དཔལ་འབྱོར་ཆོས་ཉིད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔལ་འབྱོར་ཆོས་ཉིད།
སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བརྒྱུད་རིམ་ཁྲོད་མི་རྣམས་ཀྱི་འདོད་བློ་ལྟར་སྒྱུར་མི་ཐུབ་ཅིང་། ཕྱི་ཡུལ་དུ་ནང་གནས་ཀྱི་རྩ་བའི་ལྡོག་མེད་ཀྱི་འབྲེལ་བ་དེ་ཡིན། མི་རྣམས་ཀྱིས་སྤྱི་ཚོགས་ཐོན་སྐྱེད་དང་། བགོ་བཤའ། བརྗེ་རེས། འཛད་སྤྱོད་ཀྱི་བརྒྱུད་རིམ་ཁྲོད་ཀྱི་བྱ་སྤྱོད་དེ་དཔལ་འབྱོར་གྱི་སྣང་ཚུལ་རིགས་སྣ་ཚོགས་སུ་མངོན། དཔལ་འབྱོར་སྣང་ཚུལ་གྱི་ནང་གནས་དང་། རྩ་བ། ལྡོག་མེད་ཀྱི་འབྲེལ་བ་ནི་དཔལ་འབྱོར་ཆོས་ཉིད་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
经济规律
ཕྱི་ཡིག་གི་མིང་།
economic laws
རགས་བཤད།
སྤྱི་ཚོགས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་མངོན་པའི་སྣང་ཚུལ།
རིགས་དབྱེ།
རིན་ཐང་ཆོས་ཉིད་སོགས།
1 རགས་བཤད།

སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གོ་རིམ་ཁྲོད་བྱུང་བའི་རྣམ་པ་སྣ་ཚོགས་ཀྱི་དཔལ་འབྱོར་སྣང་ཚུལ་ལ་བརྗོད་པ་ཡིན།  སྤྱི་ཚོགས་སྣང་ཚུལ་གྱི་རིགས་སོ་སོའི་འབྲེལ་བ་དེར། ཕྱིའི་ངོ་བོ་མ་ཡིན་པའི་འབྲེལ་བ་ཡོད་ལ། ནང་གི་ངོ་བོའི་འབྲེལ་བའང་ཡོད། ཏག་ཏག་ནང་གི་ངོ་བོའི་འབྲེལ་བ་དེས་དཔལ་འབྱོར་སྣང་ཚུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཐག་གཅོད་རང་བཞིན་གྱི་བྱེད་ནུས་འདོན་བཞིན་ཡོད་པ་རེད། དེ་ལྟ་བུའི་ནང་གི་ངོ་བོའི་འབྲེལ་བ་ནི་དཔལ་འབྱོར་ཆོས་ཉིད་ཡིན། 

2 དཔལ་འབྱོར་ཆོས་ཉིད།

(1) རིན་ཐང་ཆོས་ཉིད།

རིན་ཐང་ཆོས་ཉིད་ནི་མར་ཁེ་སིའི«མ་རྩའི་རྣམ་བཤད» དུ་བྱུང་།

རིན་ཐང་ཆོས་ཉིད་ཀྱི་རྩ་བའི་ནང་དོན། ཚོང་ཟོང་རིན་ཐང་གི་ཚད་ནི་ཚོང་ཟོང་ཐོན་སྐྱེད་བྱེད་པའི་སྤྱི་ཚོགས་ཀྱི་དགོས་ངེས་ངལ་རྩོལ་དུས་ཚོད་ཀྱིས་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། ཚོང་ཟོང་བརྗེ་རེས་བྱེད་དུས་རིན་ཐང་དེ་རྨང་གཞིར་བཟུང་སྟེ། རིན་མཉམ་བརྗེ་རེས་ལག་བསྟར་བྱེད་ཀྱི་ཡོད།

རིན་ཐང་ཆོས་ཉིད་ཀྱི་དོན་སྙིང་དང་ནུས་པ། རིན་ཐང་ཆོས་ཉིད་ནི་མིའི་རིགས་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སྤྱོད་པའི་དཔལ་འབྱོར་ཆོས་ཉིད་དེ་ཡིན་པ་དང་། ཚོང་ཟོང་དཔལ་འབྱོར་གྱི་འགྱུར་བ་དང་འཕེལ་རྒྱས་ཀྱི་གསང་བ་བརྟོལ་ཏེ། ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་ཡིན།

(2) རིན་ཐང་ལྷག་མའི་ཆོས་ཉིད།

རིན་ཐང་ལྷག་མའི་ཆོས་ཉིད་ནི་མར་ཁེ་སིའི«མ་རྩའི་རྣམ་བཤད» དུ་བྱུང་།

རིན་ཐང་ལྷག་མའི་ཆོས་ཉིད་ཀྱི་རྩ་བའི་ནང་དོན། རིན་ཐང་ལྷག་མའི་ངོ་བོ་ནི་གླས་པའི་བཟོ་བ་དག་གིས་བསྐྲུན་ལ་མ་རྩ་ཅན་གྱིས་རིན་དོད་མེད་པར་བདག་གིར་བཟུང་བ་དང་། བཟོ་བའི་ངལ་རྩོལ་ནུས་ཤུགས་ཀྱི་རིན་ཐང་ལས་བརྒལ་བའི་རིན་ཐང་གི་ཆ་དེར་ཟེར་བ་ཡིན། 

3 ཁྱད་ཆོས།

དཔལ་འབྱོར་ཆོས་ཉིད་དེ་མིའི་རིགས་ཀྱི་དཔལ་བྱོར་བྱ་བ་དང་ཁ་འབྲལ་ཐབས་མེད།

རང་བྱུང་ཁམས་ཀྱི་དངོས་པོའི་འགུལ་སྐྱོད་ཀྱི་ཆོས་ཉིད་ཕལ་ཆེར་ནི་ཡུན་རིང་འགྱུར་མེད་ཅིག་ཡིན་ལ། དཔལ་འབྱོར་ཆོས་ཉིད་མང་ཆེ་ཤས་ནི་དཔལ་འབྱོར་གྱི་ཆ་རྐྱེན་བསྐྲུན་པ་དང་བསྟུན་ནས་གསར་དུ་བྱུང་ཞིང་། དེ་དང་བསྟུན་ནས་དཔལ་འབྱོར་གྱི་ཆ་རྐྱེན་ཉམས་མེད་དུ་སོང་བ་དང་བསྟུན་ནས་མེད་པར་འགྲོ་བ་ཡིན།

གྲལ་རིམ་སྤྱི་ཚོགས་སུ་མི་རྣམས་ཀྱིས་དཔལ་འབྱོར་གྱི་ཆོས་ཉིད་ཤེས་རྟོགས་དང་བེད་སྤྱོད་གཏོང་བ་ལ་གྲལ་རིམ་གྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཏག་ཏག་ཡོད་པ་ཡིན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-15

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།