གློག་སྡུད་གློག་མཐུད་འཕྲུལ་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་སྡུད་གློག་མཐུད་འཕྲུལ་ཆས།
གློག་མཐུད་འཕྲུལ་ཆས་ཀྱི་གོ་དོན་དང་འཕྲུལ་ཆས་ཆེན་པོ་སྐུལ་སྒུལ་བྱེད་པའི་གློག་རྒྱུན་དེ་ཨམ་བཅུ་ཕྲག་འགའ་དང་བརྒྱ་ཕྲག་དུ་མར་སླེབས་སྲིད་པ། སྒྲ་སྒྲོག་ཆས་ལས་སྒྲ་སྒྲོག་ཚུལ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电磁继电器
ཕྱི་ཡིག་གི་མིང་།
electromagnetic relay
1 གོ་དོན།

方法撒去去去.png

གློག་མཐུད་འཕྲུལ་ཆས་ནི་གློག་གནོན་དམའ་ཞིང་གློག་རྒྱུན་ཞན་པའི་གློག་ལམ་གྱི་གློག་རྒྱུན་མཐུད་གཅོད་ལ་བརྟེན་ནས་གཞན་བརྒྱུད་ཀྱི་སྒོ་ནས་གློག་གནོན་མཐོ་ཞིང་གློག་རྒྱུན་དྲག་པོའི་གློག་ལམ་ཚོད་འཛིན་བྱེད་པའི་སྒྲིག་ཆས་ཤིག་ཡིན། གློག་སྡུད་གློག་མཐུད་འཕྲུལ་ཆས་ནི་གློག་སྡུད་ལྕགས་བེད་སྤྱད་ནས་ལས་ཀའི་གློག་ལམ་ཚོད་འཛིན་བྱེད་པའི་བསད་སྦར་ཞིག་ཡིན།

གློག་སྡུད་གློག་མཐུད་འཕྲུལ་ཆས་ཀྱི་གྲུབ་ཚུལ་ནི། གློག་སྡུད་ལྕགས་དང་སྦྲེལ་ལྕགས། རྩིབ་ལེབ། འཕྲད་གནས་བཅས་ལས་གྲུབ་པ་ཡིན། དེའི་ལས་ཀའི་གློག་ལམ་ནི་གནོན་དམའ་ཚོད་འཛིན་གློག་ལམ་དང་གནོན་མཐོ་ལས་ཀའི་གློག་ལམ་ཁག་གཉིས་ལས་གྲུབ་པ་ཡིན།

2 གློག་སྡུད་གློག་མཐུད་འཕྲུལ་ཆས།

555555555555555.png

འཕྲུལ་ཆས་ཆེན་པོ་སྐུལ་སྒུལ་བྱེད་པའི་གློག་རྒྱུན་དེ་ཨམ་བཅུ་ཕྲག་འགའ་དང་བརྒྱ་ཕྲག་དུ་མར་སླེབས་སྲིད། ང་ཚོས་དུས་རྒྱུན་དུ་བཟོ་པས་མཐེབ་གནོན་ལ་བརྟེན་ནས་འཕྲུལ་ཆས་ཚོད་འཛིན་བྱེད་པ་མཐོང་ཐུབ། དེས་ན་གློག་རྒྱུན་དྲག་ཆེན་དེ་མཐེབ་གནོན་གྱི་འོག་ཏུ་རྒྱུ་བ་ཡིན་ནམ་ཞེ་ན། མིན་ཏེ། ལག་པས་ཐད་ཀར་གློག་རྒྱུན་དྲག་པོ་ཚོད་འཛིན་བྱེད་པ་དང་ཡང་ན་གནོན་མཐོ་གློག་ལམ་བཀོལ་སྤྱོད་བྱས་ན་ཉེན་ཁ་ཧ་ཅང་ཆེ་བས། བཟོ་བས་ལག་པས་གནོན་པ་ནི་གློག་མཐུད་འཕྲུལ་ཆས་ཀྱི་བསད་སྦར་ཡིན་པ་ཙམ་ལས། གློག་ཁུངས་ཀྱི་མཐུད་གཅོད་ནི་གློག་མཐུད་འཕྲུལ་ཆས་ཀྱིས་ཚོད་འཛིན་བྱས་པ་ཡིན།

3 སྒྲ་སྒྲོག་ཆས་ལས་སྒྲ་སྒྲོག་ཚུལ།

2222222222222222222.png

སློབ་གྲྭའི་རྩལ་སྦྱོང་ར་བའི་ནང་དུ་སྒྲ་སྒྲོག་ཆས(དུང་ཆེན)བཞག་ཡོད་པ་དང་། སྒྲ་སྡུད་འཕྲུལ་འཁོར་དང་བརྙན་འཕྲིན་འཕྲུལ་ཆས། སྒྲ་སྐྱེད་ཆས་བཅས་ཚང་མའི་ནང་དུ་སྒྲ་སྒྲོག་ཆས་ཡོད། ང་ཚོས་ཉིན་རེ་རེར་སྒྲ་སྒྲོག་ཆས་ལས་བསྒྲགས་པའི་སྙན་ཞིང་འཇེབས་པའི་སྒྲ་ཐོས་ཐུབ། དེས་ན་སྒྲ་སྒྲོག་ཆས་ལས་སྒྲ་ཇི་ལྟར་བསྒྲགས་པ་ཡིན་ཞེ་ན། སྒྲ་སྒྲོག་ཆས་ནི་གློག་གི་བརྡ་རྟགས་དེ་སྒྲའི་བརྡ་རྟགས་སུ་བསྒྱུར་བའི་སྒྲིག་ཆས་ཤིག་ཡིན།གཡས་ཀྱི་རི་མོ་ནི་སྒྲ་སྒྲོག་ཆས་ཀྱི་གྲུབ་ཚུལ་མཚོན་རིས་ཡིན། དེ་གཙོ་བོར་གཏན་འཇགས་ཀྱི་ཡུན་གནས་སྡུད་གཟུགས་དང་དཀྲིས་སྐུད། སྙུང་དབྱིབས་ཤོག་གཞོང་བཅས་ལས་གྲུབ་པ་ཡིན། དཀྲིས་སྐུད་དུ་དཔེ་རིས་ལས་མཚོན་པའི་གློག་རྒྱུན་རྒྱུ་ཚེ། དཀྲིས་སྐུད་ལ་སྡུད་ལྕགས་ཀྱི་འདྲེན་ཤུགས་ཐེབས་ཏེ་གཡོན་དུ་འགུལ་སྐྱོད་བྱེད་པ་དང་། དཀྲིས་སྐུད་དུ་ལྡོག་ཕྱོགས་ཀྱི་གློག་རྒྱུན་རྒྱུ་ཚེ། དཀྲིས་སྐུད་ལ་སྡུད་ལྕགས་ཀྱི་ཕུད་ཤུགས་ཐེབས་ཏེ་གཡས་སུ་འགུལ་སྐྱོད་བྱེད་པ་རེད། དཀྲིས་སྐུད་དུ་རྒྱུ་བའི་གློག་རྒྱུན་ནི་སྤེལ་འགྱུར་གློག་རྒྱུན་ཡིན་པས།དེའི་ཁ་ཕྱོགས་རྒྱུན་ཆད་མེད་པར་འགྱུར་ཞིང་། དཀྲིས་སྐུད་ཀྱང་རྒྱུན་ཆད་མེད་པར་ཕར་ཚུར་འདར་འགུལ་བྱེད་པས། ཤོག་གཞོང་སྒུལ་ཁྲིད་བྱས་ཏེ་ཕར་ཚུར་འདར་འགུལ་བྱེད་སྲིད། དེ་བས་སྒྲ་སྒྲོག་ཆས་ལས་སྒྲ་གྲག་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-04

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།