཟུསག་ཟོག་རོ་འབྱུང་ཡུལ་སྡེ་ཚན་ལ་འཕོ་འགྱུར་བྱུང་ན། འཕོ་འགྱུར་བྱུང་ཟིན་པའི་རྫེས་ཀྱི་ལས་ཁུངས་ཀྱིས་ཁོར་ཡུག་སྲུང་རྒྱུ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གཙང་བཅོས་མ་བྱས་པའི་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་དང་དེ་དག་གསོག་ཉར་དང། གཙང་བཅོས་བྱེད་པའི་སྒྲིག་བཀོད་དང་འཇོག་ཡུལ་བཅས་ཉེན་མེད་ངང་ནས་གཙང་བཅོས་བྱ་དགོས་པའམ་ཡང་ན་བྱེད་ཐབས་སྤྱད་དེ་དེ་དག་གི་སྒྲིག་བཀོད་དང་འཇོག་ཡུལ་ཉེན་མེད་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་དགོས། འཕྲོ་འགྱུར་མ་བྱུང་གོང་གི་དོ་བདག་གིས་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་དང་དེ་དག་གསོག་ཉར་དང། གཙང་བཅོས་བྱེད་པའི་སྒྲིག་བཀོད། འཇོག་ཡུལ་བཅས་ལས་སྦགས་བཙོག་ཤོར་ཚུལ་སྔོན་འགོག་བྱེད་འགན་གྱི་ཁ་དན་གཞན་པ་བཞག་ཡོད་ན། ཁ་དན་དེ་བཞིན་བྱ་རྒྱུ་ཡོན་རུང་སྦགས་བཙོག་འགོག་བཅོས་བྱེད་པའི་དོ་བདག་གི་འོས་འགན་དོར་མི་ཆོག

བཅའ་ཁྲིམས་འདི་ལག་བསྟར་མ་བྱས་གོང་ལ་མཚམས་འཇོག་བྱས་པའི་སྡེ་ཚན་གྱིས་གཙང་བཅོས་བྱས་མེད་པའི་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་དང་དེ་དག་གསོག་ཉར་དང། གཙང་བཅོས་བྱེད་པའི་སྒྲིག་བཀོད་དང། འཇོག་ཡུལ་ཉེན་མེད་གཙང་བཅོས་བྱེད་གྲོན་རྣམས་འབྲེལ་ཡོད་མི་དམངས་སྲིད་གཞུང་གིང་གཏོང་འགན་འཁུར་རྒྱུ་ཡིན་རུང་ལས་ཁུངས་དེས་ས་ཆ་སྤྱོད་དབང་ཡོད་པའི་དབང་གིས་ཁྲིམས་མཐུན་ལྟར་བཤུག་སྤྲོད་བྱས་ཕྱིན། ས་ཆ་སྤྱོད་དབང་བཤུག་ལེན་བྱེད་མཁན་གྱིས་གཙང་བཅོས་བྱེད་པའི་འགྲོ་གྲོན་གཏོང་འགན་འཁུར་རྒྱུ། དོ་བདག་གིས་ཁ་དན་གཞན་དག་བྱས་ཡོད་ན་ཁ་དན་ཇི་བཞིན་བྱ་རྒྱུ་ཡིན་རུང་སྦགས་བཙོག་འགོག་བཅོས་བྱེད་པའི་དོ་བདག་གི་འོས་འགན་དོར་མི་ཆོག

དོན་ཚན་སོ་དྲུག་པ།གཏེར་རིའི་ཁེ་ལས་ཀྱིས་ཚན་རིག་དང་མཐུན་པའི་སྔོག་འདོན་བྱེད་ཐབས་དང་གཏེར་ཁ་འདེམས་པའི་བཟོ་རྩལ་སྤྱད་དེ་གཏེར་རོ་དང། སོལ་མ་རྡོ། རྡོ་རོ་སོགས་གཏེར་ལས་ཀྱི་སྲ་གཟུགས་ཟིག་རོའི་ཐོན་འབོར་དང་གསོག་འབོར་ཉུང་དུ་གཏོང་དགོས།

གཏེར་རོ་དང། སོལ་མ་རྡོ། རྡོ་རོ་སོགས་པའི་གཏེར་ལས་ཀྱི་སྲ་གཟུགས་ཟོག་རོ་གསོག་ཉར་བྱེད་པའི་སྒྲིག་བཀོད་བེད་སྤྱོད་བྱེད་མཚམས་བཞག་པའི་རྗེས། གཏེར་རིའི་ཁེ་ལས་ཀྱིས་ཁོར་ཡུག་སྲུང་བའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལས་སར་སྒོ་ཐེལ་བརྒྱབ་ནས་ཁོར་ཡུག་བཙོག་པས་མི་སྦགས་པ་དང་སྐྱེ་ཁམས་གཏོར་བཤིག་མི་ཕོག་པར་བྱ་དགོས།

དོན་ཚན་སོ་བདུན་པ།གློག་ཆས་ཐོན་རྫས་འསྐྱུར་རིགས་དང་འཁོར་ལོ་དང་གྲུ་གཟུགས་བསྐྱུར་རིགས་བཤིག་པ་དང། བེད་སྤྱོད། གཙང་བཅོས་བཅས་བྱེད་རིགས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་དང། བྱ་ཐབས་སྤྱད་དེ་ཁོར་ཡུག་སྦགས་བཙོག་མི་ཤོར་བར་བྱ་དགོས།

ས་བཅད་གསུམ་པ། འཚོ་བའི་གད་སྙིགས་ཀྱིས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་ཕྱོགས་སྐོར།

དོན་ཚན་སོ་བརྒྱད་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་རུབ་དང། དབོར་འདྲེན། གཙང་བཅོས་བཅས་བྱེད་པའི་སྒྲིག་བཀོད་འཛུགས་རྒྱུ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས་འཚོ་བའི་གད་སྙིགས་བཀོལ་སྤྱོད་བྱེད་ཚད་དང་གནོད་མེད་གཙང་བཅོས་བྱེད་ཚད་ཆེ་རུ་གཏོང་བ་དང། འཚོ་བའི་གད་སྙིགས་བསྡུ་རུབ། གཙང་བཅོས་བྱ་རྒྱུ་ཐོན་ལས་ཅན་དུ་གོང་འཕེལ་ཡོང་བའི་སྐུལ་སྤེལ་བྱས་ནས་འཚོ་བའི་གད་སྙིགས་ཀྱིས་ཡུལ་ཁམས་སྦགས་བཙོག་བཟོ་ཚུལ་འགོག་བཅོས་བྱེད་པའི་སྤྱི་ཚོགས་ཀྱི་ཞབས་ཞུའི་མ་ལག་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

དོན་ཚན་སོ་དགུ་པ།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གཙང་ཕྱགས་དང། བསྡུ་རུབ། དབོར་འདྲེན། གཙང་བཅོས་བཅས་བྱེད་སྐབས། སུས་འཇོན་དེ་འགུག་སོགས་པའི་བྱེད་ཐབས་ལ་བརྟེན་ནས་ཆ་རྐྱེན་འཛོམས་པའི་སྡེ་ཚན་བདམས་ཏེ་འཚོ་བའི་གད་སྙིགས་གཙང་ཕྱགས་དང། བསྡུ་རུབ། དབོར་འདྲེན། གཙང་བཅོས་བཅས་བྱེད་དུ་བཅུག་ཆོག

དོན་ཚན་བཞི་བཅུ་པ།གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རྣམས་ཁོར་ཡུག་འཕྲོད་བརྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་གཏན་འབེབས་ལྟར་དམིགས་འཛུགས་བྱེད་གནས་སུ་འཇོག་དགོས་པ་ལས་རང་དགར་བསྐྱུར་བ་དང། གཤི་གཏོར་རམ་སྤུངས་རིགས་བྱས་མི་ཆོག

དོན་ཚན་ཞེ་གཅིག་པ།གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གཙང་ཕྱགས་དང། བསྡུ་རུབ། དབོར་འདྲེན། གཙང་བཅོས་བཅས་བྱེད་སྐབས། རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་དང་འབྲེལ་བ་ཡོད་པའི་གཏན་འབེབས་བརྩི་སྲུང་ཞུས་ནས་ཁོར་ཡུག་སྦགས་བཙོག་མི་ཤོར་བར་བྱ་དགོས།

དོན་ཚན་ཞེ་གཉིས་པ།གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དུས་ཐོག་ཏུ་གཙང་མར་དབོར་ཏེ་རིམ་བཞིན་རིགས་དབྱེ་ནས་བསྡུ་རུབ་དང་དབོར་འདྲེན་བྱ་དགོས་པ་མ་ཟད་བཀོལ་སྤྱོད་ཚུལ་མཐུན་དང་གནོད་སེལ་གཙང་བཅོས་ཀྱང་གང་ཐུབ་བྱ་དགོས།

དོན་ཚན་ཞེ་གསུམ་པ།གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འཆར་གཞི་ཡོད་པའི་སྒོ་ནས་སྤར་རྫས་ཀྱི་གྲུབ་ཚུལ་ལེགས་བཅོས་བྱས་ནས་གྲོང་ཁྱེར་དུ་སོལ་རླངས་དང། རང་བྱུང་སོལ་རླངས། རྡོ་སྣུམ་གཤེར་རྒྱུར་རླངས་པ། དེ་མིན་གྱི་ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་དགོས།

གྲོང་ཁྱེར་མི་དམངས་སྲིད་གཞུང་ཁོངས་འབྲེལ་ཡོད་སྡེ་ཁག་གིས་གྲོང་ཁྱེར་ནང་སྔོ་ཚལ་གཙང་མ་དབོར་རྒྱུ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཉུང་དུ་གཏོང་དགོས།

གྲོང་ཁྱེར་མི་དམངས་སྲིད་གཞུང་ཁོངས་འབྲེལ་ཡོད་སྡེ་ཁག་གིས་གྱུར་གྱི་འཆར་གཞི་བཀོད་ནས་ཉོ་སྒྲུབ་ཀྱི་དྲ་བ་དང་ས་ཚིགས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་འཚོ་བའི་གད་སྙིགས་བསྡུ་བ་དང་བཀོལ་སྤྱོད་བྱ་རྒྱུའི་སྐུལ་མ་གཏོང་དགོས།

དོན་ཚན་ཞེ་བཞི་པ།འཚོ་བའི་གད་སྙིགས་གཙང་བཅོས་ཀྱི་སྒྲིག་བཀོད་དང་གཙང་བཅོས་བྱེད་ས་འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་ཁོར་ཡུག་སྲུང་སྐྱོབ་དང་ཁོར་ཡུག་འཕྲོད་བསྟེན་གྱི་ཚད་གཞི་དང་མཐུན་དགོས།

འཚོ་བའི་གད་སྙིགས་གཙང་བཅོས་བྱེད་པའི་སྒྲིག་བཀོད་དང་གཙང་བཅོས་བྱེད་ས་རང་མཚམས་ཀྱིས་སྒོ་བརྒྱབ་པ་དང། བེད་མེད་དུ་བཞག་པའམ་བཤིག་པ་བཅས་བྱེད་རིགས་གཏན་འགོག་བྱ་རྒྱུ་དང། སྒོ་རྒྱབ་དང། བེད་མེད་དུ་འཇོག་པའམ་བཤིག་པ་བཅས་བྱེད་དགོས་ངེས་ཡིན་ཚེ་ངེས་པར་དུ་ས་གནས་དེ་གའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གི་ཞིབ་བཤེར་ཆོག་མཆན་འཐོབ་དགོས་པར་མ་ཟད་བྱེད་ཐབས་སྤྱད་ནས་ཁོར་ཡུག་སྦགས་བཙོག་བཟོ་རིགས་སྔོན་འགོག་བྱ་དགོས།

དོན་ཚན་ཞེ་ལྔ་པ།འཚོ་བའི་གད་སྙིགས་ཀྱི་ཁྲོད་ནས་བསྡུས་པའི་དངོས་པོའི་རིགས་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་སྤྱོད་ཡུལ་དང་ཚད་གཞི་ལྟར་བཀོལ་སྤྱོད་དགོས་པ་ལས་མིའི་གཟུགས་གཞི་བེད་ཐང་གནོད་གཞིར་འགྱུར་སྲིད་པའི་ཐོན་རྫས་ཐོན་སྐྱེད་བྱེད་པར་སྤྱད་མི་ཆོག

དོན་ཚན་ཞེ་དྲུག་པ།ལས་གྲྭ་ལས་མཁན་སྡེ་ཚན་གྱིས་ལས་གྲྭ་ལས་རིམ་དུ་ཐོན་པའི་སྲ་གཟུགས་ཟོག་རོ་དུས་ཐོག་ཏུ་གཙང་མར་དབོར་འདྲེན་བྱ་དགོས་པ་མ་ཟད་ཁོར་ཡུག་འཕྲོད་བསྟེན་འཛོན་གཙོ་སྐྱོང་སྡེ་ཁག་གི་གཏན་འབེབས་ལྟར་བེད་སྤྱད་དམ་གཙང་བཅོས་བྱ་དགོས།

དོན་ཚན་ཞེ་བདུན་པ།སྤྱི་པའི་འགྲིམ་འགྲུལ་དབོར་འདྲེན་གཉེར་སྐྱོང་བྱེད་པའི་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དབོར་འདྲེན་བྱེད་རིམ་དུ་ཐོན་པའི་འཚོ་བའི་གད་སྙིགས་གཙང་ཕྱགས་དང་བསྡུ་རུབ་བྱ་དགོས།

དོན་ཚན་ཞེ་བརྒྱད་པ།གྲོང་ཁྱེར་གྱི་ཁུལ་གསར་གསར་སྤེལ་དང་། ཁུལ་རྙིང་ལེགས་བཅོས། འདུག་གནས་ཁུལ་གསར་སྤེལ་འཛུགས་སྐྲུན་བཅས་བྱེད་མཁན་སྡེ་ཚན་དང། གནམ་གྲུ་འབབ་ཐང་དང། གྲུ་ཁ། རླངས་འཁོར་ས་ཚིགས། སྤྱི་གླིང། ཚོང་ཁང་སོགས་སྤྱི་པའི་སྒྲིག་བཀོད་དང་གནས་ཁུལ་གཉེར་སྐྱོང་དོ་དམ་བྱེད་མཁན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁོར་ཡུག་འཕྲོད་བསྟེན་གྱི་གཏན་འབེབས་ལྟར་འཚོ་བའི་གད་སྙིགས་བསྡུ་རུབ་བྱེད་པའི་སྒྲིག་བཀོད་ཆ་འགྲིག་འཛུགས་སྐྲུན་བྱ་དགོས།

དོན་ཚན་ཞེ་དགུ་པ།གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་རིགས་འགོག་བཅོས་བྱེད་ཐབས་ཞིབ་ཕྲ་ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་དུ་གཏན་ལ་འབེབས་རྒྱུ།

3 ལེའུ་བཞི་པ། ཉེན་ཆེའི་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་དམིགས་བསལ་གཏན་འབེབས།

དོན་ཚན་ལྔ་བཅུ་པ།ཉེན་ཆེའི་ཟོག་རོས་ཡུལ་ཁམས་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པར་ལེའུ་འདིར་འཁོད་གཏན་འབེབས་སྤྱད་འཐུས་པ་དང། ལེའུ་འདིའི་ནང་གཏན་འབེབས་བྱས་མེད་རིགས་བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་གཞན་དག་སྤྱད་འཐུས།

དོན་ཚན་ང་གཅིག་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རྒྱལ་ཁབ་གཞུང་གི་ཉེན་ཆེའི་ཟོག་རོའི་མིང་ཐོ་བཟོ་འགོད་བྱ་རྒྱུ། ཉེན་ཆེའི་ཟོག་རོའི་དབྱེ་འབྱེད་ཀྱི་ཚད་གཞི་དང། དབྱེ་འབྱེད་བྱེད་ཐབས། དབྱེ་འབྱེད་མཚོན་རྟགས་བཅས་གཅིག་གྱུར་ཞིག་གཏན་འབེབས་བྱ་རྒྱུ།

དོན་ཚན་ང་གཉིས་པ།ཉེན་ཆེའི་ཟོག་རོའི་སྣོད་ཆས་དང་འཐུམ་བྱེད་དངོས་རྫས། དེ་བཞིན་ཉེན་ཆེའི་ཟོག་རོ་བསྡུ་རུབ་དང། གསོག་ཉ། དབོར་འདྲེན། གཙང་བཅོས་བཅས་བྱེད་པའི་སྒྲིག་བཀོད་དང། གཙང་བཅོས་བྱེད་སར་ཉེན་ཆེའི་ཟོག་རོའི་དབྱེ་མཚམས་མཚོན་རྟགས་བཀོད་སྒྲིག་བྱ་དགོས།

དོན་ཚན་ང་གསུམ་པ།ཉེན་ཆེའི་ཟོག་རོ་ཐོན་སའི་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཉེན་ཆེའི་ཟོག་རོའི་དོ་དམ་བྱེད་པའི་འཆར་གཞི་གཏན་འབེབས་བྱ་དགོས་པ་མ་ཟད། གནས་ཡུལ་དེ་གའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཉེན་ཆེའི་ཟོག་རོའི་སྣ་ཁ་དང། འབྱུང་ཚད། འཕེལ་ཕྱོགས། གསོག་ཉར། གཙང་བཅོས་སོགས་བྱས་པའི་འབྲེལ་ཡོད་དཔྱད་ཡིག་སྙན་ཐོ་འབུལ་དགོས།

གོང་གསལ་ནང་གསེས་དོན་ཚན་ནང་འཁོད་ཉེན་ཆེའི་ཟོག་རོ་དོ་དམ་བྱེད་པའི་འཆར་གཞི་ཟེར་བའི་ནང་ཉེན་ཆེའི་ཟོག་རོའི་ཐོན་འབོར་ཉུང་དུ་གཏོང་བ་དང་གནོད་པ་ཆུང་དུ་གཏོང་ཐབས་དང་དེ་བཞིན་ཉེན་ཆེའི་ཟོག་རོ་གསོག་ཉར་དང། བེད་སྤྱོད། གཙང་བཅོས་བཅས་བྱེད་ཐབས་ཚུད་དགོས། ཉེན་ཆེའི་ཟོག་རོ་དོ་དམ་བྱེད་པའི་འཆར་གཞི་དེ་ཉེན་ཆེའི་ཟོག་རོ་འབྱུང་སའི་སྡེ་ཚན་གནས་ཡུལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་འདིའི་གཏན་འབེབས་ཀྱི་སྙན་ཐོ་འབུལ་དོན་ནམ་ཡང་ན་ཉེན་ཆེའི་ཟོག་རོ་དོ་དམ་བྱེད་པའི་འཆར་གཞིའི་ནང་དོན་འགྱུར་བ་གལ་ཆེན་བྱུང་རིགས་ཀྱིས་དུས་ཐོག་ཏུ་སྙན་ཐོ་འབུལ་དགོས།

དོན་ཚན་ང་བཞི་པ།རྒྱལ་སྲིད་སྤྱི་ཁྱབ་ཁོངས་ཁོར་ཡུག་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་ཕྱོགས་བསྡུས་ཀྱིས་སྤྱི་ཁོག་སྙོམས་སྒྲིག་བྱེད་པའི་སྡེ་ཁག་དང་ལྷན་དུ་ཉེན་ཆེའི་ཟོག་རོ་གཅིག་བསྡུས་ཀྱིས་གཙང་བཅོས་བྱེད་པའི་སྒྲིག་བཀོད་དང། གཙང་བཅོས་བྱེད་ཡུལ་འཛུགས་སྐྲུན་བྱེད་པའི་འཆར་གཞི་འགོད་པའི་སྒྲིག་འཛུགས་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱ་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཉེན་ཆེའི་ཟོག་རོ་གཅིག་བསྡུས་ཀྱིས་གཙང་བཅོས་བྱེད་པའི་སྒྲིག་བཀོད་དང། གཙང་ཡུལ་བྱེད་ཡུལ་འཛུགས་སྐྲུན་བྱེད་པའི་འཆར་གཞི་ལྟར་ཉེན་ཆེའི་ཟོག་རོ་གཅིག་བསྡུས་ཀྱིས་གཙང་བཅོས་བྱེད་པའི་སྒྲིག་བཀོད་དང། གཙང་བཅོས་བྱེད་ཡུལ་འཛུགས་སྐྲུན་བྱེད་པའི་སྒྲིག་འཛུགས་བྱ་དགོས།

དོན་ཚན་ང་ལྔ་པ།ཉེན་ཆེའི་ཟོག་རོ་ཐོན་སའི་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་གཞུང་གི་འབྲེལ་ཡོད་གཏན་འབེབས་ལྟར་ཉེན་ཆེའི་ཟོག་རོ་གཙང་བཅོས་བྱ་དགོས་པ་ལས་རང་མཚམས་ཀྱིས་བསྐྱུར་རིགས་དང། སྤུངས་གསོག་བྱེད་རིགས་མི་ཆོག། གཙང་བཅོས་མ་བྱས་རིགས་ལ་ས་གནས་དེ་གའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་དུ་བཀག་གིས་དག་བཅོས་བྱ་དགོས་པའི་བཀའ་འབེབས་དགོས། དུས་ཚད་ལས་ཡོལ་ནས་གཙང་བཅོས་བྱས་མེད་པའམ་གཙང་བཅོས་བྱས་ཀྱང་རྒྱལ་ཁབ་གཞུང་གི་འབྲེལ་ཡོད་གཏན་འབེབས་དང་མཐུན་མེད་པའི་རིགས་ལ་དེ་གནས་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲོད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་སྡེ་ཚན་གྱིས་ཚབ་བྱས་ཏེ་རྒྱལ་ཁབ་གཞུང་གི་འབྲེལ་ཡོད་གཏན་འབེབས་ལྟར་གཙང་བཅོས་བྱ་རྒྱུ་དང། གཙང་བཅོས་གྲོན་དངུལ་འདི་ཉེན་ཆེའི་ཟོག་རོ་ཐོན་སའི་སྡེ་ཚན་གྱིས་འགན་འཁུར་རྒྱུ།

དོན་ཚན་ང་དྲུག་པ།ས་སྦས་གཏོང་ཐབས་ལ་བརྟེན་ནས་ཉེན་ཆེའི་ཟོག་རོ་གཙང་བཅོས་བྱེད་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་གཏན་འབེབས་དང་མི་མཐུན་ཚེ་ཉེན་ཆེའི་ཟོག་རོ་བཙོག་འབུད་ཀྱི་གྲོན་དངུལ་སྤྲོད་དགོས། ཉེན་ཆེའི་ཟོག་རོ་བཙོག་འབུད་ཀྱི་གྲོན་དངུལ་བསྡུ་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འབེབས་བྱ་རྒྱུ།

ཉེན་ཆེའི་ཟོག་རོ་བཙོག་འབུད་ཀྱི་གྲོན་དངུལ་དེ་ཉེན་ཆེའི་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱ་རྒྱུར་སྤྱོད་དགོས་པ་ལས་སྤྱོད་སྒོ་གཞན་ལ་བཏང་མི་ཆོག

དོན་ཚན་ང་བདུན་པ།ཉེན་ཆེའི་ཟོག་རོ་བསྡུ་རུབ་དང། གསོག་ཉར། གཙང་བཅོས་བཅས་ཀྱི་གཉེར་སྐྱོང་བྱེད་སྒོ་སྤེལ་མཁན་སྡེ་ཚན་གྱིས་ངེས་པར་དུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་གཉེར་སྐྱོང་བྱས་འཐུས་ཀྱི་ལག་ཁྱེར་ཞུ་ལེན་བྱ་དགོས་པ་དང། ཉེན་ཆེའི་ཟོག་རོ་གཉེར་སྐྱོང་ཐོག་བེད་སྤྱོད་བྱེད་མཁན་སྡེ་ཚན་གྱི་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཡུལ་ཁམས་སྲུང་སྐྱོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་ཞིང་ཆེན་དང། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་གཉེར་སྐྱོང་བྱས་འཐུས་ཀྱི་ལག་ཁྱེར་ཞུ་ལེན་བྱ་དགོས། དོ་དམ་བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་རྒྱུ།

གཉེར་སྐྱོང་བྱས་འཐུས་ཀྱི་ལག་ཁྱེར་མེད་པའམ་ཡང་ན་གཉེར་སྐྱོང་བྱས་འཐུས་ལག་ཁྱེར་གྱི་གཏན་འབེབས་ལྟར་ཉེན་ཆེའི་ཟོག་རོ་བསྡུ་རུབ་དང། གསོག་ཉར། བེད་སྤྱོད། གཙང་བཅོས་བཅས་མི་བྱེད་པའི་གཉེར་སྐྱོང་གི་ལས་སྒོ་སྤེལ་རིགས་གཏན་འགོག་བྱ་དགོས།

གཉེར་སྐྱོང་བྱས་འཐུས་ཀྱི་ལག་ཁྱེར་མེད་པའི་སྡེ་ཚན་ལ་ཉེན་ཆེའི་ཟོག་རོ་བསྡུ་རུབ་དང་། གསོག་ཉར། བེད་སྤྱོད། གཙང་བཅོས་བཅས་བྱ་རྒྱུ་འདོན་སྤྲོད་དམ་མངག་བཅོལ་བྱས་ནས་གཉེར་སྐྱོང་གི་ལས་སྒོ་རིགས་གཏན་འགོག་བྱ་དགོས།

དོན་ཚན་ང་བརྒྱད་པ།ཉེན་ཆེའི་ཟོག་རོ་བསྡུ་རུབ་དང། གསོག་ཉར་བྱེད་སྐབས་ངེས་པར་དུ་དེ་དག་གི་ཁྱད་ཆོས་གཞིར་བཟུང་སྟེ་དབྱེ་བ་ཕྱེ་ནས་བྱ་དགོས། ངོ་བོ་མཐུན་ཐབས་མེད་ལ་ཉེན་སེལ་གཙང་བཅོས་བྱས་མེད་པའི་ཉེན་ཆེའི་ཟོག་རོ་མཉམ་དུ་བསྲེས་ནས་བསྡུ་རུབ་དང། གསོག་ཉར། དབོར་འདྲེན། གཙང་བཅོས་བཅས་གཏན་ནས་བྱས་མི་ཆོག

ཉེན་ཆེའི་ཟོག་རོ་གསོག་ཉར་བྱེད་ན་ངེས་པར་དུ་རྒྱལ་ཁབ་ཀྱི་ཡུལ་ཁམས་སུ་སྐྱོབ་བྱེད་པའི་ཚད་གཞིའི་སྲུང་ཐབས་དང་མཐུན་དགོས་པ་མ་ཟད་གསོག་ཉར་བྱེད་ཡུན་ལོ་གཅིག་ལས་བརྒལ་མི་ཆོག། དུས་འགྱངས་ངོ་མ་བྱ་དགོས་བྱུང་ན། ངེས་པར་དུ་དེ་སྔོན་གཉེར་སྐྱོང་བྱས་འཐུས་ཀྱི་ཆོག་མཆན་སྤྲོད་མཁན་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཆོག་མཆན་ཞུ་དགོས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་གཞན་དག་ཡོད་རིགས་འདིའི་ཁོངས་སུ་མི་ཚུད།

ཉེན་ཆེའི་ཟོག་རོ་ཉེན་མེད་ཟོག་རོའི་ནང་བསྲེས་ནས་གསོག་ཉར་བྱེད་རིགས་གཏན་འགོག་བྱ་རྒྱུ།

དོན་ཚན་ང་དགུ་པ།ཉེན་ཆེའི་ཟོག་རོ་གཞན་དུ་སྤེ་སྐྱེལ་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་གཞུང་གི་འབྲེལ་ཡོད་གཏན་འབེབས་ལྟར་ཉེན་ཆེའི་ཟོག་རོ་སྤོ་སྐྱེད་གྱི་འཛིན་ཤོག་འབྲི་དགོས་པ་མ་ཟད། ཉེན་ཆེའི་ཟོག་རོ་སྤེ་སྐྱེད་བྱེད་སའི་ཁུལ་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་སྙན་ཞུ་འབུལ་དགོས། སྤོ་སྐྱེལ་བྱེད་སའི་ཁུལ་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྤོ་སྐྱེལ་བྱེད་སའི་ཁུལ་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་གྲོས་མོས་བྱས་ནས་མོས་མཐུན་ཐོབ་རྗེས་ཉེན་ཆེའི་ཟོག་རོ་དེ་ཉིད་གནས་སྤོ་བྱ་རྒྱུའི་ཆོག་མཆན་སྤྲད་ཆོག། ཆོག་མཆན་མ་ཐོབ་ན་སྤོ་སྐྱེལ་བྱས་མི་ཆོག

ཉེན་ཆེའི་ཟོག་རོ་སྤོ་སྐྱེལ་བྱེད་ཡུལ་ས་གནས་དང་བསྡུ་ལེན་བྱ་ཡུལ་ཕུད་པའི་ལམ་འཁེལ་སྲིད་འཛིན་ས་ཁོངས་ཡིན་ཕྱིན། ཉེན་ཆེའི་ཟོག་རོ་སྤོ་སྐྱེལ་བྱེད་སའི་ཁུལ་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྐྱེལ་ལམ་འཁེལ་ཡུལ་ཁུལ་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲོང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་དུས་ཐོག་ཏུ་བརྡ་སྦྱོར་བྱ་དགོས།

དོན་ཚན་དྲུག་ཅུ་པ།ཉེན་ཆེའི་ཟོག་རོ་དབོར་འདྲེན་བྱེད་སྐབས་ངེས་པར་དུ་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པའི་བྱ་ཐབས་སྤྱོད་དགོས་པར་མ་ཟད། རྒྱལ་ཁབ་གཞུང་གི་འབྲེལ་ཡོད་ཉེན་ཆེའི་ཟོག་རོ་དབོར་འདྲེན་དོ་དམ་སྐོར་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།

ཉེན་ཆེའི་ཟོག་རོ་དང་འགྲུལ་པ་མཉམ་དུ་སྐྱེལ་འདྲེན་ཡོ་བྱད་གཅིག་གི་ནང་དབོར་འདྲེན་བྱས་མི་ཆོག

དོན་ཚན་རེ་གཅིག་པ།ཉེན་ཆེའི་ཟོག་རོ་བསྡུ་རུབ་དང། གསོག་ཉར། དབོར་འདྲེན། གཙང་བཅོས་བཅས་བྱེད་ས་དང། སྒྲིག་བཀོད། སྒྲིག་བཀོད། སྒྲིག་ཆས། སྣོད་སྤྱད། ཐུམ་སྒྲིལ་བཅས་དང་དེ་བཞིན་དངོས་རྫས་གཞན་དག་སྤྱོད་སྒོ་གཞན་དུ་སྒྱུར་སྐབས་ངེས་པར་དུ་སྦགས་བཙོག་གཙང་དག་བཟོ་རྗེས་གཞི་ནས་བེད་སྤོད་བྱས་འཐུས།

དོན་ཚན་རེ་གཉིས་པ།ཉེན་ཆེའི་ཟོག་རོ་ཐོན་པ་དང། བསྡུ་རུབ། གསོག་ཉར། དབོར་འདྲེན། བཀོལ་སྤྱོད།  གཙང་བཅོས་བཅས་བྱེད་མཁན་སྡེ་ཚན་གྱིས་བསམ་ཡུལ་ལས་འདས་པའི་བྱུར་རྐྱེན་སྔོན་འགོག་བྱེད་ཐབས་དང་བབ་བསྟུན་གྱི་ཉེན་ཟོན་འཆར་གཞི་གཏན་འབེབས་བྱ་དགོས་པ་མ་ཟད། དེ་གནས་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཡུལ་ཁམས་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང། ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་བྱ་དགོས།

དོན་ཚན་རེ་གསུམ་པ།བྱུར་རྐྱེན་ནམ་གློ་བུར་དུ་དོན་རྐྱེན་གཞན་དག་བྱུང་བའི་དབང་གིས་ཉེན་ཆེའི་ཟོག་རོས་ཁོར་ཡུག་བཙོག་པས་ཚབས་ཆེན་སྦགས་པའི་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་མར་བྱེད་ཐབས་སྤྱད་ནས་ཁོར་ཡུག་ལ་བཙོག་སྐྱོན་མི་ཕོག་པར་བྱེད་པའམ་བཙོག་སྐྱོན་ཉུང་དུ་གཏོང་བ་དང། བཙོག་སྐྱོན་ཕོག་ཉེན་ཡོད་པའི་སྡེི་ཚན་དང་ཡུལ་མི་རྣམས་ལ་དུས་ཐོག་ཏུ་བརྡ་གཏོང་དགོས་པ་མ་ཟད། དེ་གནས་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་ཞུས་ནས་བརྟག་དཔྱད་དང་ཐག་གཅོད་བྱ་རྒྱུ་དང་ལེན་ཞུ་དགོས།

དོན་ཚན་རེ་བཞི་པ། ཉེན་ཆེའི་ཟོག་རོས་ཡུལ་ཁམས་བཙོག་པས་ཚབས་ཆེན་སྦགས་ཚུལ་དང། ཡུལ་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བེད་འཇགས་ལ་འཇིགས་སྐུལ་བཟོས་པའམ་ཡང་ན་བཟོ་ཉེན་ཡོད་པའི་དཔང་རྟགས་ཡོད་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྲོད་འཛིན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་སྲ་གཟུགས་ཟོག་རོས་ཡུལ་ཁམས་བཙོག་པས་སྦགས་ཚུལ་འགོག་བཅོས་ཀྱི་ལས་དོན་སྒྲུབ་པའི་ལྟ་སྐུལ་དོ་དམ་སྡེ་ཚན་གཞན་གྱིས་ངེས་པར་དུ་ལམ་སེང་དུ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས་པ་དང། མི་དམངས་སྲིད་གཞུང་གིས་གནོད་སྐྱོན་སྔོན་འགོག་བྱེད་པའམ་ཇེ་ཆུང་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་སྤྱོད་དགོས། ཁོར་ཡུག་བཙོག་པས་སྦགས་པའི་བྱུར་ཉེས་བཟོས་པའམ་བཟོ་ཉེན་ཡོད་པའི་ལས་ཀ་བྱེད་རིགས་འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་དགོས་མཁོར་གཞིགས་ཏེ་མཚམས་འཇོག་དགོས་པའི་བཀའ་ཕབ་ཆོག

དོན་ཚན་རེ་ལྔ་པ།ཉེན་ཆེའི་ཟོག་རོ་གཙོ་གྲས་གཅིག་བསྡུས་ཀྱིས་གཙང་བཅོས་བྱེད་པའི་སྒྲིག་བཀོད་དང། གཙང་བཅོས་བྱེད་ཡུལ་བཤིག་བཅོས་བྱེད་དངུལ་ཟུར་འདོན་བྱས་ཏེ་མ་དངུལ་འཇོག་པའི་རགས་རྩིས་དང་གཉེར་སྐྱོང་གི་མ་གནས་ནང་བཙུད་དགོས། ཟུར་འདོན་དང་དོ་དམ་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མ་གནས་ནང་བཙུད་དགོས་། ཟུར་འདོན་དང་དོ་དམ་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་སྡེ་ཁག་དང། རིན་གོང་གཙོ་སྐྱོང་སྡེ་ཁག་གཉིས་པོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་རྒྱུ།

དོན་ཚན་རེ་དྲུག་པ།ཉེན་ཆེའི་ཟོག་རོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་བརྒྱུད་དེ་སྤོ་སྐྱེལ་བྱེད་རིགས་གཏན་འགོག་བྱ་རྒྱུ།

4 ལེའུ་ལྔ་པ། ཁྲིམས་འབྲེལ་འཁུར་འཁྲིའི་སྐོར།

དོན་ཚན་རེ་བདུན་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་སྔོན་འགོག་བྱེད་པའི་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྡེ་ཁག་གིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་བའི་གཤམ་གསལ་གྱི་བྱ་སྤྱོད་གྲས་ཡོད་ཚེ། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་གོང་རིམ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང། ཁག་འགན་ཡོད་པའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་ཡོད་མཁན་གཞན་དག་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ་སྟེ།

(གཅིག) སྲིད་འཛིན་གྱི་ཆོག་འཐུས་སམ་ཡང་ན་ཡིག་ཆར་ཆོག་མཆན་འགོད་པའི་འགྲོ་ལུགས་འགྲིམ་སྲོལ་ཁྲིམས་ལྟར་མི་བྱེད་པ་དང་།

(གཉིས)ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པ་ཤེས་རྟོགས་བྱུང་བའམ་ཡང་ན་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་སྙན་ཞུ་འབྱོར་ཡང་ཞིབ་བཤེར་ཐག་གཅོད་མི་བྱེད་པའི་རིགས།

(གསུམ)ལྟ་སྐུལ་དང་དོ་དམ་གྱི་འགན་འཁྲི་ཁྲིམས་ལྟར་མི་སྒྲུབ་པའི་བྱ་སྤྱོད་གཞན་དག་ཡོད་རིགས་བཅས་ཡིན།

དོན་ཚན་རེ་བརྒྱད་པ།བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་བྱ་སྤྱོད་གྲས་བྱུང་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཡུལ་ཁམས་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པ་དང། དངུལ་ཆད་ཀྱང་ཆབས་སྦྲགས་སུ་གཅོད་རྒྱུ་སྟེ།

(གཅིག)རྒྱལ་ཁབ་གཞུང་གི་གཏན་འབེབས་ལྟར་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་སྙན་ཞུ་ཐོ་འགོད་མ་བྱས་པའམ་ཡང་ན་སྙན་ཞུ་ཐོ་འགོད་བྱེད་སྐབས་མི་བདེན་རྫུན་སྒྲིག་བྱེད་རིགས་དང།

(གཉིས)སྐབས་འཕྲལ་བེད་སྤྱོད་མི་བྱེད་པའམ་ཡང་ན་བེད་སྤྱོད་མི་རུང་བའི་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་གསོག་ཉར་བྱེད་སའི་སྒྲིག་བཀོད་སྐྲུན་མེད་པ་དང། འཇོག་ཡུལ་དུ་ཉེན་མེད་ཐོག་དབྱེ་བ་ཕྱེ་ནས་གསོག་འཇོག་བྱས་མེད་པའམ་ཡང་ན་ཉེན་མེད་གཙང་བཅོས་བྱེད་ཐབས་སྤྱད་མེད་རིགས།

(གསུམ) དུས་བཀག་ཐོག་འདོར་དགོས་པའི་མིང་ཐོའི་ནང་བཀོད་པའི་སྒྲིག་ཆས་དེ་དག་སྐྱེ་བོ་གཞན་ལ་བཤུག་ནས་བེད་སྤྱོད་བྱེད་དུ་བཅུག་པའི་རིགས།

(བཞི)སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པའི་སྒྲིག་བཀོད་དང་འགོག་བཅོས་བྱེད་ས་རྣམས་རང་མཚམས་ཀྱིས་སྒོ་བརྒྱབ་པ་དང། བེད་མེད་དུ་བཞག་པའམ་བཤིག་པ་བཅས་བྱས་རིགས།

(ལྔ)རང་བྱུང་སྲུང་སྐྱོབ་ཁུལ་དང། མཛེས་ལྗོངས་གྲགས་ཅན་ཁུལ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་ཁུལ། རྨང་གཞིའི་ཞིང་ལས་སྲུང་སྐྱོང་ཁུལ་བཅས་དང། དམིགས་བསལ་སྲུང་སྐྱོབ་བྱ་དགོས་པའི་ས་ཁོངས་གཞན་དག་བཅས་ཀྱི་ནང། བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་གཅིག་བསྡུས་ཀྱིས་གསོག་ཉར་དང་གཙང་བཅོས་བྱེད་ས་དང། སྒྲིག་བཀོད་དང་འཚོ་བའི་གད་སྙིགས་ས་སྦས་གཏོང་ཡུལ་སྐྲུན་རིགས།

(དྲུག)སྲ་གཟུགས་ཟོག་རོ་ཞིང་ཆེན་དང། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་སྲིད་འཛིན་ས་ཁོངས་ཕྱི་རོལ་དུ་རང་མཚམས་ཀྱིས་སྤོ་སྐྱེལ་བྱས་ནས་གསོག་ཉར་དང་གཙང་བཅོས་བྱས་རིགས།

(བདུན)བབ་བསྟུན་གྱི་བག་ཟོན་བྱེད་ཐབས་མ་སྤྱད་པའི་དབང་གིས་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོའི་སྦགས་བཙོག་མཆེད་པ་དང། གྱར་བ། སིམ་པ་བཅས་སམ་ཡང་ན་དེ་མིན་གྱི་ཁོར་ཡུག་བཙོག་པས་སྦགས་རིགས།

(བརྒྱད)སྐྱེལ་འདྲེན་བྱེད་རིམ་དུ་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་ལམ་བར་དུ་བསྐྱུར་བའམ་བོར་སྟོར་བཏང་རིགས་བཅས་ཡིན།

གོང་གསལ་ནང་གསེས་དོན་ཚན་དང་པོ་དང། དོན་ཚན་བརྒྱད་པར་འཁོད་པའི་བྱ་སྤྱོད་ཀྱི་རིགས་བྱུང་ན། སྒོར་ལྔ་སྟོང་ཡན་ནས་ལྔ་ཁྲི་མན་གྱི་དངུལ་ཆད་གཅོད་རྒྱུ་དང། གོང་གསལ་ནང་གསེས་དོན་ཚན་གཉིས་པ་དང། དོན་ཚན་གསུམ་པ། དོན་ཚན་བཞི་པ། དོན་ཚན་ལྔ་པ། དོན་ཚན་དྲུག་པ། དོན་ཚན་བདུན་པ་བཅས་སུ་འཁོད་པའི་བྱ་སྤྱོད་ཀྱི་རིགས་བྱུང་ན། དོན་ཚན་དྲུག་པ། དོན་ཚན་བདུན་པ་བཅས་སུ་འཁོད་པའི་བྱ་སྤྱོད་ཀྱི་རིགས་བྱུང་ན། སྒོར་ཆིག་ཁྲི་ཡན་ནས་ཆིག་འབུམ་མན་གྱི་ཉེས་ཆད་གཅོད་རྒྱུ།

དོན་ཚན་རེ་དགུ་པ།བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་འཛུགས་སྐྲུན་གྱི་རྣམ་གྲངས་མ་ལག་ཆ་འགྲིག་གིས་སྐྲུན་དགོས་རིགས་ནང་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པའི་སྒྲིག་བཀོད་སྐྲུན་མེད་པ་དང། ཞིབ་བཤེར་རྩིས་ལེན་བྱས་མེད་པའམ་ཡང་ན་ཞིབ་བཤེར་རྩིས་ལེན་ཚད་གཞི་མ་ལོན་པར་ལས་གྲྭ་གཙོ་བོ་ཐོན་སྐྱེད་བྱེད་འགོ་ཚུགས་པའམ་ཡང་ན་བེད་སྤྱོད་བྱེད་རིགས་ལ། འཛུགས་སྐྲུན་རྣམ་གྲངས་དེ་ཉིད་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཡོང་གི་གདེང་འཇོག་ཡིག་ཆར་ཞིབ་མཆན་འགོད་མཁན་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཐོན་སྐྱེད་དམ་བེད་སྤྱོད་བྱེད་མཚམས་འཇོག་རྒྱུའི་བཀའ་འབེབས་རྒྱུ་མ་ཟད། སྒོར་ཆིག་འབུམ་མན་གྱི་དངུལ་ཆད་ཀྱང་ཆབས་སྦགས་སུ་བཅད་ཆོག།

དོན་ཚན་བདུན་ཅུ་པ།བཅའ་ཁྲིམས་འདིའི་དོན་ཚན་དང་འགལ་ཏེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྡེ་ཁག་ལ་ལས་ས་རང་དུ་ཞིབ་བཤེར་བྱེད་དུ་མི་འཇུག་པའི་རིགས་ལ་ལས་ས་རང་དུ་ཞིབ་བཤེར་བྱེད་མཁན་སྡེ་ཁག་གིས་དུས་བཀག་ཐོག་ཡོ་བསྲང་དགོས་པའི་བཀའ་འབེབས་དགོས་པ་དང། ཡོ་བསྲང་མི་བྱེད་པའམ་ཡང་ན་ཞིབ་བཤེར་བྱེད་སྐབས་མི་བདེན་རྫུན་སྒྲིག་བྱེད་རིགས་ལ་སྒོར་ཉིས་སྟོང་ཡན་ནས་ཉིས་ཁྲི་མན་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་དོན་གཅིག་པ།སྒོ་ཕྱུགས་དང་ཁྱིམ་བྱ་ཁྱོན་ཆེ་གསོ་སྤེལ་བྱེད་རིགས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྒོ་ཕྱུགས་ཀྱི་ལུད་དང་བྱ་བྲུག་བསྡུ་རུབ་དང། གསོག་ཉར། གཙང་བཅོས་བཅས་མ་བྱེད་པར་ཁོར་ཡུག་སྦགས་བཙོག་བཟོས་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ཐོག་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང། སྒོར་ལྔ་ཁྲི་མན་གྱི་དངུལ་ཆད་ཀྱང་བཅད་ཆོག

དོན་ཚན་དོན་གཉིས་པ།བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་སྒྲིག་ཆས་དོར་རིགས་ཐོན་སྐྱེད་དང། བྲིན་འཚོང། ནང་འདྲེན་ནམ་ཡང་ན་བེད་སྤྱོད་བཅས་པ་དང། ཡང་ན་ཐོན་སྐྱེད་བཟོ་རྩལ་དོར་བའི་གྲས་བེད་སྤྱོད་བྱེད་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དཔལ་འབྱོར་ཕྱོགས་བསྡུས་ཀྱིས་སྤྱི་ཁོག་ནས་སྙོམས་སྒྲིག་བྱེད་པའི་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང།ཉེས་ཚབས་ཆེ་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དཔལ་འབྱོར་ཕྱོགས་བསྡུས་ཀྱིས་སྤྱི་ཁོག་ནས་སྙོམས་སྒྲིག་བྱེད་པའི་སྡེ་ཁག་གིས་དགོངས་འཆར་བཏོན་ནས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་ཕུལ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་དབང་མཚམས་ལ་གཞིགས་ནས་ལས་མཚམས་འཇོག་པའམ་ཡང་ན་སྒོ་རྒྱག་རྒྱུའི་ཐག་གཅོད་གནང་རེ་ཞུ་དགོས།

དོན་ཚན་དོན་གསུམ་པ།གཏོར་རོ་དང། སོལ་མ་རྡོ། རྡོ་རོ་སོགས་གཏེར་ལས་ཀྱི་སྲ་གཟུགས་ཟོག་རོ་གསོག་ཉར་བྱེད་སའི་སྒྲིག་ཆས་བེད་སྤྱོད་བྱེད་མཚམས་བཞག་པའི་རྗེས། རྒྱལ་ཁབ་ཀྱོ་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་འབྲེལ་ཡོད་གཏན་འབེབས་ལྟར་སྒོ་ཐེལ་མ་བརྒྱབ་པའི་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ཐོག་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང། སྒོར་ལྔ་ཁྲི་ཡན་ནས་ཉིས་འབུམ་མན་གྱི་དངུལ་ཆད་ཀྱང་བཅད་ཆོག

དོན་ཚན་དོན་བཞི་པ།བཅའ་ཁྲིམས་འདིའི་ནང་གི་གྲོང་ཁྲེར་གྱི་འཚོ་བའི་གད་སྙིགས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་ཚུལ་འགོག་བཅོས་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་རིགས་ཡོད་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་འཕྲོད་བསྟེན་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གི་བྱ་སྤྱོད་མཚམས་འཇོག་བྱེད་འགན་དཀྲིས་ཏེ་དུས་བཀག་ཐོག་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང། དངུལ་ཆད་གཅོད་རྒྱུ་གཤམ་གསལ་ཏེ།

(གཅིག) འཚོ་བའི་གད་སྙིགས་གང་བྱུང་དུ་གཤོ་བ་དང་གཏོར་བའམ་ཡང་ན་སྤུངས་རིགས་དང་།

(གཉིས) འཚོ་བའི་གད་སྙིགས་གཙང་བཅོས་བྱེད་པའི་སྒྲིག་བཀོད་དང་གཙང་བཅོས་བྱེད་ས་རང་མཚམས་ཀྱིས་སྒོ་རྒྱག་པ་དང་། བེད་སྤྱོད་མི་བྱེད་པར་འཇོག་རིགས།

(གསུམ) ཨར་ལས་ལས་མཁན་སྡེ་ཚན་གྱིས་ལས་ཀ་བྱེད་རིམ་དུ་ཐོན་པའི་སྲ་གཟུགས་ཟོག་རོ་དུས་ཐོག་ཏུ་གཙང་འདྲེན་མ་བྱས་པའི་དབང་གིས་ཁོར་ཡུག་སྦགས་བཙོག་བཟོས་རིགས། 

(བཞི) ཨར་ལས་ལས་མཁན་སྡེ་ཚན་གྱིས་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་གཏན་འབེབས་ལྟར་ཨར་ལས་བྱེད་རིམ་དུ་ཐོན་པའི་སྲ་གཟུགས་ཟོག་རོ་བེད་སྤྱོད་དམ་ཡང་ན་གཙང་བཅོས་མ་བྱས་པའི་རིགས།

(ལྔ) འཚོ་བའི་གད་སྙིགས་དབོར་འདྲེན་བྱེད་རིམ་གྱི་ལམ་བར་དུ་བསྐྱུར་བ་དང་། གཏོར་རིགས་བཅས་ཡིན།

སྡེ་ཚན་ལ་གོང་གསལ་ནང་གསེས་དོན་ཚན་དང་པོ་དང།ནང་གསེས་དོན་ཚན་གསུམ་པ། ནང་གསེས་དོན་ཚན་ལྔ་པ་བཅས་ཀྱི་བྱ་སྤྱོད་གྲས་ཡོད་ན། སྒོར་ལྔ་སྟོང་ཡན་ནས་ལྔ་ཁྲི་མན་གྱི་དངུལ་ཆད་གཅོད་རྒྱུ་དང། གོང་གསལ་ནང་གསེས་དོན་ཚན་གཉིས་པ་དང། ནང་གསེས་དོན་ཚན་བཞི་པའི་བྱ་སྤྱོད་གྲས་ཡོད་ཚེ། སྒོར་ཆིག་ཁྲི་ཡན་ནས་ཆིག་འབུམ་མན་གྱི་དངུལ་ཆད་གཅོད་རྒྱུ། སྒེར་ལ་ནང་གསེས་དོན་ཚན་དང་པོ་དང། ནང་གསེས་དོན་ཚན་ལྔ་པའི་བྱ་སྤྱོད་གྲས་བྱས་ཚེ། སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་དོན་ལྔ་པ།བཅའ་ཁྲིམས་འདིའི་ནང་འཁོད་འབྲེལ་ཡོད་ཉེན་ཆེའི་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་བྱ་སྤྱོད་གྲས་བྱས་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུ་དང་དུས་བཀག་ཐོག་ཡོ་བསྲང་བྱ་རྒྱུའི་བཀའ་འབེབས་དགོས་པ་མ་ཟད། དངུལ་ཆད་ཀྱང་གཅོད་རྒྱུ་སྟེ།

(གཅིག) ཉེན་ཆེའི་ཟོག་རོ་དབྱེ་འབྱེད་མཚོན་རྟགས་མ་བཟོས་པའི་རིགས་དང་།

(གཉིས) རྒྱལ་ཁབ་གཞུང་གི་གཏན་འབེབས་ལྟར་ཉེན་ཆེའི་ཟོག་རོ་སྙན་ཞུ་ཐོ་འགོད་མ་བྱས་དང། ཡང་ན་སྙན་ཞུ་ཐོ་འགོད་བྱེད་སྐབས་མི་བདེན་རྫུན་སྒྲིག་བྱས་རིགས།

(གསུམ)ཉེན་ཆེའི་ཟོག་རོ་གཅིག་བསྡུས་ཀྱིས་གཙང་བཅོས་བྱེད་པའི་སྒྲིག་བཀོད་དང། གཙང་བཅོས་བྱེད་ས་རང་མཚམས་ཀྱི་སྒོ་བརྒྱབ་དང། བེད་སྤྱོད་མ་བྱས་པར་འཇོག་པའམ་བཤིག་པ་བཅས་བྱས་རིགས།

(བཞི) རྒྱལ་ཁབ་གཞུང་གི་གཏན་འབེབས་ལྟར་ཉེན་ཆེའི་ཟོག་རོ་བཙོག་འབུད་གྲོན་དངུལ་མི་འབུལ་བའི་རིགས།

(ལྔ) ཉེན་ཆེའི་ཟོག་རོ་རྣམས་གཉེར་སྐྱོང་བྱས་འཐུས་ཀྱི་ལག་ཁྱེར་མེད་པའི་སྡེ་ཚན་ལ་གཉེར་སྐྱོང་བྱ་རྒྱུར་འདོན་སྤྲོད་དམ་མངག་བཅོལ་བྱས་རིགས།

(དྲུག) རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཉེན་ཆེའི་ཟོག་རོ་སྤོ་སྐྱེལ་གྱི་མཉམ་འབྲེལ་འཛིན་ཤོག་མ་བྲིས་པའམ་ཡང་ན་ཆོག་མཆན་མ་ཐོབ་ཀྱང་ཉེན་ཆེའི་ཟོག་རོ་རང་མཚམས་ཀྱིས་སྤོ་སྐྱེལ་བྱས་རིགས།

(བདུན) ཉེན་ཆེའི་ཟོག་རོ་ཉེན་མེད་ཟོག་རོ་དང་བསྲེས་ནས་གསོག་ཉར་བྱས་རིགས།

(བརྒྱད) ཉེན་མེད་རང་བཞིན་གྱི་གཙང་བཅོས་བྱས་མེད་པར་ངོ་བོ་མཐུན་ཐབས་མེད་པའི་ཉེན་ཆེའི་ཟོག་རོ་མཉམ་དུ་བསྲེས་ནས་བསྡུ་རུབ་དང། གསོག་ཉར་དབོར་འདྲེན། གཙང་བཅོས་བཅས་བྱས་རིགས།

(དགུ) ཉེན་ཆེའི་ཟོག་རོ་རྣམས་འགྲུལ་པ་སྐྱེལ་འདྲེན་འཕྲུལ་ཆས་གཅིག་གི་ནང་མཉམ་དུ་སྐྱེལ་འདྲེན་བྱས་རིགས།

(བཅུ) སྦགས་བཙོག་གཙང་སེལ་བྱས་མེད་པའི་ཉེན་ཆེའི་ཟོག་རོ་བསྡུ་རུབ་དང། གསོག་གཉར། དབོར་འདྲེན། གཙང་བཅོས་བཅས་བྱེད་ས་དང། སྒྲིག་བཀོད། སྒྲིག་ཆས། སྣོད་ཆས། ཐུམ་སྒྲིལ་བཅས་དང་དེ་བཞིན་དོང་རྫས་གཞན་དག་སྤྱོད་སྒོ་གཞན་དུ་གཏོང་རིགས།

(བཅུ་གཅིག) བབ་བསྟུན་གྱི་བག་ཟོན་བྱེད་ཐབས་མ་སྤྱད་པའི་དབང་གིས་ཉེན་ཆེའི་ཟོག་རོའི་སྦགས་བཙོག་མཆེད་པ་དང། སིམ་པ་བཅས་སམ་ཡང་ན་དེ་མིན་གྱི་ཁོར་ཡུག་བཙོག་པས་སྦགས་རིགས།

(བཅུ་གཉིས) སྐྱེལ་འདྲེན་བྱེད་རིམ་དུ་ཉེན་ཆེའི་ཟོག་རོ་ལམ་བར་དུ་བསྐྱུར་བའམ་བོར་སྟོར་བཏང་རིགས།

(བཅུ་གསུམ)ཉེན་ཆེའི་ཟོག་རོའི་བསམ་ཡུལ་ལས་འདས་པའི་བྱུར་ཉེས་འགོག་ཐབས་དང་བབ་བསྟུན་གྱི་ཉེན་ཟོན་འཚར་གཞི་གཏན་འབེབས་བྱས་མེད་རིགས་བཅས་ཡིན།

གོང་གསལ་དོན་ཚན་གྱི་ནང་གསེས་དོན་ཚན་དང་པོ་དང། ནང་གསེས་དོན་ཚན་གཉིས་པ། ནང་གསེས་དོན་ཚན་བདུན་པ། ནང་གསེས་དོན་ཚན་བརྒྱད་པ། ནང་གསེས་དོན་ཚན་དགུ་པ། ནང་གསེས་དོན་ཚན་བཅུ་པ། ནང་གསེས་དོན་ཚན་བཅུ་གཅིག་པ། ནང་གསེས་དོན་ཚན་བཅུ་གཉིས་པ། ནང་གསེས་དོན་ཚན་བཅུ་གསུམ་བཅས་སུ་འཁོད་པའི་བྱ་སྤྱོད་གྲས་བྱས་ཚེ། སྒོར་ཆིག་ཁྲི་ཡན་ནས་ཉིས་འབུམ་མན་གྱི་དངུལ་ཆད་གཅོད་རྒྱུ་དང། གོང་གསལ་དོན་ཚན་གྱི་ནང་གསེས་དོན་ཚན་གསུམ་པ་དང། ནང་གསེས་དོན་ཚན་ལྔ་པ། ནང་གསེས་དོན་ཚན་དྲུག་པ་བཅས་ཀྱི་བྱ་སྤྱོད་གྲས་བྱས་ཚེ། སྒོར་ཉིས་ཁྲི་ཡན་ནས་ཉིས་འབུམ་མན་གྱི་དངུལ་ཆད་གཅོད་རྒྱུ། གོང་གསལ་དོན་ཚན་གྱི་ནང་གསེས་དོན་ཚན་བཞི་པའི་བྱ་སྤྱོད་གྲས་བྱས་ཚེ། དངུལ་ཆད་དུས་བཀག་ཐོག་འཇལ་དུ་འཇུག་རྒྱུ་དང། དུས་བཀག་ལས་ཡོལ་ཡང་མ་འཇལ་ཚེ། ཉེན་ཆེའི་ཟོག་རོའི་སྦགས་བཙོག་འབུད་རིན་གྱི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་དོན་དྲུག་པ།བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་ཉེན་ཆེའི་ཟོག་རོ་ཐོན་མཁན་གྱིས་ཐོན་པའི་ཉེན་ཆེའི་ཟོག་རོ་གཙང་བཅོས་མི་བྱེད་ལ་ཁྲིམས་ལྟར་འཁུར་དགོས་པའི་གཙང་བཅོས་གྲོན་དངུལ་གྱི་འགན་ཡང་མི་འཁུར་བའི་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ཐོག་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང། གཙང་བཅོས་གྲོན་དངུལ་གྱི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་དོན་བདུན་པ།གཉེར་སྐྱོང་བྱས་འཐུས་ཀྱི་ལག་ཁྱེར་མེད་པའམ་ཡང་ན་གཉེར་སྐྱོང་བྱས་འཐུས་ལག་ཁྱེར་གྱི་གཏན་འབེབས་དང་འགལ་ནས་ཉེན་ཆེའི་ཟོག་རོ་བསྡུ་རུབ་དང། གསོག་ཉར། བེད་སྤྱོད། གཙང་བཅོས་བཅས་ཀྱི་གཉེར་སྐྱོང་ལས་སྒོ་སྤེལ་བའི་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་འབེབས་རྒྱུ་དང། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ་དང་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གསུམ་མན་གྱི་དངུལ་ཆད་ཀྱང་ཆབས་སྦྲགས་སུ་བཅད་ཆོག།

གཉེར་སྐྱོང་བྱས་འཐུས་ཀྱི་ལག་ཁྱེར་ནང་གསལ་གཏན་འབེབས་དང་འགལ་ནས་གོང་གསལ་དོན་ཚན་གྱི་བྱ་སྤྱོད་བའི་ཚེ་ད་དུང་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ཀྱིས་གཉེར་སྐྱོང་བྱས་འཐུས་ཀྱི་ལག་ཁྱེར་ཕྱིར་བསྡུ་བྱས་ཆོག

དོན་ཚན་དོན་བརྒྱད་པ།བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་རོལ་གྱི་སྲ་གཟུགས་ཟོག་རོ་མངའ་ཁོངས་ནང་བཤོས་པ་དང། སྤུངས་པ། གཙང་བཅོས་བཅས་བྱེད་རིགས་དང། གཏན་འགོག་བྱེད་ཁོངས་སུ་གཏོགས་པའི་སྲ་གཟུགས་ཟོག་རོ་ནང་འདྲེན་བྱས་པའམ་ཡང་ན་ནང་འདྲེན་ཚོད་འཛིན་བྱེད་ཁོངས་སུ་གཏོགས་པའི་སྲ་གཟུགས་ཟོག་རོ་ཆོག་མཆན་མ་ཐོབ་ཀྱང་རང་མཚམས་ཀྱིས་ནང་འདྲེན་བྱས་ནས་རྒྱུ་ཆར་སྤྱོད་རིགས་ལ། འགག་སྒོ་ནས་སྲ་གཟུགས་ཟོག་རོ་དེ་ཚོ་ཕྱིར་སློག་དགོས་པའི་བཀའ་འབེབས་རྒྱུ་དང་སྒོར་ཆིག་འབུམ་ཡན་ནས་སྒོར་ས་ཡ་གཅིག་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། ནང་འདྲེན་བྱེད་མཁན་གྱིས་མ་ཤེས་པ་ཡིན་ཕྱིན། དབོར་འདྲེན་བྱེད་འགན་འཁུར་མཁན་གྱིས་སྲ་གཟུགས་ཟོག་རོ་དེ་ཉིད་ཕྱིར་སློག་བྱེད་འགན་འཁུར་རྒྱུ་དང།ཡང་ན་སྲ་གཟུགས་ཟོག་རོ་དེ་ཉིད་གཙང་བཅོས་བྱེད་པའི་གྲོན་དངུལ་གཏོང་འགན་འཁུར་རྒྱུ།

འགག་སྒོའི་ལྟ་སྐུལ་ལས་གཡོལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་རོལ་གྱི་སྲ་གཟུགས་ཟོག་རོ་མངའ་ཁོངས་ནང་དུ་དབོར་འདྲེན་བྱས་ཏེ་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

དོན་ཚན་དོན་དགུ་པ།བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་ལས་འགལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་བརྒྱུད་བརྒལ་གྱིས་སྲ་གཟུགས་ཟོག་རོ་སྤོ་སྐྱེལ་བྱས་རིགས་ལ་འགག་སྒོ་ནས་ཉེན་ཆེའི་སྲ་གཟུགས་ཟོག་རོ་དེ་ཚོ་ཕྱིར་སློག་བྱ་དགོས་པའི་བཀའ་འབེབས་རྒྱུ་དང། སྒོར་ཁྲི་ལྔ་ཡན་ནས་ལྔ་འབུམ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

དོན་ཚན་བརྒྱད་ཅུ་པ།ཁྲིམས་འགལ་གྱིས་མངའ་ཁོངས་ནང་དྲངས་པའི་སྲ་གཟུགས་ཟོག་རོ་རྣམས་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་འགག་སྒོར་ཐག་གཅོད་བྱ་རྒྱུའི་བསམ་འཆར་འདོན་རྒྱུ་དང། འགག་སྒོ་ནས་བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་དོན་བརྒྱུད་པའི་ནང་གསལ་གཏན་འབེབས་ལྟར་ཉེས་ཆད་གཏན་འབེབས་བྱ་རྒྱུ་དང། ཡུལ་ཁམས་སྦགས་བཙོག་བཟོས་པའི་རིགས་ལ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ནང་འདྲེན་བྱེད་མཁན་ལ་བཙོག་སྐྱོན་རྩ་མེད་བཟོ་འགན་དཀྲི་དགོག

དོན་ཚན་གྱ་གཅིག་པ།བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་ལས་འགལ་ནས་སྲ་གཟུགས་ཟོག་རོས་ཡུལ་ཁམས་སྦགས་བཙོག་ཚབས་ཆེན་བཟོས་རིགས་ལ་རྫོང་རིས་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་ལ་ཕབ་པའི་དབང་མཚམས་ལྟར་དུས་བཀག་ནང་བཅོས་སྐྱོང་བྱ་དགོས་པའི་ཐག་གཅོད་རྒྱུ་དང། དུས་བཀག་ལས་ཡོལ་རུང་བཅོས་སྐྱོང་བྱེད་པའི་ལས་འགན་མ་འགྲུབ་ན། རིམ་པ་དེའི་མི་དམངས་སྲིད་གཞུང་གིས་ལས་མཚམས་འཇོག་པའམ་ཡང་ན་སྒོ་རྒྱག་དགོས་པའི་ཐག་གཅོད་རྒྱུ།

དོན་ཚན་གྱ་གཉིས་པ།བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་ལས་འགལ་ནས་སྲ་གཟུགས་ཟོག་རོས་ཡུལ་ཁམས་སྦགས་བཙོག་བཟོས་ནས་བྱུར་ཉེས་བྱུང་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྒོར་ཉིས་ཁྲི་ཡན་ནས་ཉིས་འབུམ་མན་གྱི་དངུལ་ཆད་གཅོད་རྒྱུ་དང། གྱོང་གུན་ཚབས་ཆེན་བཟོས་རིགས་ལ་དངོས་སུ་གྱོང་གུན་ཕོག་ཚད་ཀྱི་བརྒྱ་ཆ་སུམ་ཅུ་གཞིར་བཟུང་ནས་རྩིས་བརྒྱབ་སྟེ་དངུལ་ཆད་གཅོད་རྒྱུ། འོན་ཀྱང་མང་ཤོས་སྒོར་ས་ཡ་གཅིག་ལས་བརྒལ་མི་ཆོག། འགན་འཁུར་མཁན་གཙོ་སྐྱོང་མི་སྣའམ་ཡང་ན་དེའི་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ། ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། སྲ་གཟུགས་ཟོག་རོས་ཁོར་ཡུག་སྦགས་བཙོག་གི་བྱུར་ཉེས་ཚབས་ཆེན་བཟོས་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་ལ་ཕབ་པའི་དབང་མཚམས་ལྟར་ལས་མཚམས་འཇོག་པའམ་སྒོ་རྒྱག་རྒྱུའི་ཐག་ཀྱང་གཅོད་རྒྱུ།

དོན་ཚན་གྱ་གསུམ་པ།བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་ལས་འགལ་ནས་ཉེན་ཆེའི་ཟོག་རོ་བསྡུ་རུབ་དང། གསོག་ཉར། བེད་སྤྱོད། གཙང་བཅོས་བཅས་བྱེད་སྐབས་ཡུལ་ཁམས་བཙོག་འགྱུར་གྱི་བྱུར་ཉེས་ཚབས་ཆེན་བཟོས་ནས་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

དོན་ཚན་གྱི་བཞི་པ།སྲ་གཟུགས་ཟོག་རོའི་བཙོག་སྐྱོན་ཕོག་པའི་སྡེ་ཚན་དང་སྐྱེ་བོར་ཁྲིམས་ལྟར་གྱོང་གུན་གསབ་འཇལ་དགོས་པའི་བླང་བྱ་འདོན་དབང་ཡོད།

སྐྱིན་ཚབ་སྤྲོད་འགན་དང་ཚབ་སྤྲོད་དངུལ་གྲངས་སྐོར་གྱི་རྩོད་དོན་ནི་དོ་བདག་གི་རེ་འདུན་ལྟར་ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་པའི་ལས་དོན་ལ་ལྟ་སྐུལ་དང་དོ་དམ་བྱེད་མཁན་སྡེ་ཁག་གཞན་དག་གིས་འདུམ་འགྲིག་ཐག་གཅོད་བྱས་འཐུས། འདུམ་འགྲིག་བྱེད་མི་ཐུབ་ཚེ་དོ་བདག་གིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་འཐུས། དོ་བདག་གིས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཀྱང་ཆོག།

སྲ་གཟུགས་ཟོག་རོས་ཁོར་ཡུག་སྦགས་བཙོག་བཟོ་ཚུལ་གཏུག་བཤེར་བྱེད་པའི་ནང་གནོད་འཚེ་ཕོག་མཁན་ལ་བཅའ་ཁྲིམས་ཀྱི་ཞབས་ཞུའི་ལས་ཁུངས་ཀྱིས་བཅའ་ཁྲིམས་ཐད་ཀྱི་རམ་འདེགས་བྱེད་པར་རྒྱལ་ཁབ་གཞུང་གིས་བསྔགས་སྐུལ་བྱ་རྒྱུ།

དོན་ཚན་གྱ་ལྔ་པ།སྲ་གཟུགས་ཟོག་རོའི་སྦགས་བཙོག་གིས་ཁོར་ཡུག་སྦགས་བཙོག་བཟོ་རིགས་ཀྱིས་གནོད་འཚེ་གཙང་སེལ་བྱ་དགོས་པ་དང། ཁྲིམས་ལྟར་གྱོང་གུན་གསབ་འཇལ་བྱ་དགོས་པ་མ་ཟད་ཁོར་ཡུག་གི་གནས་བབ་བསྐྱར་གསོ་བྱེད་ཐབས་ཀྱང་སྤྱོད་དགོས།

དོན་ཚན་གྱ་དྲུག་པ།སྲ་གཟུགས་ཟོག་རོས་ཡུལ་ཁམས་སྦགས་བཙོག་བཟོས་པའི་དབང་གིས་གུན་གསབ་འཇལ་རྒྱུའི་གཏུགས་བཤེར་བྱེད་རིགས་ལ། གནོད་འཚེ་གཏོང་མཁན་ནས་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་འགན་འཁྲི་རྩ་ཆག་གཏོང་རྒྱའི་གནས་ལུགས་དང་རང་གི་བྱ་སྤྱོད་གཉིས་པོ་གནོད་འཚེ་ཐེབས་འབྲས་དང་རྒྱུ་འབྲས་ཀྱི་འབྲེལ་བ་མེད་ལུགས་ཀྱི་དཔང་རྟགས་འདོན་འགན་འཁུར་རྒྱུ།

དོན་ཚན་གྱ་བདུན་པ།སྲ་གཟུགས་ཟོག་རོས་ཁོར་ཡུག་སྦགས་བཙོག་གི་གནོད་འཚེ་བཏང་བའི་གུན་གསབ་འཇལ་འགན་དང་གུན་གསབ་འཇལ་དངུལ་ཐད་རྩོད་གཞི་བྱུང་ན། དོ་བདག་གིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་མཁོ་འདོན་དགོས་ལུགས་མངག་བཅོལ་བྱས་ཆོག། ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་ཁུངས་ཀྱིས་མངག་བཅོལ་དང་ལེན་ཞུས་ནས་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ཇི་མ་ཇི་བཞིན་མཁོ་འདོན་བྱ་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-25

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།