སྤུས་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤུས་ཚད།
སྤུས་ཚད་ནི་དངོས་གཟིགས་ཀྱི་གོམས་གཤིས་ཆེ་ཆུང་གི་འཇལ་ཚད་ཡིན། དངོས་གཟིགས་ཀྱི་འགུལ་སྐྱོད་རྣམ་པའི་འགྱུར་ལྡོག་དེ་དངོས་གཟིགས་ཀྱི་སྤུས་ཚད་དང་འབྲེལ་བ་ཡང་ཡོད། གོམས་གཤིས་ཀྱི་ཆེ་ཆུང་དེ་དོན་དངོས་ཁྲོད་རྒྱུན་པར་བསམ་གཞིགས་གཏོང་དགོས་པ་ཞིག་ཡིན། རླངས་འཁོར་སྟོང་བ་ཞིག་དང་ཚོང་ཟོག་བརྩིགས་པའི་རླངས་འཁོར་ཞིག་ལ་མཚོན་ན། འདྲེན་ཤུགས་འདྲ་བའི་བྱེད་ནུས་འོག་ཞི་འཇགས་ནས་འགུལ་སྐྱོད་བྱེད་འགོ་བརྩམས་ན། དེ་དག་གི་འགུལ་སྐྱོད་རྣམ་པར་འགྱུར་ལྡོག་བྱུང་བའི་གནས་ཚུལ་མི་འདྲ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
质量
ཕྱི་ཡིག་གི་མིང་།
mass
1 འཇལ་ཚུལ།

སྤུས་ཚད་ནི་དངོས་གཟིགས་ཀྱི་གོམས་གཤིས་ཆེ་ཆུང་གི་འཇལ་ཚད་ཡིན།  དངོས་གཟིགས་ཀྱི་འགུལ་སྐྱོད་རྣམ་པའི་འགྱུར་ལྡོག་དེ་དངོས་གཟིགས་ཀྱི་སྤུས་ཚད་དང་འབྲེལ་བ་ཡང་ཡོད་དེ།  རླངས་འཁོར་སྟོང་བ་ཞིག་དང་ཚོང་ཟོག་བརྩིགས་པའི་རླངས་འཁོར་ཞིག་ལ་མཚོན་ན།  འདྲེན་ཤུགས་འདྲ་བའི་བྱེད་ནུས་འོག་ཞི་འཇགས་ནས་འགུལ་སྐྱོད་བྱེད་འགོ་བརྩམས་ན། དེ་དག་གི་འགུལ་སྐྱོད་རྣམ་པར་འགྱུར་ལྡོག་བྱུང་བའི་གནས་ཚུལ་མི་འདྲ། རླངས་འཁོར་སྟོང་བའི་སྤུས་ཚད་ཆུང་བས་དུས་ཚོད་ཐུང་ངུའི་ནང་འགྲོས་ཚད་ག་གེ་མོར་སླེབས་ཐུབ་པ་དང་།   བྱུང་བའི་འགྲོས་སྣོན་ཚད་ཆེ་བས་འགུལ་སྐྱོད་ཀྱི་རྣམ་པ་འགྱུར་སླ།  ཚོང་ཟོག་བརྩིགས་པའི་རླངས་འཁོར་གྱི་སྤུས་ཚད་ཆེ་བས་དུས་ཚོད་ཅུང་རིང་བའི་ནང་ད་གཟོད་འགྲོས་ཚད་འདྲ་མཚུངས་སུ་སླེབས་ཐུབ་པ་དང་།     བྱུང་བའི་འགྲོས་སྣོན་ཚད་ཆུང་བས་འགུལ་སྐྱོད་ཀྱི་རྣམ་པ་འགྱུར་དཀའ། སྤུས་ཚད་ཆུང་བའི་དངོས་གཟུགས་ཀྱི་འགུལ་སྐྱོད་རྣམ་པ་འགྱུར་སླ་ཕྱིར། ང་ཚོས་དེའི་གོམས་གཤིས་ཆུང་ཞེས་ཟེར། སྤུས་ཚད་ཆེ་བའི་དངོས་གཟིགས་ཀྱི་འགུལ་སྐྱོད་རྣམ་པ་འགྱུར་དཀའ་ཕྱིར། ང་ཚོས་དེའི་གོམས་གཤིས་ཆེ་ཞེས་ཟེར། དེ་ལས་འཐུང་ཐུབ་པ་སྟེ།  སྤུས་ཚད་ནི་དངོས་གཟུགས་ཀྱི་གོམས་གཤིས་ཆེ་ཆུང་གི་འཇལ་ཚད་ཡིན།

2 འགུལ་སྐྱོད་རྣམ་པ་འགྱུར་བ།

གོམས་གཤིས་ཀྱི་ཆེ་ཆུང་དེ་དོན་དངོས་ཁྲོད་རྒྱུན་པར་བསམ་གཞིགས་གཏོང་དགོས་པ་ཞིག་ཡིན།    ང་ཚོས་དངོས་གཟུགས་ཀྱི་འགུལ་སྐྱོད་རྣམ་པ་འགྱུར་སླ་བར་བྱེད་དགོས་ཚེ།    དངོས་གཟུགས་ཀྱི་སྤུས་ཚད་ཅི་ནུས་ཀྱིས་ཇེ་ཆུང་དུ་གཏོང་དགོས།       རྒོལ་འཇོམས་གནམ་གྲུའི་སྤུས་ཚད་དེ་སྐྱེལ་འདྲེན་གནམ་གྲུ་དང་མདེལ་དབྱུག་གནམ་གྲུའི་སྤུས་ཚད་ལས་ལྷག་ཏུ་ཆུང་ལ།        སྤུས་ཚད་དེ་ལས་ཇེ་ཆུང་དུ་གཏོང་བ་ནི་རྒོལ་འཇོམས་གནམ་གྲུའི་བབ་བསྟུན་རང་བཞིན་མཐོར་འདེགས་བྱེད་པའི་ཆེད་དུ་ཡིན་པས་འཐབ་འཛིང་མ་བྱས་སྔོན་སྣུམ་སྒམ་ཕལ་བ་འདོར་དགོས།        དེ་ལས་ལྡོག་སྟེ།        ང་ཚོས་དངོས་གཟུགས་ཀྱི་འགུལ་སྐྱོད་རྣམ་པ་འགྱུར་དཀའ་བར་བྱེད་དགོས་ཚེ།       དངོས་གཟུགས་ཀྱི་སྤུས་ཚད་ཅི་ནུས་ཀྱིས་ཇེ་ཆེར་བཏོང་དགོས།     གློག་སྒུལ་ཆུ་འཐེན་ས་ཚིགས་ཀྱི་གློག་སྒུལ་འཕྲུལ་འཁོར་དང་ཆུ་འཁོར་གཉིས་ཧ་ཅང་ལྕི་བའི་འཁོར་སྟེགས་སྟེང་དུ་གཏན་འཇགས་བྱེད་དགོས་དོན་ནི།     དེ་དག་གི་འདར་འགུལ་ཅི་ནུས་ཀྱིས་ཇེ་ཆུང་དུ་བཏོང་བའམ་ཡང་ན་བམས་ཡུལ་ལས་འདས་པའི་གདོང་གཏུག་བྱུང་ནས་གནས་སྤོ་བྱེད་པ་གཡོལ་བའི་ཆེད་དུ་དེ་དག་གི་སྤུས་ཚད་ཇེ་ཆེར་གཏོང་བ་ཡིན།

3 སྤུས་ཚད།

དངོས་གཟུགས་ཡོད་ཚད་ནི་དངོས་རྫས་ལས་གྲུབ་པ་ཡིན།  དངོས་གཟུགས་འགྲུབ་བྱེད་ཀྱི་དངོས་རྫས་ལ་མང་ཉུང་གང་རུང་ཡོད་དེ། ལྕགས་ཐོ་གཅིག་ཏུ་འདུས་པའི་དངོས་རྫས་ལས་མང་། དངོས་ལུགས་རིག་པའི་ཁྲོད་དུ། དངོས་གཟུགས་སུ་འདུས་པའི་དངོས་རྫས་ཀྱི་མང་ཉུང་ལ་སྤུས་ཚད(mass)ཟེར་ཞིང་། རྒྱུན་དུ་གསལ་བྱེདmཡིས་མཚོན།

4 སྤུས་ཚད་འཇལ་བྱེད།

སྤུས་ཚད་ཀྱི་འཇལ་བྱེད་ནི་སྟོང་ཁེ་ཡིན་ལ། མཚོན་རྟགས་ནིkgཡིན། སྟོང་ཁེ་ལས་ཆུང་བའི་རྒྱུན་སྤྱོད་ཀྱི་འཇལ་བྱེད་ལ་ཁེ(g)དང་ཧའོ་ཁེ(mg)ཡོད། སྟོང་ཁེ་ལས་ཆེ་བའི་འཇལ་བྱེད་ལ་ཏུན(t)ཡོད། དེ་དག་དང་སྟོང་ཁེ་བར་གྱི་འབྲེལ་བ་ནི།

1kg=103g

1mg=10-3g=10-6kg

1t=103kg

5 སྤུས་ཚད་ཀྱི་ཚད་འཇལ།

2522.png

སྡེར་སྲང་ནི་སྤུས་ཚད་འཇལ་བའི་རྒྱུན་སྤྱོད་ཀྱི་ཡོ་ཆས་ཤིག་ཡིན། སྡེར་སྲང་གི་དཔུང་བ་གཉིས་ཀྱི་རིང་ཚད་འདྲ་མཚུངས་ཡིན་པས། སྡེར་མ་གཉིས་ནང་གི་དངོས་གཟུགས་ཀྱི་སྤུས་ཚད་འདྲ་མཚུངས་ཡིན་སྐབས། སྡེར་སྲང་དོ་མཉམ་ཡོང་ཐུབ། གལ་ཏེ་སྡེར་མ་གཅིག་ནང་གི་དངོས་གཟུགས་ཀྱི་སྤུས་ཚད་མི་ཤེས་པ་དང་། སྡེར་མ་ཅིག་ཤོས་ནང་གི་རྒྱ་་རྡོའི་སྤུས་ཚད་ཤེས་ཟིན་ན། སྡེར་སྲང་དོ་མཉམ་ཡོང་རྗེས། རྒྱ་རྡོའི་སྤུས་ཚད་ནི་གཞལ་བྱའི་དངོས་གཟུགས་ཀྱི་སྤུས་ཚད་ཡིན།


བརྡ་འགྲེལ་གདོང་འཛར།

ཚན་རིག དངོས་ལུགས། སྤུས་ཚད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།