ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས། (ཚན་བཤུས།)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས། (ཚན་བཤུས།)
སྤྱི་ལོ1979ལོའི་ཟླ7ཚེས1ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང། སྤྱི་ལོ1997ལོའི་ཟླ3ཚེས14ཉིན་རྒྱལ་ཡོངས་མི་དམངས་ཀྱི་འཐུས་མིའི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཟོ་བཅོས་བྱས། སྤྱི་ལོ1997ལོའི་ཟླ3ཚེས14ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་བཀའ་ཨང83པ་ཁྱབ་བསྒྲགས་བྱས། སྤྱི་ལོ1997ལོའི་ཟླ10ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ། སྤྱི་ལོ1998ལོའི་ཟླ12ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི《ཕྱི་རྒྱལ་གྱི་དངུལ་བརྗེས་བསླུ་ཉོ་དང། ཕྱི་དངུལ་བར་གྱར་སྒོར་སྤྱོད། ཁྲིམས་འགལ་གྱིས་ཕྱི་རྒྱལ་གྱི་དངུལ་བརྗེས་ཉོ་ཚོང་བཅས་བྱེད་པའི་བྱས་ཉེས་བསགས་པར་ཉེས་ཆད་གཅོད་ཕྱོགས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》དང་། སྤྱི་ལོ1999ལོའི་ཟླ12ཚེས25ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་ཐོག་གྲོས་འཆམ་བྱུང་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན།》སྤྱི་ལོ2001ལོའི་ཟླ8ཚེས31ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན།(གཉིས)》སྤྱི་ལོ2001ལོའི་ཟླ12ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན།(གསུམ།)》 སྤྱི་ལོ2002ལོའི་ཟླ12ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན།(བཞི)》སྤྱི་ལོ2005ལོའི་ཟླ2ཚེས28ཉིན་རྒྱལ་ཡོངས་མི་དམངས་སྤྱི་མཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན། (ལྔ)》 སྤྱི་ལོ2006ལོའི་ཟླ6ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན།(དྲུག)》བཅས་གཞིར་བཟུང་ནས་དག་བཅོས་བྱས། སྤྱི་ལོ2009ལོའི་ཟླ2ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན།(བདུན)》ཞེས་པ་རྒྱ་ཡིག་ཏུ་བཀོད་ཡོད་ཀྱང་བོད་ཡིག་ལ་མིག་སྔར་ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་ཀྱི་དབང་གྲགས་ཆེ་བའི་འགྱུར་ཡིག་ད་དུང་མ་ཐོན་པས་དེབ་འདིའི་ནང་བཟོས་བཅོས་བྱས་མེད། པར་ཐེངས་རྗེས་མའི་ནང་བཟོ་བཅོས་བྱ་རྒྱུ་ཡིན་པ་དགོངས་འཇགས་འཚལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国刑法
བཟོ་བཅོས་ལོ་ཚིགས།
སྤྱི་ལོ2009ལོའི་ཟླ2པའི་ཚེས28ཉིན།
ཁྱབ་བསྒྲགས་སྡེ་ཁག
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན།
ལག་བསྟར་ལོ་ཚིགས།
སྤྱི་ལོ1997ལོའི་ཟླ10པའི་ཚེས1ཉིན།
1 ​ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་བྱ་བར་གཏོར་བཤིག་གཏོང་བའི་བྱས་ཉེས།

དོན་ཚན་སུམ་བརྒྱ་སོ་བརྒྱད་པ།

རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ཏེས་ཞིང་དང། ཆུ་རྒྱུན། རླུང་ཁམས་ཆེན་པོ་བཅས་ལ་འཕྲོ་ནུས་ལྡན་པའི་ཟོག་རོ་དང། འགོས་ནད་ཀྱི་ནད་གཞིའི་མ་མོ་འདྲེས་པའི་ཟོག་རོ། དུག་ལྡན་དངོས་རྫས་སམ་ཉེན་ཁ་ཡོད་པའི་དངོས་རོ་གཞན་དག་འབུད་སྐྱུར་དང་གཤོ་བའམ་ཡང་ན་འཇོག་པ་བཅས་བྱས་ཏེ་ཁོར་ཡུག་སྦགས་བཙོག་པའི་བྱུར་ཉེས་ཚབས་ཆེན་བཟོས་ནས་གཞུང་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པའམ་སྐྱེ་བོ་ཤི་རྨས་སོང་བའི་ངན་འབྲས་ཚབས་ཆེན་བྱུང་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ། ངན་འབྲས་ལྷག་པར་ཚབས་ཆེ་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

དོན་ཚན་སུམ་བརྒྱ་སོ་དགུ་པ།

རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ཏེ་རྒྱལ་མཚམས་ཕྱིའི་སྲ་གཟུགས་དངོས་རོ་རྣམས་མངའ་ཁོངས་ནང་ལ་དྲགས་ནས་གཤོ་བ་དང། སྤུང་བ། འཇོག་པ་བཅས་བྱས་རིགས་ལ་དུས་བཙོན་ལོ་ལྔ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཁོར་ཡུག་བཙོག་པས་སྦགས་པའི་བྱུར་རྐྱེན་ཚབས་ཆེན་བཟོས་ནས་གཞུང་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པའམ་མིའི་ལུས་ཁམས་ཀྱི་བེད་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཆབས་སྦྲགས་སུ་གཅོད་རྒྱུ། ངན་འབྲས་ལྷག་པར་ཚབས་ཆེ་རིགས་ལ་དུས་བཙོན་ལོ་བཅུ་ཡན་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གི་བཀའ་འཁྲོལ་མ་བྱུང་བར་རང་མཚམས་ཀྱིས་སྲ་གཟུགས་ཟོག་རོ་རྣམས་ཕྱི་ནས་ནང་འདྲེན་བྱས་ཏེ་མ་བཅོས་རྒྱུ་ཆར་བེད་སྤྱད་ནས་ཁོར་ཡུག་བཙོག་པས་སྦགས་པའི་བྱུར་རྐྱེན་ཚབས་ཆེན་བཟོས་ནས་གཞུང་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པའམ་མིའི་ལུས་ཁམས་ཀྱི་བེད་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོས་རིགས་ལ་དུས་བཙོན་ལོ་ལྔ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ངན་འབྲས་ལྷག་པར་ཚབས་ཆེ་རིགས་ལ་དུས་བཙོན་ལོ་ལྔ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

རྒྱ་ཆར་སྤྱོད་བྱེད་ཀྱི་མིང་ཐོག་ནས་རྒྱུ་ཆར་སྤྱོད་ཐབས་མེད་པའི་ཟོག་རོ་དང། གཤེར་རོ། རླངས་རོ་སོགས་ནང་འདྲེན་བྱས་ན། དེར་བཅའ་ཁྲིམས་འདིའི་དོན་ཚན་བརྒྱ་དང་པ་གཉིས་པའི་ནང་གསེས་དོན་ཚན་གཉིས་པ་དང་གསུམ་པའི་གཏན་འབེབས་ལྟར་ནག་ཉེས་གཏན་ལ་ཕབ་ནས་ཁྲིམས་ཆད་གཅོད་རྒྱུ།

སྤྱི་ལོ2002ལོའི་ཟླ12ཚེས་ཉིན་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན།(བཞི)》ལྟར་བཟོ་བཅོས་བརྒྱབ། སྔོན་མའི་ནང་གསེས་དོན་ཚན་གསུམ་པ་གཤམ་གསལ། རྒྱུ་ཆ་བེད་སྤྱོད་བྱ་རྒྱུའི་མིང་ཐོག་ནས་རྒྱུ་ཆར་སྤྱོད་མི་འཐུས་པའི་སྲ་གཟུགས་དངོས་རོ་རྣམས་ནང་འདྲེན་བྱས་རིགས་ལ་ཉེར་ཁྲིམས་འདིའི་དོན་ཚན་བརྒྱ་དང་ང་ལྔ་པའི་གཏན་འབེབས་ལྟར་བྱས་ཉེས་གཏན་ཁེལ་གྱིས་ཉེས་ཆད་གཅོད་རྒྱུ།

དོན་ཚན་སུམ་བརྒྱ་བཞི་བཅུ་པ།

ཆུ་ཐོན་དངོས་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཁྲིམས་སྲོལ་དང་འགལ་ཏེ་ཀླུང་རྒྱ་སྡོམ་ཁུལ་དང་ཀླུང་རྒྱ་སྡོམ་དུས་སུའམ་བེད་སྤྱོད་བྱས་མི་ཆོག་པའི་ལག་ཆ་དང་བྱེད་ཐབས་ལ་བརྟེན་ནས་ཆུ་ཐོན་དངོས་རིགས་འཛིན་རྙབ་བྱས་ཚུལ་ཚབས་ཆེ་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུའམ་ཡང་ན་དངུལ་ཆད་གཅོད་རྒྱུ།

དོན་ཚན་སུམ་བརྒྱ་ཞེ་གཅིག་པ།

ཁྲིམས་དང་འགལ་ནས་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་དྭགས་དཀོན་རིགས་དང་རྫོགས་ཉེན་དུ་སླེབས་རིགས་རྔོན་འཛིན་གསོད་གསུམ་བྱས་པའམ་ཡང་ན་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་དྭགས་དཀོན་རིགས་དང་རྫོགས་ཉེན་དུ་སླེབས་རིགས་དང་དེའི་གྲུབ་རྫས་དག་ཁྲིམས་འགལ་གྱིས་ཉོ་སྒྲུབ་དང། དབོར་འདྲེན། ཕྱིར་འཚོང་བཅས་བྱས་བྱས་རིགས་ལ་དུས་བཙོན་ལོ་ལྔ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། བྱས་ཉེས་ཚབས་ཆེ་རིགས་ལ་དུས་བཙོན་ལོ་ལྔ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། བྱས་ཉེས་ཚབས་ཧ་ཅང་ཆེ་བའི་རིགས་ལ་དུས་བཙོན་ལོ་བཅུ་ཡན་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

རི་དྭགས་རྔོན་རྒྱུའི་སྐོར་གྱི་ཁྲིམས་སྲོལ་དང་འགལ་ནས་རྔོན་བཀག་ས་ཁུལ་དང་རྔོན་བཀག་དུས་སུའམ་བེད་སྤྱོད་བྱས་མི་ཆོག་པའི་ཡོ་བྱད་དང་ཐབས་ཤེས་སྤྱད་ནས་རྔོན་བརྒྱབ་པ་དང་རི་དྭགས་ཀྱི་ཐོན་ཁུངས་གཏོར་བཤིག་བཏང་ཚུལ་ཚབས་ཆེ་རིགས་ལ་དུག་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུའམ་དངུལ་ཆད་གཅོད་རྒྱུ།

དོན་ཚན་སུམ་བརྒྱ་ཞེ་གཉིས་པ།

ས་ཞིང་དོ་དམ་གྱི་ཁྲིམས་སྲོལ་དང་འགལ་ནས་ས་ཞིང་དང་ནགས་ས་སོགས་ཞིང་ས་ཁྲིམས་འགལ་གྱིས་བཟུང་སྤྱོད་བྱེད་པ་དང། བཟུང་སྤྱོད་ས་ཞིང་གི་སྤྱོད་སྒོ་སྒྱུར་བའི་གྲངས་འབོར་ཅུང་ཆེ་བས་ས་ཞིང་དང་ནགས་ས་སོགས་ཞིང་སྤྱོད་ས་ཞིང་འབོར་ཆེན་གཏོར་བརླག་བཏང་རིགས་ལ། ལོ་ལྔ་མན་གྱི་དུས་བཀག་བཙོན་འཇུག་གམ་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཆད་པ་གཅོད་རྒྱུ་མ་ཟད། དངུལ་ཆད་ཆབས་སྦྲགས་སམ་གཅིག་པུར་གཅོད་རྒྱུ།

སྤྱི་ལོ2001ལོའི་ཟླ8ཚེས31ཉིན་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན།(གཉིས)》ལྟར་བཟོ་བཅོས་བརྒྱབ། སྔོན་མའི་དོན་ཚན་གཤམ་གསལ། ས་ཞིང་དོ་དམ་བྱེད་ཕྱོགས་སྐོར་གྱི་ཁྲིམས་སྲོལ་དང་འགལ་ནས་ཁྲིམས་དང་མི་མཐུན་པར་རྨོ་ཞིང་བཟུང་སྤྱད་ཀྱིས་བེད་སྤྱོད་གཞན་དག་བྱས་པའི་གྲངས་འབོར་ཅུང་མང་བས་རྨོ་ཞིང་འབོར་ཆེན་གཏོར་བརླག་བཟོས་རིགས་ལ་དུས་བཙོན་ལོ་ལྔ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ།

དོན་ཚན་སུམ་བརྒྱ་ཞེ་གསུམ་པ།

གཏེར་རྫས་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས་ནང་འཁོད་གཏན་འབེབས་དང་འགལ་ནས་གཏེར་འདོན་བྱས་འཐུས་ཀྱི་ལག་ཁྱེར་མ་ཐོབ་པར་རང་མཚམས་ཀྱིས་གཏེར་འདོན་བྱས་པ་དང། རང་མཚམས་ཀྱིས་རྒྱལ་ཁབ་ཀྱི་འཆར་འགོད་གཏེར་ཁུལ་དང། རྒྱལ་དམངས་དཔལ་འབྱོར་ལ་གནད་ཆེའི་རིན་ཐང་ལྡན་པའི་གཏེར་ཁུལ། མི་གཞན་དག་གི་གཏེར་ཁུལ་ཁྱབ་ཁོངས་བཅས་སུ་འཛུལ་ནས་གཏེར་འདོན་བྱས་པ། རྒྱལ་ཁབ་ནས་གཏན་ལ་ཕབ་པའི་སྲུང་སྐྱོབ་རང་བཞིན་ལྡན་པའི་སྒོ་ནས་སྔོག་འདོན་བྱ་རྒྱུའི་དམིགས་འཛུགས་གཏེར་རིགས་རང་མཚམས་ཀྱིས་སྔོག་འདོན་བྱས་པ་བཅས་སྔོག་འདོན་བྱེད་མཚམས་འཇོག་ཏུ་བཅུག་རྗེས་སྔོག་འདོན་བྱེད་མཚམས་གཏན་ནས་མ་བཞག་པས་གཏེར་རྫས་ཐོན་ཁུངས་ལ་གཏོར་བརླག་བྱུང་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ། གཏེར་རྫས་ཐོན་ཁུངས་ལ་གཏོར་བཤིག་ཚབས་ཆེན་ཕོག་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

གཏེར་རྫས་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས་ནང་འཁོད་གཏན་འབེབས་དང་འགལ་ནས་གཏོར་བཤིག་གི་རང་བཞིན་ལྡན་པའི་སྔོག་འདོན་བྱེད་ཐབས་ལ་བརྟེན་ཏེ་གཏེར་རྫས་བཏོན་ནས་གཏེར་རྫས་ཐོན་ཁུངས་ལ་གཏོར་བརླག་ཚབས་ཆེན་བྱུང་རིགས་ལ་དུས་བཙོན་ལོ་ལྔ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

དོན་ཚན་སུམ་བརྒྱ་ཞེ་བཞི་པ། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ཏེ་རྩི་ཤིང་རྩ་ཆེའི་རིགས་སམ་རྒྱལ་ཁབ་ནས་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་གྱུར་བའི་རྩྭ་དང་རྩི་ཤིང་གཞན་པའི་རིགས་ཁྲིམས་འགལ་གྱིས་གཅོད་པ་དང་གཏོར་བཤིག་བྱེད་པའམ་ཡང་ན་རྩི་ཤིང་རྩ་ཆེའི་རིགས་དང་རྒྱལ་ཁབ་ནས་སྲུང་སྐྱོབ་བྱ་ཡུལ་གཙོ་བོར་གྱུར་བའི་རྩྭ་དང་རྩི་ཤིང་གཞན་པ་དང་དེ་རིགས་ལས་བཟོས་པའི་ཐོན་རྫས་བཅས་ཁྲིམས་འགལ་གྱིས་ཉོ་སྒྲུབ་དབོར་འདྲེན་དང་ལས་སྣོན་བྲིན་ཚོང་བྱེད་པའི་རིགས་ལ་ལོ་གསུམ་མན་གྱི་དུས་བཙོན་དང་བཀག་འདྲེན་དང་ལས་སྣོན་བྲིན་ཚོང་བྱེད་པའི་རིགས་ལ་ལོ་གསུམ་མན་གྱི་དུས་བཙོན་དང་བཀག་ཉར་རམ་བཅུན་ཐབས་བྱེད་པ་དང་སྦྲགས་དངུལ་ཆད་གཅོད་རྒྱུ། བྱས་ཉེས་ཚབས་ཆེའི་རིགས་ལ་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་སྦྲགས་དངུལ་ཆད་ཀྱང་གཅོད་རྒྱུ།

སྤྱི་ལོ2002ལོའི་ཟླ12ཚེས28ཉིན་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན།(བཞི)》ལྟར་བཟོ་བཅོས་བརྒྱབ། སྔོན་མའི་དོན་ཚན་གཤམ་གསལ། ནགས་ཚལ་སྐོར་གྱི་བཅའ་ཁྲིམས་ནང་འཁོད་གཏན་འབེབས་དང་འགལ་ཏེ་ཁྲིམས་དང་མི་མཐུན་པར་ཤིང་གཅོད་པ་དང། ཤིང་ཆ་རྩ་ཆེན་དཀོན་རིགས་གཏོར་བརླག་བཏང་རིགས་ལ་དུས་བཙོག་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

དོན་ཚན་སུམ་བརྒྱ་ཞེ་ལྔ་པ།

ཤིང་ནགས་དང་ཤོང་ཆ་གཞན་པ་བཅད་ནས་བརྐུས་པ་མ་ཟད། དེའི་གྲངས་འབོར་ཡང་ཅུང་མང་ཙམ་ཡོད་ན། དེར་ལོ་གསུམ་མན་གྱི་དུས་བཙོན་བཀག་ཉར་རམ་བཅུན་ཐབས་བྱེད་པ་དང་མཉམ་དུ་དངུལ་ཆད་གཅོད་པའམ་ཡང་ན་ཁེར་རྐྱང་དུ་དངུལ་ཆད་གཅོད་རྒྱུ་དང་གྲངས་འབོར་མང་པོ་ཡོད་ན། ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་སྦྲགས་དངུལ་ཆད་གཅོད་རྒྱུ། གྲངས་འབོར་ཧ་ཅང་མང་པོ་ཡོད་ན། དེར་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་སྦྲགས་དངུལ་ཆད་གཅོད་རྒྱུ།

ནགས་ཚལ་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ཏེ། ནགས་ཚལ་ལམ་ཤིང་ཆ་གཞན་པ་གང་བྱུང་དུ་བཅད་ནས་གྲངས་འབོར་མང་ཙའཆར་ཟིན་ན། དེར་ལོ་གསུམ་མན་གྱི་དུས་བཙོན་བཀག་ཉར་རམ་བཅུན་ཐབས་བྱེད་པ་དང་མཉམ་དུ་དངུལ་ཆད་གཅོད་རྒྱུའམ་ཡང་ན་ཁེར་རྐྱང་དུ་དངུལ་ཆད་གཅོད་རྒྱུ། གྲངས་འབོར་ཧ་ཅང་ཆེན་པོ་ཡོད་ན། དེར་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་སྦྲགས་དངུལ་ཆད་གཅོད་རྒྱུ།

བརྐུས་པ་དང་གང་བྱུང་དུ་བཅད་ནས་བྱུང་བའི་ཤིང་ཆ་ཡིན་པ་ཤེས་བཞིན་དུ་ཁྲིམས་འགལ་གྱིས་ཉོ་སྒྲུབ་དབོར་འདྲེན་བྱས་པའི་བྱས་ཉེས་ཚབས་ཆེན་གྱི་རིགས་ལ་ལོ་གསུམ་མན་གྱི་དུས་བཙོན་བཀག་ཉར་རམ་བཅུན་ཐབས་བྱེད་པ་དང་མཉམ་དུ་དངུལ་ཆད་གཅོད་རྒྱུའི་ཡང་ན་ཁེར་རྐྱང་དུ་དངུལ་ཆད་གཅོད་རྒྱུ། བྱས་ཉེས་ཧ་ཅང་ཚབས་ཆེན་ཡིན་ན། དེར་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་དུས་བཀག་བཙོན་འཇུག་བྱེད་པ་དང་སྦྲགས་དངུལ་ཆད་གཅོད་རྒྱུ།

རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཤིང་ནགས་དང་ཤིང་ཆ་གཞན་པ་རྐུ་བ་དང་གང་བྱུང་དུ་བཅད་ན། དེར་ཁྲིམས་ཆད་ནན་པོ་གཅོད་རྒྱུ།

སྤྱི་ལོ2002ལོའི་ཟླ12ཚེས28ཉིན་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཙོས་འཆར་ཟིན།(བཞི)》ལྟར་བཟོ་བཅོས་བརྒྱབ། སྔོན་མའི་དོན་ཚན་གཤམ་གསལ། ནགས་ཚལ་ལམ་ཤིང་ནགས་གཞན་དག་ལྐོག་གཅོད་བྱས་པའི་གྲངས་འབོར་ཅུང་ཆེ་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ། གྲངས་འབོར་ལྷག་པར་ཆེ་རིགས་ལ་དུས་བཙོན་ལོ་བདུན་ཡན་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

ནགས་ཚལ་སྐོར་གྱི་བཅའ་ཁྲིམས་ནང་འཁོད་གཏན་འབེབས་དང་འགལ་ཏེ་ནགས་ཚལ་ལམ་ཤིང་ནགས་གཞན་དག་གང་བྱུང་དུ་བཅད་པའི་གྲངས་འབོར་ཅུང་ཆེ་རིགས་ས་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ། གྲངས་འབོར་ཆེ་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

ཁེ་སྤོགས་ལེན་རྒྱུ་དམིགས་ཡུལ་དུ་བཟུང་ནས་ནགས་ཁུལ་དུ་ཤིང་ཆ་ལྐོག་བཅད་དང་གང་བྱུང་དུ་བཅད་པ་ཡིན་པ་ཤེས་བཞིན་དུ་ཁྲིམས་དང་མི་མཐུན་པར་ཉོ་སྒྲུབ་བྱས་པའི་བྱས་ཉེས་ཚབས་ཆེ་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅོད་རྒྱུ། ཚབས་ཤིན་ཏུ་ཆེ་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་ལོགས་ཀྱི་ནགས་ཚལ་ལམ་ཤིང་ཆ་གཞན་དག་ལྐོག་གཅོད་དང་གང་བྱུང་དུ་བཅད་པའི་རིགས་ལ་ཉེས་ཆད་ལྕི་བར་གཅོད་རྒྱུ།

དོན་ཚན་སུམ་བརྒྱ་ཞེ་དྲུག་པ།

སྡེ་ཚན་གྱིས་ས་བཅད་འདིའི་དོན་ཚན་སུམ་བརྒྱ་སོ་བརྒྱད་པ་ནས་དོན་ཚན་སུམ་བརྒྱ་ཞེ་ལྔ་པའི་བར་གྱི་ནང་འཁོད་གཏན་འབེབས་ཀྱི་བྱས་ཉེས་བསགས་ཚེ་སྡེ་ཚན་དེར་དངུལ་ཆད་གཅོད་རྒྱུ་མ་ཟད། དེའི་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་བའི་མི་སྣ་གཞན་དག་ལ་ས་བཅད་འདིའི་དོན་ཚན་སོ་སོའི་ནང་འཁོད་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།