བྲོ་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྲོ་ཚོགས།
བྲོ་ཚོགས་ནི་ཁོ་རེ་ཡའིT3རོལ་རྩེད་ཀུང་ཟིས་གསར་སྤེལ་བྱས་པའི་ཞབས་བྲོའི་རིགས་ཀྱི་སྤྲོ་གསེང་གླུ་དབྱངས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ། རོལ་རྩེད་འདི་ལ་སྙིང་རྗེ་བའི་འགུལ་རིས་ཀྱི་མི་སྣའི་བཟོ་བཀོད་དང་བྲིས་རིས་འབུར་དུ་ཐོན་པའི་མི་སྣའི་འགུལ་སྟངས། དར་སྲོལ་ཆེ་བའི་རྒྱན་གོས་སོགས་མང་བ་འདི་དག་གིས་རྩེད་མོ་བའི་མིག་དབང་འཕྲོག་པ་ཡིན་ཞིང་། རྩེད་མོ་བས་རོལ་རྩེད་ཁྲོད་སྟོད་གོས་དང་རྐང་སྣམ། ལྷམ་སོགས་དངོས་པོ་མང་པོ་ཉོས་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མི་སྣ་བཞེངས་བསྐྲུན་བྱ་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
劲舞团
ཐོག་མའི་མིང་།
Audition Dance Battle Online(AU)
རོལ་རྩེད་ཀྱི་རིགས།
འཁྲབ་བྱའི་མི་སྣ་དང་སྤྲོ་གསེང་གི་རིགས།
གསར་སྤེལ་ཀུང་ཟི།
ཁོ་རེ་ཡའིT3རོལ་རྩེད་ཀུང་ཟི།
འགྲེམ་སྤེལ་ཀུང་ཟི།
ཅིའུ་ཡིའུ་དྲ་རྒྱ།
འགྲེམ་སྤེལ་གྱི་དུས།
སྤྱི་ལོ2005ལོའི་ཟླ5བའི་ཚེས12ཉིན།
རོལ་རྩེད་ཀྱི་གཟུགས་བརྙན།
3D
1 ངོ་སྤྲོད།

བྲོ་ཚོགས་ནི་ཁོ་རེ་ཡའིT3རོལ་རྩེད་ཀུང་ཟིས་གསར་སྤེལ་བྱས་པའི་ཞབས་བྲོའི་རིགས་ཀྱི་སྤྲོ་གསེང་གླུ་དབྱངས་ཀྱི་དྲ་རྒྱའི་རོལ་རྩེད་ཅིག་ཡིན་ལ།    རོལ་རྩེད་འདི་ལ་སྙིང་རྗེ་བའི་འགུལ་རིས་ཀྱི་མི་སྣའི་བཟོ་བཀོད་དང་བྲིས་རིས་འབུར་དུ་ཐོན་པའི་མི་སྣའི་འགུལ་སྟངས།    དར་སྲོལ་ཆེ་བའི་རྒྱན་གོས་སོགས་མང་བ་འདི་དག་གིས་རྩེད་མོ་བའི་མིག་དབང་འཕྲོག་པ་ཡིན་ཞིང་།    རྩེད་མོ་བས་རོལ་རྩེད་ཁྲོད་སྟོད་གོས་དང་རྐང་སྣམ།   ལྷམ་སོགས་དངོས་པོ་མང་པོ་ཉོས་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མི་སྣ་བཞེངས་བསྐྲུན་བྱ་ཆོག

2 རོལ་རྩེད་ཀྱི་ཁྱད་ཆོས།

1.ཁྱད་ཆོས་ཀྱིས་ཁེངས་པའི་སྙིང་རྗེ་བོ་དང་རིགས་མང་པོའི3Dམི་སྣའི་གཟུགས་དབྱིབས།

2.དབྱངས་འགྲོས་གཏན་ནས་མི་འདྲ་བའི་ཁྱད་ཆོས་ཅན་གྱི་གཞི་ཆེ་བའི་ཞབས་བྲོའི་རོལ་དབྱངས་ཀྱི་མཛོད།

3.ཡིད་དབང་འཕྲོག་པའི་དམིགས་དཀར་གྱིས་བརྒྱབ་པའི་བརྙན་རིས་ཀྱི་བྱེད་ནུས།

4.སྟབས་བདེ་ལས་སླ་པོའི་བཀོལ་སྤྱོད་ཀྱི་བྱེད་ཐབས།

5.མཛེས་སྡུག་ཉམས་དགའི་བརྙན་གཟུགས་དང་ཤུགས་དྲག་པའི་སྒྲའི་འདར་ཚད་གཉིས་ཀྱི་ཆེས་ལེགས་པའི་ཚན་སྡེབ།

6.ཕུན་སུམ་ཚོགས་པའི་ཁྱད་ཆོས་ཅན་གྱིNPC

7.ཕན་ཚུན་འཐབ་པའི་མ་ལག་གིས་ཕར་རྒོལ་དང་འགོག་སྲུང་གི་ལག་རྩལ་བཀོལ་སྤྱོད་བྱས་པ།

8.གླུ་དབྱངས་ཀྱི་མཚམས་ཚིགས་མི་འདྲ་བ་ལྟར་རང་དབང་གི་སྒོ་ནས་ཞབས་བྲོ་སྒྲིག་བཀོད་བྱ་བ།

9.ཕུན་སུམ་ཚོགས་པའི་རོལ་རྩེད་ཀྱི་གཟུགས་བརྙན་བཅས་ལྡན།

3 རོལ་རྩེད་ཀྱི་རྣམ་པ།

1.མི་སྒེར་གྱི་རྣམ་པ།    མི་སྒེར་གྱི་རྣམ་པ་ནི་མི་རང་རང་གིས་རང་ཉིད་ཀྱི་ཆེད་དུ་འགྲན་བསྡུར་བྱ་བ་ཡིན་ལ།   མཐར་མཇུག་སྐར་གྲངས་ཆེས་མཐོ་བའི་རྩེད་མོ་བ་ལ་འགྲན་སྐོར་འདིའི་ཨང་དང་པོ་ཐོབ་པ་ཡིན།

2.ཚོགས་པའི་རྣམ་པ།    ཚོགས་པའི་མ་ལག་ནི་རོལ་རྩེད་ཀྱི་འགྲན་བསྡུར་བྱེད་སའི་གནས་ཁྲོད་རྩེད་མོ་བ་ལ་ཁ་དོག་དམར་པོ་དང་ཁ་དོག་སྔོན་པོ་གཉིས་ཀྱི་རུ་ཁག་གཉིས་སུ་དབྱེ་ལ།    མི་གཉིས་ནས་གསུམ་གྱིས་ཚོགས་པ་གཅིག་གྲུབ་པ་དང་།    ཚོགས་པའི་སྤྱིའི་སྐར་གྲངས་མཐོ་བའི་རུ་ཁག་ལ་རྒྱལ་ཁ་ཐོབ་པ་ཡིན།    

3.མིང་གྲགས་ཆེ་བའི་མི་སྣ་ལ་འགྲན་བསྡུར་བྱ་བའི་རྣམ་པ།      མིང་གྲགས་ཆེ་བའི་མི་སྣ་ལ་འགྲན་བསྡུར་བྱ་བའི་རྣམ་པ་ནི་རྩེད་མོ་བ་ལྔས་མཉམ་འབྲེལ་བྱས་ནས་མཉམ་དུ་མིང་གྲགས་ཅན་གྱི་མི་སྣ་ལ་འགྲན་སློང་བའི་རྣམ་པ་ཞིག་ཡིན་ལ།    རྩེད་མོ་བ་ལྔ་བོ་འདིའི་སྤྱིའི་སྐར་གྲངས་ནི་མིང་གྲགས་ཅན་གྱི་མི་སྣ་ལས་མཐོ་ན་རྒྱལ་ཁ་ཐོབ་པ་ཡིན།   འདི་དག་ལས་གཞན་ད་དུང་ཞབས་བྲོའི་སྣེ་འཁྲིད་མཁན་གྱི་རྣམ་པ་སོགས་མང་པོ་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།