ཡུན་བརྟན་མཆོད་རྟེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུན་བརྟན་མཆོད་རྟེན།
ཡུན་བརྟན་མཆོད་རྟེན་ནི་ཁོ་རེ་ཡའི་དྲ་རྒྱའི་རོལ་རྩེད་ཀུང་ཟིNCsoftཡིས་བཟོས་པའི་རབས་དང་པོའི་སྒྱུ་འཕྲུལ་རང་བཞིན་གྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། ཁོ་རེ་ཡའིNCsoftཡིས་གསར་སྤེལ་བྱས་པའི་ཆེས་ལེགས་འགྲུབ་བྱུང་བའི་ཐོན་རྫས་ཤིག་ཀྱང་ཡིན། རོལ་རྩེད་འདི་ནི་ཀྲུང་གོའི་འཁོར་སྐྱོད་ཚོང་གཉེར་གྱི་དྲ་རྒྱའི་རོལ་རྩེད་ཁྲོད་ཤོང་ཚད་ཆེས་ཆེ་བའི་རོལ་རྩེད་ཡིན་ཞིང་། ཀྲུང་གོའི་གཟབ་རྒྱས་ཀུང་ཟིས་ནང་འདྲེན་བྱས་པའི་གཟུགས་བརྙན3Dཅན་གྱི་འཁྲབ་བྱའི་མི་སྣའི་སྒྱུ་འཕྲུལ་རང་བཞིན་གྱིMMORPGཡི་དྲ་རྒྱའི་རོལ་རྩེད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
永恒之塔
ཐོག་མའི་མིང་།
AION
རོལ་རྩེད་ཀྱི་རིགས།
MMORPG
གསར་སྤེལ་ཀུང་ཟི།
ཁོ་རེ་ཡའིNCsoft
འགྲེམ་སྤེལ་ཀུང་ཟི།
ཁོ་རེ་ཡའིNCsoft
འགྲེམ་སྤེལ་གྱི་དུས།
སྤྱི་ལོ2009ལོའི་ཟླ4བའི་ཚེས16ཉིན།
རོལ་རྩེད་ཀྱི་གཟུགས་བརྙན།
3D
1 ​ངོ་སྤྲོད།

ཡུན་བརྟན་མཆོད་རྟེན་ནི་ཁོ་རེ་ཡའི་དྲ་རྒྱའི་རོལ་རྩེད་ཀུང་ཟིNCsoftཡིས་བཟོས་པའི་རབས་དང་པོའི་སྒྱུ་འཕྲུལ་རང་བཞིན་གྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ།   ཁོ་རེ་ཡའིNCsoftཡིས་གསར་སྤེལ་བྱས་པའི་ཆེས་ལེགས་འགྲུབ་བྱུང་བའི་ཐོན་རྫས་ཤིག་ཀྱང་ཡིན།    རོལ་རྩེད་འདི་ནི་ཀྲུང་གོའི་འཁོར་སྐྱོད་ཚོང་གཉེར་གྱི་དྲ་རྒྱའི་རོལ་རྩེད་ཁྲོད་ཤོང་ཚད་ཆེས་ཆེ་བའི་རོལ་རྩེད་ཡིན་ཞིང་།   ཀྲུང་གོའི་གཟབ་རྒྱས་ཀུང་ཟིས་ནང་འདྲེན་བྱས་པའི་གཟུགས་བརྙན3Dཅན་གྱི་འཁྲབ་བྱའི་མི་སྣའི་སྒྱུ་འཕྲུལ་རང་བཞིན་གྱིMMORPGཡི་དྲ་རྒྱའི་རོལ་རྩེད་ཅིག་ཡིན།

2 རོལ་རྩེད་ཀྱི་ཁྱད་ཆོས།

1.སྔོན་ཐོན་གྱི་རོལ་རྩེད་མ་ལག་གིས་རྩེད་མོ་བ་ལ་རང་དགར་གྱིས་འཇིག་རྟེན་བསྒྱུར་བཅོས་བྱ་རུ་བཏང་ཆོག     རྩེད་མོ་བ་དང་རོལ་རྩེད་བར་གྱི་བྱ་འགུལ་གྱིས་རོལ་རྩེད་ཀྱི་ཁོར་ཡུག་བསྒྱུར་བཅོས་བྱ་བ་ཡིན་ལ།    རྩེད་མོ་བ་ལ་ཡང་དེའི་རྐྱེན་གྱིས་ལས་འགན་དང་བྱ་དགའ་ཐོབ་པ་ཡིན།    དེ་མ་ཟད་རྩེད་མོ་བས་རང་ལ་དབང་བའི་ས་འོག་གི་གྲོང་འཛུགས་སྐྲུན་བྱེད་ཆོག་པས།    འཇིག་རྟེན་གསར་བ་ཞིག་གསར་སྐྲུན་བྱས་ཆོག་པ་ཡིན།

2.PvP、PvE、RvRདངོས་ཡོད་ཀྱི་འཐབ་འཁྲུག་བྱ་ཆོག         རྩེད་མོ་བས་རོལ་རྩེད་ཁྲོད་ལྷའི་ཡུལ་དང་བདུད་ཡུལ་བར་ཛ་དྲག་གིPvP、PvE、RvRཡི་དངོས་ཡོད་ཀྱི་འཐབ་འཁྲུག་བྱ་ཆོག

3.ཧ་ཅང་གསལ་བའི་འཐབ་འཁྲུག་མ་ལག་དང་འགུལ་རིས་ཀྱི་ཁྱད་ཆོས་ལྡན་པ།    ཡུན་བརྟན་མཆོད་རྟེན་གྱིས་གཟུགས་བརྙན3Dཅན་བཀོལ་ནས་རི་མོ་སྒྲིག་བཟོ་བྱས་པ་དང་།  འཁྲབ་བྱའི་མི་སྣའི་སྒྱུ་འཕྲུལ་རང་བཞིན་གྱིMMORPGཡི་དྲ་རྒྱའི་རོལ་རྩེད་འདིས་རྩེད་མོ་བ་རྣམས་ལ་རྨི་ལམ་མངོན་འགྱུར་བྱུང་བ་ལྟ་བུའི་ཚོར་བ་སྟེར་བ་ཡིན།

4.འཛམ་གླིང་སྟེང་ཆེས་ལེགས་པའི་རོལ་རྩེད་ཀྱི་སྒྲིག་བཟོ་ལྡན་པ།     རོལ་རྩེད་ཁྲོད་དུས་ཚོད་ཀྱི་འགྱུར་ལྡོག་དང་ས་གནས་ཀྱི་དབང་གིས་ཁོར་ཡུག་བརྗེ་བ་ཡིན་ལ།   ལྗོངས་དངོས་དེ་དག་ནི་ཧ་ཅང་མཛེས་ཤིང་སྡུག་པ་ཡིན།    གཞན་བརྗོད་གཞི་མང་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་ཡིན།

3 མ་ལག་གི་ཁྱད་ཆོས།

1.གཞི་རྩའི་མ་ལག

⑴.ཁུག་མའི་མ་ལག

⑵.མཛོད་ཁང་གི་མ་ལག

⑶.དཔལ་འབྱོར་གྱི་མ་ལག

⑷.འཆི་བའི་མ་ལག

⑸.བསྐྱར་གསོན་གྱི་མ་ལག

⑹.སྒྲིག་བཟོ་དང་འཚོལ་བསྡུའི་མ་ལག

⑺.ཚོགས་པའི་མ་ལག

⑻.ལས་འགན་གྱི་མ་ལག

⑼.སྐྱེལ་བའི་མ་ལག

⑽.གཅེས་ནོར་སྲོག་ཆགས་བཅིབས་པའི་མ་ལག

⑾.དུས་ཚིགས་ནམ་ཟླའི་མ་ལག

2.མི་སྣ་བཞེངས་སྐྲུན།

3.འཕུར་སྐྱོད་ཀྱི་མ་ལག

4.DPགྲངས་ཀྱི་མ་ལག

5.གཟུགས་འགྱུར་གྱི་མ་ལག

6.ཁང་བའི་མ་ལག

7.ཕྱིའི་དབྱིབས་ཀྱི་འགྱུར་ལྡོག་གི་མ་ལག

8.གནས་གཞི་འཕྲོག་རྩོད།    གཞན་ད་དུང་དུས་ཀྱི་བར་སྟོང་གི་གས་སྲུབས་སོགས་མ་ལག་མང་པོ་ལྡན་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།