གློག་སྒུལ་འཕྲུལ་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་སྒུལ་འཕྲུལ་འཁོར།
འཁོར་སྟེགས་དང་ཆུ་ཕུམ་དེ་གློག་སྒུལ་འཕྲུལ་འཁོར་གྱིས་སྒུལ་ཁྲིད་བྱེད་དགོས་པ་དང་སྡུད་རས་གློག་རྒྱུ་འདྲེན་སྐུད་ལ་བཏོན་པའི་བྱེད་ནུས། འདྲེན་སྐུདabདེ་སྡུད་རའི་ནང་དུ་འཇོག་པ་དང་། གློག་ཁུངས་ལ་མཐུད་ནས། གློག་རྒྱུན་དེ་འདྲེན་སྐུདabརུ་རྒྱུ་རུ་བཅུག་པ། དཀྲིས་སྐུད་འཁོར་འགུལ་བྱེད་དུ་འཇུག་ཚུལ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电动机械
1 གློག་སྒུལ་འཕྲུལ་འཁོར།

འཁོར་སྟེགས་དང་ཆུ་ཕུམ་དེ་གློག་སྒུལ་འཕྲུལ་འཁོར་གྱིས་སྒུལ་ཁྲིད་བྱེད་དགོས་ཤིང་། གློག་ཤུགས་སྒུལ་འཁོར་དང་གློག་སྐས་གློག་སྒུལ་འཕྲུལ་འཁོར་གྱིས་འཐེན་དགོས། ཁྱིམ་ཚང་གི་འཚོ་བའི་ཁྲོད་དུ་བཀོལ་བའི་གློག་སྒུལ་རླུང་འཁོར་དང་འཁྱགས་སྒམ། གོས་འཁྲུད་འཕྲུལ་ཆས། ཐ་ན་གློག་སྒུལ་རྩེད་ཆས་སྣ་ཚོགས་འཚོ་བའི་གནས་སོ་སོར་ཁྱབ་ཡོད། 

2 སྡུད་རས་གློག་རྒྱུ་འདྲེན་སྐུད་ལ་བཏོན་པའི་བྱེད་ནུས།

སྡུད་རའི་ཁྲོད་དུ་སྡུད་གཟུགས་ལ་ཤུགས་ཀྱི་བྱེད་ནུས་ཐེབས་སྲིད། གློག་རྒྱུ་བའི་དུང་འཁྱིལ་སྦུ་གུར་སྡུད་གཤིས་ཡོད་ལ། སྡུད་གཟུགས་ཤིག་དང་འདྲ་བར་སྣེSདང་སྣེNཡོད་པ་ང་ཚོས་ཤེས།

3 གློག་ཁུངས་ལ་སྦྲེལ་ཚུལ།

回家.png

འདྲེན་སྐུདabདེ་སྡུད་རའི་ནང་དུ་འཇོག་པ་དང་། གློག་ཁུངས་ལ་མཐུད་ནས། གློག་རྒྱུན་དེ་འདྲེན་སྐུདabརུ་རྒྱུ་རུ་བཅུག་པ། 

གློག་ཁུངས་ཀྱི་ཕོ་སྣེ་དང་མོ་སྣེ་ཕན་ཚུན་བརྗེས་ནས་གློག་ལམ་དུ་མཐུད་པ་དང་། འདྲེན་སྐུདabརུ་རྒྱུ་བའི་གློག་རྒྱུན་གྱི་ཁ་ཕྱོགས་དེ་སྔར་གྱི་ཁ་ཕྱོགས་ལས་ལྡོག་ཏུ་བཅུག་ནས། འདྲེན་སྐུདabཡི་འགུལ་སྐྱོད་ཁ་ཕྱོགས་ལ་ལྟ་ཞིབ་བྱོས། འདྲེན་སྐུདabནང་གི་གློག་རྒྱུན་གྱི་ཁ་ཕྱོགས་མི་འགྱུར་བར་བྱེད་པ་དང་། རྨིག་དབྱིབས་སྡུད་གཟུགས་ཀྱི་གོང་འོག་སྡུད་སྣེ་ཕན་ཚུན་བརྗེས་ཏེ། སྡུད་རའི་ཁ་ཕྱོགས་དེ་སྔར་གྱི་ཁ་ཕྱོགས་ལས་ལྡོག་ཏུ་བཅུག་ནས། འདྲེན་སྐུད་ཚabཡི་འགུལ་སྐྱོད་ཁ་ཕྱོགས་ལ་ལྟ་ཞིབ་བྱོས་ན། སྡུད་རའི་ཁྲོད་དུ་གློག་རྒྱུ་འདྲེན་སྐུད་ལ་ཤུགས་ཀྱི་བྱེད་ནུས་ཐེབས་སྲིད་ཅིང་། ཤུགས་ཀྱི་ཁ་ཕྱོགས་དེ་གློག་རྒྱུན་གྱི་ཁ་ཕྱོགས་དང་། སྡུད་ལྟོས་འབྱུང་ཐིག་གི་ཁ་ཕྱོགས་དང་འབྲེལ་བ་ཡོད་དེ། གློག་རྒྱུན་གྱི་ཁ་ཕྱོགས་སམ། ཡང་ན་སྡུད་ལྟོས་འབྱུང་ཐིག་གི་ཁ་ཕྱོགས་དེ་ལྡོག་ཕྱོགས་སུ་གྱུར་ཚེ། གློག་རྒྱུ་འདྲེན་སྐུད་ལ་ཐེབས་པའི་ཤུགས་ཀྱི་ཁ་ཕྱོགས་ཀྱང་ལྡོག་ཕྱོགས་སུ་འགྱུར་སྲིད།

4 དཀྲིས་སྐུད་འཁོར་འགུལ་བྱེད་དུ་འཇུག་ཚུལ།

123.png

རྩི་བྱུག་སྐུད་པ་དུམ་བུ་ཞིག་ཧ་ལམ3cm×2cmཡིན་པའི་དཀྲིས་སྐུད་ཅིག་གྲུ་བཞི་དབྱིབས་ཤིག་ཏུ་བཀུག་ནས།  རྩི་བྱུག་སྐུད་པའི་སྣེ་གཉིས་སོ་སོར་ཧ་ལམ3cmརེ་བསྲེངས་རྗེས།  གྲི་ཆུང་གིས་རྩི་བྱུག་སྐུད་པའི་སྣེ་གཅིག་གི་རྩི་ཤུན་ཡོངས་སུ་འབྲད་པ་དང་།  སྣེ་ཅིག་ཤོས་ཀྱི་རྩི་ཤུན་གྱི་གོང་ཕྱེད་དང་ཡང་ན་འོག་ཕྱེད་འབྲད་པ།

ལྕགས་རིགས་སྐུད་པ་སྲ་མོ་ཞིག་གིས་འདེགས་སྒྲོམ་གཉིས་བཟོས་ནས་ཤོག་ལེབ་སྲ་མོའི་སྟེང་དུ་བརྟན་པོར་འཛུགས་པ་དང་། འདེགས་སྒྲོམ་དེ་གཉིས་ཀ་སོ་སོར་གློག་སྨན་གྱི་སྣེ་གཉིས་དང་སྦྲེལ་དགོས། དཀྲིས་སྐུད་དེ་འདེགས་སྒྲོམ་གྱི་སྟེང་དུ་འཇོག་པ་དང་། སྡུད་ལྕགས་དེ་དཀྲིས་སྐུད་ཀྱི་འོག་ཏུ་འཇོག་དགོས། དཀྲིས་སྐུད་དུ་གློག་རྒྱུ་རུ་བཅུག་རྗེས། ལག་པས་ཡང་མོར་དེད་ན། དཀྲིས་སྐུད་རྒྱུན་ཆད་མེད་པར་འཁོར་སྲིད།

5 གློག་སྒུལ་གྱི་གྲུབ་ཚུལ།

གློག་སྒུལ་འཕྲུལ་འཁོར་ལ་ལྟ་ཞིབ་བྱས་ན། དེ་ནི་འཁོར་ཐུབ་པའི་དཀྲིས་སྐུད་དང་མི་འགུལ་བའི་སྡུད་གཟུགས་ཁག་གཉིས་ལས་གྲུབ་པ་མཐོང་ཐུབ། གློག་སྒུལ་འཕྲུལ་འཁོར་གྱི་ནང་གི་འཁོར་ཐུབ་པའི་ཁག་དེར་འཁོར་ཆ་ཟེར། མི་འགུལ་བའི་ཁག་དེར་གཏན་ཆ་ཟེར། གློག་སྒུལ་འཕྲུལ་འཁོར་གྱིས་བྱ་བ་བྱེད་སྐབས། འཁོར་ཆ་དེ་གཏན་ཆའི་ཁྲོད་དུ་མགྱོགས་མྱུར་གྱིས་འཁོར་བ་ཡིན།

6 དཀྲིས་སྐུད་སྡུད་ར།

1478.png

1.དཀྲིས་སྐུད་དེ་དཔེ་རིས་ཁ་བའི་གནས་སུ་ཞི་འཇགས་སུ་བཞག་ནས། བསད་སྦར་གྱི་ཁ་བསུམས་ཚེ། དཀྲིས་སྐུད་འགུལ་སྐྱོད་མི་བྱེད་པ་མཐོང་ཐུབ། དེ་ནི་དཀྲིས་སྐུད་ཀྱི་འོག་གི་མཐའ་གཉིས་ལ་ཐེབས་པའི་ཤུགས་ཀྱི་ཆེ་ཆུང་འདྲ་མཚུངས་ཡིན་པ་དང་། ཁཕྱོགས་ལྡོག་པའི་རྐྱེན་གྱིས་ཡིན། གནས་དེ་ནི་དཀྲིས་སྐུད་ཀྱི་དོ་མཉམ་གནས་ཡིན།

2.དཀྲིས་སྐུད་དེ་དཔེ་རིས་ཀ་པའི་གནས་སུ་ཞི་འཇགས་སུ་བཞག་ནས། བསད་སྦར་གྱི་ཁ་བསུམས་ཚེ། དཀྲིས་སྐུད་ལ་ཤུགས་ཐེབས་ཏེ་དུས་མདའི་འཁོར་སྐྱོད་བྱེད་པ་དང་། གོམས་གཤིས་ལ་བརྟེན་ནས་དོ་མཉམ་གནས་ལས་བརྒལ་ཐུབ། འོན་ཀྱང་མུ་མཐུད་དུ་འཁོར་སྐྱོད་བྱེད་མི་ཐུབ་པ་དང་། མཐར་དོ་མཉམ་གནས་སུ་ལོག་སྲིད།

3.དཀྲིས་སྐུད་དེ་དཔེ་རིས་ག་བའི་གནས་སུ་ཞི་འཇགས་སུ་བཞག་ན། དེ་ནི་དཀྲིས་སྐུད་དེ་ད་ཅིའི་དོ་མཉམ་གྱི་གནས་ལས་བརྒལ་ནས་སླེབས་པའི་གནས་ཡིན། བསད་སྦར་གྱི་ཁ་བསུམས་ཚེ། དཀྲིས་སྐུད་དུས་མདོའི་ལྡོག་ཕྱོགས་སུ་འཁོར་སྐྱོད་བྱེད། འདིས་དཀྲིས་སྐུད་ལ་གནས་འདི་རུ་ཐེབས་པའི་ཤུགས་ཀྱིས་དཀྲིས་སྐུད་དུས་མདའི་འཁོར་ཕྱོགས་སུ་འཁོར་དུ་མི་འཇུག་པ་གསལ་བཤད་བྱས།

7 དཀྲིས་སྐུད་འཁོར་སྐྱོད།

དཀྲིས་སྐུད་བསྟུད་མར་འཁོར་སྐྱོད་བྱེད་མི་ཐུབ་པའི་རྒྱུ་མཚན་ནི། དཀྲིས་སྐུད་དོ་མཉམ་གནས་ལས་བརྒལ་རྗེས། དེར་ལ་ཐེབས་པའི་ཤུགས་ཀྱིས་དེའི་འཁོར་སྐྱོད་བཀག་འགོག་བྱེད་པའི་རྐྱེན་ཡིན། གལ་ཏེ་དོ་མཉམ་གྱི་གནས་ལས་བརྒལ་རྗེས། དཀྲིས་སྐུད་དུ་གློག་སྤྲོད་པ་མཚམས་བཞག་ན། དཀྲིས་སྐུད་བསྟུད་མར་འཁོར་སྐྱོད་བྱེད་ཐུབ་པ་མ་ཡིན་ནམ། དཀྲིས་སྐུད་དུ་གློག་སྤྲོད་པ་མཚམས་འཇོག་པར་ཐབས་ཅི་ཞིག་བཀོལ་དགོས་ཞེས་ན། ང་ཚོས་འདྲེན་སྐུད་ཀྱི་སྣས་གཅིག་གི་རྩི་ཤུན་ཡོངས་སུ་འབྲད་པ་དང་། སྣེ་ཅིག་ཤོས་ཀྱི་རྩི་ཤུན་གྱི་གོང་ཕྱེད་དང་ཡང་ན་འོག་ཕྱེད་བྲད་དེ་དཀྲིས་སྐད་དུ་གློག་སྤྲོད་པ་མཚམས་འཇོག་པའི་ཐབས་བཀོལ་བ་ཡིན། དེ་ལྟར་བྱས་ན་དཀྲིས་སྐུད་སྐོར་བ་གཅིག་རེ་འཁོར་ཚེ། སྐོར་བ་ཕྱེད་ཙམ་ལ་སྒུལ་ཤུགས་ཐེབས་པ་རེད། གལ་ཏེ་སྐོར་བ་ཕྱེད་ཕྱི་མར་གློག་རྒྱུན་གྱི་ཁ་ཕྱོགས་བསྒྱུར་ཏེ། དཀྲིས་སྐུད་ལ་སྒུལ་ཤུགས་ཐེབས་སུ་བཅུག་ན། དཀྲིས་སྐུད་དེ་སྔར་ལས་བརྟན་ཞིང་ཤུགས་ཡོད་པའི་སྒོ་ནས་འཁོར་སྐྱོད་བྱེད་སྲིད། ཐད་རྒྱུག་གློག་སྒུལ་འཕྲུལ་འཁོར་དངོས་ཀྱིས་ཕྱོགས་བརྗེ་ཆས་བརྒྱུད་ནས་བྱེད་ནུས་འདི་མངོན་འགྱུར་བྱས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-04

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།