དབང་བོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབང་བོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས།
དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་དབང་པོ་སྐྱོན་ཅན་གྱི་མི་རྣམས་པའི་བྱ་གཞག་གོང་འཕེལ་གཏོང་བ་དང་། དབང་པོ་སྐྱོན་ཅན་འདྲ་མཉམ་ངང་ནས་སྤྱི་ཚོགས་ཀྱི་འཚོ་བའི་ནང་ལེགས་པར་ཞུགས་པ་དང་སྤྱི་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་འབྲས་བུ་ཐུན་མོང་དུ་ལོངས་སྤྱོད་ཐུབ་པར་འགན་སྲུང་བྱེད་ཆེད་དུ་རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国残疾人保障法
ཕྱི་ཡིག་གི་མིང་།
People with disabilities act of the Peoples Republic of China
བཅོས་ལོ།
སྤྱི་ལོ2008ལོའི་ཟླ4བའི་ཚེས24ཉིན།
ལག་བསྟར་བྱེད་དུས།
སྤྱི་ལོ2008ལོའི་ཟླ7བའི་ཚེས1ཉིན།
ཁོངས་གཏོགས།
ཁྲིམས་ལུགས།
དམིགས་ཡུལ།
དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ།
1 ཁྱབ་བསྒྲགས་དང་ལག་བསྟར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བོ་སྐྱོན་ཅན་འགན་སྲུང་བཅའ་ཁྲིམས》ནི་སྤྱི་ལོ2008ལོའི་ཟླ4བའི་ཚེས24ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་དག་བཅོས་བྱས།  ད་ལྟ་དག་བཅོས་བྱས་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བོ་སྐྱོན་ཅན་འགན་སྲུང་བཅའ་ཁྲིམས》ཁྱབ་བསྒྲགས་བྱས། སྤྱི་ལོ2008ལོའི་ཟླ7པའི་ཚེས1ཉིན་ལག་བསྟར་བྱས་པ་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ།

སྤྱི་ལོ2008ལོའི་ཟླ4བའི་ཚེས24ཉིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བོ་སྐྱོན་ཅན་འགན་སྲུང་བཅའ་ཁྲིམས།

2 ནང་དོན་རགས་བསྟུས།

དབང་བོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས།

དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་དབང་པོ་སྐྱོན་ཅན་གྱི་མི་རྣམས་པའི་བྱ་གཞག་གོང་འཕེལ་གཏོང་བ་དང་།     དབང་པོ་སྐྱོན་ཅན་འདྲ་མཉམ་ངང་ནས་སྤྱི་ཚོགས་ཀྱི་འཚོ་བའི་ནང་ལེགས་པར་ཞུགས་པ་དང་སྤྱི་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་འབྲས་བུ་ཐུན་མོང་དུ་ལོངས་སྤྱོད་ཐུབ་པར་འགན་སྲུང་བྱེད་ཆེད་དུ་རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་བཟོས་པ་ཡིན། 

དབང་བོ་སྐྱོན་ཅན་ཞེས་པ་ནི་སེམས་ཁམས་དང་།   ལུས་ཁམས།   གཟུགས་གཞི་ཆགས་ཚུལ་བཅས་མ་ལུས་ཕུང་གྲུབ་དང་དེའི་རྩོལ་ནུས་ག་གེ་མོར་ནུས་པ་ཤོར་བའམ་རྒྱུན་ལྡན་མིན་པ་ཆགས་སུ་བཅུག་སྟེ།   བྱེད་སྒོ་གང་ཞིག་སྤེལ་བར་ནུས་པ་ཡོངས་སུ་ཤོར་བའམ་ཆ་ཤས་ཙམ་ཤོར་བའི་མི་ལ་ཟེར།  

དབང་པོ་སྐྱོན་ཅན་གྱི་ཁོངས་སུ་མིག་དབང་སྐྱོན་ཅན་དང་།   རྣ་དབང་སྐྱོན་ཅན།   ངག་དབང་སྐྱོན་ཅན།   རྐང་ལག་སྐྱོན་ཅན།   རིག་པ་སྐྱོན་ཅན།   ཀླད་རྩ་སྐྱོན་ཅན།   དབང་པོར་སྐྱོན་མང་ལྡན་པའི་མི།   དབང་པོར་སྐྱོན་གཞན་དག་ལྡན་པའི་མི་བཅས་ཚུད་ཡོད།  

ཆབ་སྲིད་དང་དཔལ་འབྱོར།   རིག་གནས།   སྤྱི་ཚོགས།   ཁྱིམ་ཚང་གི་འཚོ་བ་ལ་སོགས་པའི་ཐད་ལ་དབང་པོ་སྐྱོན་ཅན་རྣམས་ཀྱིས་སྤྱི་དམངས་གཞན་དག་དང་འདྲ་མཉམ་ཡིན་པའི་ཁེ་དབང་ལོངས་སུ་སྤྱད་ཆོག 

དབང་པོ་སྐྱོན་ཅན་གྱི་སྤྱི་དམངས་ཀྱི་ཁེ་དབང་དང་མིའི་ཐོབ་ཐང་དང་ལ་རྒྱར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ། 

དབང་པོ་སྐྱོན་ཅན་ལ་ཁྱད་གསོད་བྱེད་མི་ཆོག    དབང་པོ་སྐྱོན་ཅན་ལ་དམའ་འབེབས་དང་གནོད་འཚེ་བཏང་མི་ཆོག    ཡིག་བྱང་དང་སྨྱན་སྦྱོར་གྱི་རྣམ་པ་བརྒྱུད་དེ་དབང་པོ་སྐྱོན་ཅན་གྱི་མི་གཤིས་ལ་དམའ་འབེབས་དང་གནོད་འཚེ་བཏང་མི་ཆོག 

སྤྱི་ཚོགས་ཡོངས་ནས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་།   བརྩི་འཇོག     སེམས་འཁུར།   རོགས་རམ་བཅས་བྱ་དགོས་པ་དང་།   དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་རྒྱབ་སྐྱོར་བྱ་དགོས། 

སྤྱི་ཚོགས་རྩ་འཛུགས་དང་མི་སྒེར་གྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་ཞལ་འདེབས་དང་ཞབས་ཞུ་འདོན་སྤྲོད་བྱེད་པར་རྒྱལ་ཁབ་ནས་བསྔགས་བརྗོད་དང་སྐུལ་སློང་བྱ་དགོས། 

རྒྱལ་ཁབ་ལས་ཁུངས་དང་།    སྤྱི་ཚོགས་ཚོགས་པ།   ཁེ་ལས་དང་བྱ་ལས་སྡེ་ཚན།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་བཅས་ཀྱིས་རང་ཁོངས་སུ་གཏོགས་པའི་དབང་པོ་སྐྱོན་ཅན་ཐད་ཀྱི་ལས་ཀ་ཡག་པོ་བསྒྲུབ་དགོས། 

དབང་པོ་སྐྱོན་ཅན་ཐད་ཀྱི་ལས་ཀ་བྱེད་མཁན་རྒྱལ་ཁབ་གཞུང་གི་ལས་བྱེད་པ་དང་དེ་མིན་མི་སྣ་གཞན་དག་གིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ཏེ་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས།

དབང་པོ་སྐྱོན་ཅན་འགན་སྲུང་བཅའ་ཁྲིམས་བསྡུས་བཀོད།

དོན་ཚན་ཞེ་དྲུག་པ།    རྒྱལ་ཁབ་གཞུང་ནས་དབང་པོ་སྐྱོན་ཅན་ལ་སྤྱི་ཚོགས་ཀྱི་འགན་སྲུང་སྣ་ཚོགས་ལོངས་སུ་སྤྱོད་པའི་ཁེ་དབང་ཡོད་པའི་འགན་སྲུང་བྱ་རྒྱུ།

རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་བྱེད་ཐབས་སྤྱད་དེ་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་བཏང་སྟེ་དབང་པོ་སྐྱོན་ཅན་གྱི་འཚོ་བར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ།  

དོན་ཚན་ཞེ་བདུན་པ།    དབང་པོ་སྐྱོན་ཅན་དང་དེ་ཉིད་གནས་སའི་སྡེ་ཚན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་ཚོགས་ཀྱི་ཉེན་འགོག་ལེན་ནང་དུ་ཞུགས་དགོས།   

དབང་པོ་སྐྱོན་ཅན་གནས་སའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་དབང་པོ་སྐྱོན་ཅན་ཡོད་པའི་ཁྱིམ་ཚང་གིས་དབང་པོ་སྐྱོན་ཅན་རྣམས་སྤྱི་ཚོགས་ཀྱི་ཉེན་འགོག་འགན་ལེན་ནང་ཞུགས་པར་སྐུལ་མ་གཏོང་བ་དང་རོགས་རམ་བྱ་དགོས། 

འཚོ་བར་དཀའ་ངལ་དངོས་འབྲེལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་ཚོགས་ཀྱི་ཉེན་འགོག་འགན་ལེན་ཐད་ལ་ཁ་གསབ་བྱ་དགོས།  

དོན་ཚན་ཞེ་བརྒྱད་པ།    མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཐབས་ལམ་སྣ་མང་བརྒྱུད་དེ་འཚོ་བར་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་འཚོ་བ་དང་།    སློབ་གསོ།   སྡོད་ཁང་བཅས་ཀྱི་ཐད་ནས་རོགས་སྐྱོབ་བྱ་རྒྱུ་དང་སྤྱི་ཚོགས་ཀྱིས་ཡང་རོགས་སྐྱོབ་གཞན་དག་བྱ་རྒྱུ།  

འཚོ་རྟེན་དམའ་ཤོས་འགན་སྲུང་གི་ལྟ་སྐྱོང་བྱེད་བཞིན་ཡོད་ནའང་འཚོ་བར་སྔར་བཞིན་དཀའ་ལ་ཤིན་ཏུ་ཆེན་པོ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བྱེད་ཐབས་གཞན་དག་སྤྱད་དེ་དེའི་མ་མཐའི་འཚོ་བ་འགན་སྲུང་བྱ་དགོས། 

དབང་པོ་སྐྱོན་ཅན་དབུལ་ཕོངས་ཀྱི་མ་མཐའི་སྨན་བཅོས་དང་།   ལུས་གསོའི་ཞབས་ཞུ།   དགོས་ངེས་ཀྱི་རམ་འདེགས་ཡོ་བྱད་བཀོད་སྒྲིག་དང་བརྗེ་རེས་བཅས་ཀྱི་ཐད་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གཏན་འབེབས་ལྟར་རོགས་སྐྱོབ་བྱ་དགོས།  

འཚོ་བ་རང་རྐྱ་འཕེར་ནུས་ཤོར་བའི་དབང་པོ་སྐྱོན་ཅན་ལ་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གནས་ཚུལ་ལ་གཞིགས་ཏེ་ནད་གཡོག་གི་འགྲོ་གྲོན་ཐད་ཁ་གསབ་བྱ་དགོས། 

དོན་ཚན་ཞེ་དགུ་པ།     ངལ་རྩོལ་བྱེད་ནུས་མེད་པ་དང་།   གསོ་སྐྱོང་བྱེད་མཁན་མེད་པའམ་ཡང་ན་གསོ་སྐྱོང་བྱེད་མཁན་ལ་གསོ་སྐྱོང་བྱེད་ནུས་མེད་པ།  འཚོ་རྟེན་ཡོང་ཁུངས་མེད་པ་བཅས་ཡིན་པའི་དབང་པོ་སྐྱོན་ཅན་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གཏན་འབེབས་ལྟར་གསོ་སྐྱོང་བྱ་དགོས། 

སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་དབང་པོ་སྐྱོན་ཅན་གཉོར་གསོ་དང་གསོ་སྐྱོང་ལས་གཞི་གཉེར་བར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་དང་རོགས་སྐྱོར་བྱ་རྒྱུ།

དབང་པོ་སྐྱོན་ཅན་གཉོར་གསོ་དང་གསོ་སྐྱོང་ལས་གཉེར་སྡེ་ཁག་གི་ལས་བྱེད་མི་སྣས་དབང་པོ་སྐྱོན་ཅན་ལ་དམའ་འབེབས་དང་།   མནར་གཅོད།   འདོར་སྤྱུགས་བཅས་བྱས་མི་ཆོག   

དོན་ཚན་ལྔ་བཅུ་པ།    རྗོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་འདུག་པར་གནས་ཚུལ་དངོས་ལ་གཞིགས་ཏེ་སྟབས་བདེ་སྟེར་བ་དང་དམིགས་བསལ་བྱ་དགོས།   དབང་པོ་སྐྱོན་ཅན་ཡོ་བྱད་ཀྱི་གླ་ཆ་མི་ལེན་པར་བྱས་ཆོག  

ལོང་བས་གོ་ཆོད་འཛིན་ཡིག་བཟུང་སྟེ་གྲོང་ཁྱེར་ནང་ལོགས་ཀྱི་སྤྱི་སྤྱོད་རླངས་འཁོར་དང་།   གློག་འཁོར།   ས་འོག་ལྕགས་ལམ་འཁོར་ལོ།   སྒྲོལ་གྲུ་བཅས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་གླ་ཆ་མི་སྤྲོད་པར་བསྡད་ཆོག    ལོང་བའི་ཀློག་དེབ་སྦྲག་ཐོག་ནས་སྐུར་སྐབས་གླ་ཡོན་བསྡུ་མི་ཆོག 

གློག་འཕྲིན་དང་།   རྒྱང་བསྒྲགས།   བརྙན་འཕྲིན་བཅས་ཀྱི་ཞབས་ཞུ་སྒྲུབ་པའི་སྡེ་ཚན་གྱིས་ལོང་བ་དང་།   རྣ་དབང་སྐྱོན་ཅན།   ངག་དབང་སྐྱོན་ཅན་བཅས་ལ་གཟིགས་སྐྱོང་བྱེད་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ། 

མི་དམངས་སྲིད་གཞུང་རིམ་པ་ཁག་གིས་དབང་པོ་སྐྱོན་ཅན་ལ་ལྟ་རྟོག་དང་རོགས་སྐྱོར་གཞན་དག་བྱ་རྒྱུ་རིམ་བཞིན་ཁ་སྣོན་བྱ་དགོས།

དོན་ཚན་ང་གཅིག་པ།     སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་དབང་པོ་སྐྱོན་ཅན་གྱི་རྩ་འཛུགས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་གིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་ཞལ་འདེབས་རྒྱག་པ་དང་ཞབས་འདེགས་ཞུ་བའི་ཐབས་ལམ་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ་དང་།   དབང་པོ་སྐྱོན་ཅན་ལ་དམིགས་པའི་དཀར་པོ་དགེ་བའི་ལས་འཕེལ་རྒྱས་སུ་གཏོང་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས་པ་དང་།  དང་བླངས་པས་དབང་པོ་སྐྱོན་ཅན་ལ་རམ་འདེགས་བྱེད་པ་སོགས་པའི་སྤྱི་ཕན་བྱེད་སྒོ་སྤེལ་བ་བཅས་བྱ་དགོས། 

དོན་ཚན་ང་དགུ་པ།    དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བྱུང་ཚེ་དབང་པོ་སྐྱོན་ཅན་གྱི་རྩ་འཛུགས་ལ་ཞུ་གཏུག་བྱས་ཆོག    དབང་པོ་སྐྱོན་ཅན་གྱི་རྩ་འཛུགས་ཀྱིས་དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས་པ་དང་།   འབྲེལ་ཡོད་སྡེ་ཁག་དང་ཡང་ན་སྡེ་ཚན་ལ་རྩད་གཅོད་གཏོང་དགོས་པའི་བླང་བྱ་བཏོན་ཆོག   འབྲེལ་ཡོད་སྡེ་ཁག་དང་ཡང་ན་སྡེ་ཚན་གྱིས་ཁྲིམས་ལྟར་རྩད་གཅོད་གཏོང་རྒྱུ་མ་ཟད་དོན་རྐྱེན་གྱི་ལན་ཡང་ཁ་གསལ་དུ་འདེབས་དགོས། 

དབང་པོ་སྐྱོན་ཅན་གྱིས་ཞུ་གཏུག་བྱེད་པར་བརྟེན་ནས་རང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་སྐབས་རོགས་རམ་བྱ་དགོས་ཚེ་དབང་པོ་སྐྱོན་ཅན་གྱི་རྩ་འཛུགས་ཀྱིས་རྒྱབ་སྐྱོར་བྱ་དགོས།  དབང་པོ་སྐྱོན་ཅན་ཚོགས་པའི་ཁེ་ཕན་ལ་གནོད་འཚེ་ཐེབས་ཚེ།   དབང་པོ་སྐྱོན་ཅན་གྱི་རྩ་འཛུགས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་ཁྲིམས་ལྟར་རྩད་གཅོད་གཏོང་རོགས་ཞུ་དབང་ཡོད། 

དོན་ཚན་དྲུག་ཅུ་པ།    དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་ཚེ།   འབྲེལ་ཡོད་སྡེ་ཁག་ལ་ཁྲིམས་ལྟར་ཐག་གཅོད་བྱེད་རོགས་ཞུ་བའམ་ཡང་ན་ཁྲིམས་ལྟར་འདུམ་གཅོད་བྱེད་པའམ་འདུམ་གཅོད་བྱེད་པའི་རེ་བ་ཞུ་བའམ་ཡང་ན་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་པའི་དབང་ཆ་ཡོད།  

དཔལ་འབྱོར་ཐད་དཀའ་ཁག་ཡོད་པའམ་ཡང་ན་རྒྱུ་རྐྱེན་གཞན་པའི་རྐྱེན་གྱིས་བཅའ་ཁྲིམས་རོགས་སྐྱོར་རམ་ཁྲིམས་འཛིན་རོགས་སྐྱོར་གྱི་དགོས་མཁོ་དངོས་འབྲེལ་ཆེ་བའི་དབང་པོ་སྐྱོན་ཅན་ལ།   ས་གནས་དེ་གའི་བཅའ་ཁྲིམས་རོགས་སྐྱོར་གྱིས་རོགས་སྐྱོར་བྱེད་པའམ་མི་དམངས་ཁྲིམས་ཁང་གིས་རོགས་རམ་བྱས་ཏེ།   ཁྲིམས་ལྟར་དེར་བཅའ་ཁྲིམས་རོགས་སྐྱོར་རམ་ཁྲིམས་འཛིན་རོགས་སྐྱོར་བྱ་དགོས། 

དོན་ཚན་རེ་གཅིག་པ།    དབང་པོ་སྐྱོན་ཅན་གྱི་ཁེ་དབང་ལ་གནོད་འཚེ་བཏང་བ་ངོ་མ་ཡིན་ཚེ་གནས་ལུགས་ཞུ་འབུལ་དང་།  གྱོད་གཏུག    ཉེས་སྐྱོན་ཐེར་འདོན་བཅས་བྱེད་དུས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་རང་འགན་གཞན་དཀྲི་དང་།   གྱོད་དོན་ནར་འགྱངས།   འགོག་གནོན་བཅས་བྱས་ཏེ་རྩད་གཅོད་མི་གཏོང་བའམ།   ཡང་ན་གནས་ལུགས་ཞུ་འབུད་དང་།   གྱོད་གཏུག    ཉེས་སྐྱོན་ཐེར་འདོན་བཅས་བྱེད་མཁན་ལ་རྡུང་རྡེག་འཁོན་ལན་བསློགས་རིགས་བྱུང་ན།   དེ་ཉིད་གནས་སའི་སྡེ་ཚན་དང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་གོང་རིམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་པའི་འགན་འཁྲི་འཁུར་དགོས་པ་མ་ཟད།  ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་ཁག་འགན་འཁུར་དགོས་པའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས།  

རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་འགན་འཁྲི་མ་བསྒྲུབས་པ་དང་།   དབང་པོ་སྐྱོན་ཅན་གྱི་ཁེ་དབང་ལ་བཙན་གནོད་བཏང་བའི་བྱ་སྤྱོད་དུས་ཐོག་ཏུ་བཀག་འགོག་མ་བྱས་པའམ་ཡང་ན་གནོད་སྐྱོན་ཕོག་པའི་དབང་པོ་སྐྱོན་ཅན་ལ་དགོས་ངེས་ཀྱི་རོགས་རམ་མ་བྱས་པར་མཇུག་འབྲས་ཚབས་ཆེན་བྱུང་རིགས་ལ།   དེ་ཉིད་གནས་སའི་སྡེ་ཚན་ནམ་ཡང་ན་གོང་རིམ་ལས་ཁུངས་ཀྱིས་ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་ཁག་འགན་འཁུར་དགོས་པའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས། 

དོན་ཚན་རེ་གཉིས་པ།   བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ།   ཡིག་བྱང་དང་སྨྱན་སྦྱོར་བཅས་བརྒྱུད་དེ་དབང་པོ་སྐྱོན་ཅན་གྱི་མི་གཤིས་ལ་དམའ་འབེབས་དང་གནོད་འཚེ་བཏང་རིགས་ལ།    རིག་གནས་དང་རྒྱང་བསྒྲགས་གློག་བརྙན་འཕྲིན།    གསར་འགྱུར་པར་སྐྲུན་བཅས་སམ་ཡང་ན་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གཞན་དག་གིས་སོ་སོའི་འགན་དབང་ལྟར་ཡོ་བསྲང་བྱེད་པའི་འགན་འཁྲི་འཁུར་དགོས་པར་མ་ཟད།   ཁྲིམས་ལྟར་སྲིད་འཛིན་ཐོག་ནས་ཉེས་ཆད་ཀྱང་གཅོད་དགོས།  

དོན་ཚན་རེ་གསུམ་པ།    བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ།   འབྲེལ་ཡོད་སློབ་གསོ་སྡེ་ཁག་གིས་དབང་པོ་སྐྱོན་ཤོར་བའི་སློབ་མ་སློབ་གྲྭར་མི་བསྡུ་བའམ་ཡང་ན་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་བསྡུ་ལེན་གྱི་བླང་བྱའི་ལོགས་སུ་ཟུར་བཀོད་ཆ་རྐྱེན་བསྣན་ནས་དབང་པོ་སྐྱོན་ཤོར་སློབ་མ་སློབ་གྲྭར་ཞུགས་པར་བཀག་སྡོམ་བྱས་རིགས་ལ།   འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་པའི་འགན་འཁྲི་འཁུར་དགོས་པ་མ་ཟད།  ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་ཁག་འཁུར་དགོས་པའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས།  

དོན་ཚན་རེ་བཞི་པ།     བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ།   ལས་བཟོ་པ་བསྡུ་ལེན་དང་བཀོལ་སྤྱོད་སོགས་བྱེད་དུས་དབང་པོ་སྐྱོན་ཅན་ལ་ཁྱད་གསོད་བྱེད་པའི་རིགས་ལ།   འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་པའི་འགན་འཁྲི་འཁུར་དགོས་པར་མ་ཟད།   དབང་པོ་སྐྱོན་ཅན་ངལ་རྩོལ་པ་རང་གིས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག 

དོན་ཚན་རེ་ལྔ་པ།     བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ།  

གཉོར་གསོ་དང་གསོ་སྐྱོང་སྡེ་ཁག་དང་དེའི་ལས་བྱེད་མི་སྣས་དབང་པོ་སྐྱོན་ཅན་ལ་དམའ་འབེབས་དང་།  མནར་གཅོད།   འདོར་སྤྱུགས་བཅས་བྱས་རིགས་བྱུང་ན།   ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་ཐད་ཀར་ཁག་འགན་འཁུར་དགོས་པའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས།   བདེ་སྲུང་དོ་དམ་དང་འགལ་བའི་བྱ་སྤྱོད་ཚད་ལས་བརྒལ་བ་རྣམས་ལ་ཁྲིམས་ལྟར་སྲིད་འཛིན་ཉེས་ཆད་གཅོད་དགོས། 

དོན་ཚན་རེ་དྲུག་པ།    བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ།   འཛུགས་སྐྲུན་དངོས་པ་དང་།   བགྲོད་ལམ།   འགྲིམ་འགྲུལ་སྒྲིག་བཀོད་བཅས་གསར་སྐྲུན་དང་།   བཅོས་སྐྲུན།  རྒྱས་སྐྲུན་བཅས་བྱེད་སྐབས།  གེགས་མེད་སྒྲིག་བཀོད་ལས་གྲྭ་འཛུགས་སྐྲུན་ཐད་ཀྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་མི་མཐུན་པའམ་ཡང་ན་གེགས་མེད་སྒྲིག་བཀོད་དུས་ཐོག་ཏུ་ཞིག་གསོ་དང་སྲུང་སྐྱོང་མ་བྱས་པས་མཇུག་འབྲས་ཚབས་ཆེན་བྱུང་རིགས་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་བྱ་དགོས།

དོན་ཚན་རེ་བདུན་པ།    བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ།   དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་རིགས་བྱུང་ན།  བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་སྲིད་འཛིན་ཐོག་གི་ཉེས་ཆད་གཏན་ལ་ཕབ་ཡོད་ཚེ་གཏན་འབེབས་དེ་དང་བསྟུན་དགོས།   རྒྱུ་ནོར་གྱོང་གུད་བཟོས་པའམ་ཡང་ན་གནོད་སྐྱོན་གཞན་དག་བཏང་བ་ཡིན་ན།   ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས།   ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་འཁུར་དུ་འཇུག་དགོས།  

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།