དཔལ་འབྱོར་ཐོན་ཁུངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔལ་འབྱོར་ཐོན་ཁུངས།
དཔལ་འབྱོར་ཐོན་ཁུངས་ལ་སྤྱོད་སྒོ་རང་བཞིན་དང་དཀོན་པོའི་རང་བཞིན་ལྡན་ལ། སྤྱོད་སྒོ་རང་བཞིན་ཞེས་པ་ནི་ཐོན་ཁུངས་དེ་ཐོན་ཁུངས་ཀྱི་གཞི་འཛིན་ས་ཡིན་པའི་རྐྱེན་ཡིན་པ་དང་། དཀོན་པོའི་རང་བཞིན་ཞེས་པ་ནི་དཔལ་འབྱོར་ཐོན་ཁུངས་དེ་དཔལ་འབྱོར་ཐོན་ཁུངས་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་གྱུར་པས་ཡིན་པར། དཀོན་པོའི་སྤྱོད་སྒོ་རང་བཞིན་ངོས་འཛིན་དང་བེད་སྤྱོད་བྱ་ཐུབ་མིན་དེ་ཤེས་བྱ་དང་ལག་རྩལ། དཔལ་འབྱོར་ཆ་རྐྱེན་ངེས་ཅན་ལ་བརྟེན་དགོས། དེ་བས་དཔལ་འབྱོར་ཐོན་ཁུངས་དེ་དཀོན་པོའི་རང་བཞིན་ལྡན་པའི་ཁར། ཕན་འབྲས་ཐོན་ཐུབ་པའི་རྒྱུ་ནོར་ཞིག་ཏུ་ངོས་འཛིན་གྱིན་ཡོད་ཅིང་། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་མ་ལག་ཁྲོད་ཀྱི་དཔལ་འབྱོར་དངོས་ཟོང་རིགས་སྣ་ཚོགས་ཀྱི་སྤྱི་མིང་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
经济资源
རང་བཞིན།
སྤྱོད་སྒོ་རང་བཞིན་དང་དཀོན་པོའི་རང་བཞིན།
གོ་དོན།
མིའི་སྤྱི་ཚོགས་ཁྲོད་ཀྱི་དཔལ་འབྱོར་དངོས་རྫས་ཀྱི་སྤྱི་མིང་།
ཁོངས་གཏོགས།
དངོས་པོའི་ཐོན་ཁུངས་སམ་ཡང་ན་རང་བྱུང་ཐོན་ཁུངས།
1 རགས་བཤད།

དཔལ་འབྱོར་ཐོན་ཁུངས་དང་དཔལ་འབྱོར་དངོས་རྫས་གཉིས་ཚིག་དོན་ཐོག་ཁྱད་པར་གསལ་བོ་ཡོད་པ་རེད། དཔལ་འབྱོར་ཐོན་ཁུངས་གླེང་བའི་སྐབས། དཔལ་འབྱོར་ཐོན་ཁུངས་དེ་དཔལ་འབྱོར་དངོས་རྫས་རིགས་ཤིག་གི་ཚོགས་སྤྱི་ཞིག་གི་ཚད་དུ་བཞག་ཅིང་། དཔལ་འབྱོར་ཐོན་ཁུངས་རིགས་སོ་སོ་དོན་དངོས་སུ་དཔལ་འབྱོར་དངོས་རྫས་རིགས་ཁྲི་སྟོང་མང་པོའི་ཚུད་ཡོད་སྲིད་དེ། དཔེར་ན། རྡོ་སྣུམ་དང་དཀར་གོང་གཉིས་ནི་རིགས་མི་འདྲ་བའི་དཔལ་འབྱོར་དངོས་རྫས་ཡིན་ཡང་། དེ་གཉིས་ཀ་གཏེར་རྫས་ཐོན་ཁུངས་སམ་དངོས་རྫས་ཐོན་ཁུངས། རང་བྱུང་ཐོན་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས།

དཔལ་འབྱོར་ཐོན་ཁུངས་དེ་དཔལ་འབྱོར་དངོས་རྫས་རང་ཉིད་ལ་བསྟན་པ་མ་ཡིན་པར། དཔལ་འབྱོར་དངོས་རྫས་ནང་འགྲོ་བ་མིའི་སྤྱི་ཚོགས་ལ་བལྟོས་པའི་བཀོལ་སྤྱོད་རང་བཞིན་ལ་བརྗོད་པ་ཡིན་པ་སྟེ། མིའི་རིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་མ་ལག་དེ་ཤེས་བྱ་དང་ལག་རྩལ། དཔལ་འབྱོར་ཆ་རྐྱེན་ངེས་ཅན་འོག རང་སྟེང་གི་དགོས་མཁོ་ལ་གཞིགས་ནས་གསར་སྤེལ་བྱས་ཤིང་དངོས་རྫས་སྟེང་གནས་པའི་བཀོལ་སྤྱོད་རིན་ཐང་དེ་ཡིན་ཞིང་། དཔལ་འབྱོར་དངོས་རྫས་དེ་དཔལ་འབྱོར་ཐོན་ཁུངས་ཀྱི་དངོས་པོའི་སྐྱེལ་བྱེད་ཙམ་ཡིན། དངོས་པོ་རིགས་གཅིག་གིས་ཐོན་ཁུངས་བྱེད་ནུས་རིགས་མང་པོ་ཐེག་ལ། ཐོན་ཁུངས་བྱེད་ནུས་སྣ་གཅིག་དངོས་རྫས་རིགས་མང་པོའི་སྟེང་གནས་སྲིད།

2 རིགས་དབྱེ།

དཔལ་འབྱོར་ཐོན་ཁུངས་ཀྱི་རིགས་དབྱེ་ནི་ཞིབ་འཇུག་གི་ལྟ་སྟངས་མི་འདྲ་བའི་ཁྱད་པར་གྱི་དབང་གིས། སྣ་མང་རྙོག་འཛིང་ཆེ་ཞིང་གཅིག་གྱུར་ཞིག་གཏན་ནས་མིན། འོན་ཀྱང་རིགས་དབྱེའི་གཞི་འཛིན་སའི་གཏན་ཚིགས་ཁུངས་སྐྱེལ་ཇི་འདྲ་བཙན་ན་ཡང་། ཁས་མི་ལེན་ག་མེད་ཡིན་པ་སྟེ། ཕྱི་རོལ་ཡུལ་གྱི་དངོས་པོ་དང་ནུས་ཚད། ཆ་འཕྲིན་བཅས་ཕྱོགས་གསུམ་གྱི་རྣམ་པ་ལས་འདའ་ཐབས་མེད་ལ། མིའི་རིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་མ་ལག་ནི་དེའི་ཁྲོད་ཀྱི་གྲུབ་ཆ་ཞིག་དང་ཡན་ལག་མ་ལག་ཅིག་ཡིན་ཞིང་། དེའི་དཔལ་འབྱོར་ཐོན་ཁུངས་ཡོངས་རྫོགས་དངོས་པོ་དང་། ནུས་ཚད། ཆ་འཕྲིན་དུ་མ་འདུས་པ་གཅིག་ཀྱང་མེད། དེ་བས། མིག་སྔའི་ཚན་རིག་ཞིབ་འཇུག་དང་ཐོན་སྐྱེད་ལག་ལེན་གྱིས་འཁྱོལ་ཐུབ་པའི་ངོས་འཛིན་ཆུ་ཚད་གཞིར་བྱས་ན། དཔལ་འབྱོར་ཐོན་ཁུངས་དེ་དཔལ་འབྱོར་རིག་པའི་ཞིབ་འཇུག་ཁྱབ་རྒྱ་ཁོ་ནའི་ཁྲོད་ཚོད་བཀག་བྱས་པའི་དཔལ་འབྱོར་ཐོན་ཁུངས་ལ་དབྱེ་ན།

དངོས་པོའི་ཐོན་ཁུངས། མིའི་རིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་བྱ་འགུལ་དེ་རྟེན་བྱེད་ཀྱི་ཕྱི་རོལ་ཡུལ་གྱི་དངོས་པོ།

ནུས་པའི་ཐོན་ཁུངས། དེ་ནི་བུད་ཤིང་དང་གཤེར་གཟུགས། ཉི་འོད་དང་རླུང་བཅས་འདུ་བ་བའི་བརྡ་ཆད་ཅིག་ཡིན་ལ། མིའི་རིགས་ཀྱིས་འོས་འཚམ་གྱི་བྱེད་ཐབས་སྤྱད་ནས་དེས་རང་ཉིད་ལ་མཁོ་འདོད་ཀྱི་ནུས་པ་འདོན་སྤྲོད་བྱེད་དུ་འཇུག་ཐུབ།

མི་ཤུགས་ཀྱི་ཐོན་ཁུངས། སྤྱི་ཚོགས་དཔལ་འབྱོར་བྱ་འགུལ་དུ་ཞུགས་པའི་མི་ནི་དངོས་པོའི་ཐོན་ཁུངས་དང་ནུས་པའི་ཐོན་ཁུངས། ཆ་འཕྲིན་ཐོན་ཁུངས་བཅས་ཀྱི་རྩ་འཛུགས་པ་དང་དོ་དམ་བྱེད་མཁན་དེ་ཡིན་པར་མ་ཟད།  རང་སྟེང་གི་དངོས་པོ་དང་ནུས་ཤུགས། ཆ་འཕྲིན་གྱི་ཕྱོགས་བསྡུས་ཐེག་དངོས་དང་རང་འགུལ་བསྒྱུར་བྱེད་ཅིག་ཀྱང་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-15

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།