གློག་ལས་སྡུད་འབྱུང་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་ལས་སྡུད་འབྱུང་ཚུལ།
གློག་རྒྱུན་དུང་འཁྱིལ་སྦུ་གུའི་ནང་དུ་ལྕགས་དབྱུག་ཅིག་གསབ་ན། ཁབ་འཁྱོག་དེ་བས་ཀྱང་མང་པོ་ཞིག་འདྲེན་ཐུབ། དེ་ལས་ལྕགས་སྙིང་གིས་དུང་འཁྱིལ་སྦུ་གུའི་སྡུད་ར་ཇེ་དྲག་ཏུ་གཏོང་ཐུབ་པ་གསལ་སྟོན་བྱས་པ་རེད། གློག་རྒྱུ་བའི་དུང་འཁྱིལ་སྦུ་གུ་དང་དེའི་ནང་གི་ལྕགས་སྙིང་ལས་གློག་སྡུད་ལྕགས(electromagnet)གྲུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电生磁
ཕྱི་ཡིག་གི་མིང་།
Electro magnetic
1 གློག་ལས་སྡུད་འབྱུང་ཚུལ།

000.000.png

ལོ་ངོ2000ལྷག་གི་ཡར་སྔོན་དུ། ང་ཚོའི་ཡབ་མོས་ཀྱིས་སྡུད་སྣང་ཚུལ་ཤེས་རྟོགས་བྱུང་བ་མ་ཟད། ཕྱོགས་སྟོན་འཁོར་ལོ་ཡང་གསར་གཏོད་བྱས་པ་རེད། དེས་མིའི་རིགས་ཀྱི་མཚོ་འགྲུལ་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་བཞག ང་ཚོས་གློག་སྣང་ཚུལ་འགའ་བསླབས་ཟིན། དེས་ན་གློག་སྣང་ཚུལ་དང་སྡུད་སྣང་ཚུལ་གྱི་བར་དུ་འབྲེལ་བ་ཅི་ཞིག་ཡོད་ཅེས་ན། ལོ་རྒྱུས་ཀྱི་སྟེང་དུ་དུས་ཡུན་རིང་བོ་ཞིག་ལ། མི་རྣམས་ཀྱིས་གློག་དང་སྡུད་གཉིས་ཀྱི་བར་དུ་ཕན་ཚུན་འབྲེལ་བ་མེད་པར་འདོད། དུས་རབས19བའི་དུས་མགོར་སླེབས་རྗེས། མཚན་ཉིད་རིག་པ་བ་དང་ཚན་རིག་པ་འགས་རང་བྱུང་སྣང་ཚུལ་སོ་སོའི་བར་ཕན་ཚུན་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཡུན་རིང་ལ་འཚོལ་དཔྱད་བྱས། 1820ལོར། ཏེན་མག་གི་དངོས་ལུགས་རིག་པ་བ་ཨེར་སི་ཐེད(oersted,1777—1851)ཀྱིས་སློབ་ཁང་དུ་དངོས་བཤེར་སྒྲུབ་སྐབས་སྟེས་དབང་གིས་འདྲེན་སྐུད་དུ་གློག་རྒྱུན་རྒྱུ་དུས། དེའི་འགྲམ་གྱི་སྡུད་ཁབ་ཡོ་འཁོར་བྱེད་པ་མཐོང་། བསམ་ཡུལ་ལས་འདས་པའི་སྣང་ཚུལ་དེར་ཨེར་སི་ཐེད་དགའ་སྣང་ཆེན་པོ་སྐྱེས་པས། ཁོས་མུ་མཐུད་དུ་དངོས་བཤེར་མང་པོ་བསྒྲུབས་པའི་མཐར། གློག་རྒྱུན་གྱི་མཐའ་སྐོར་དུ་སྡུད་ར་གནས་པ་བདེན་དཔང་བྱས་ཤིང་། ཁོ་ནི་འཛམ་གླིང་གི་གློག་དང་སྡུད་ཀྱི་འབྲེལ་བ་ཤེས་མཁན་དང་པོར་གྱུར།

2 གློག་རྒྱུ་དུང་འཁྱིལ་སྦུ་གུའི་སྡུད་ར།

གློག་ལས་སྡུད་འབྱུང་ཐུབ་པ་ཡིན་ན། ལག་ཁྱེར་གློག་ཞུ་རུ་གློག་རྒྱུ་ཚེ་ཁབ་གཟེར་གཅིག་ཀྱང་འདྲེན་མི་ཐུབ་པའི་རྒྱུ་མཚན་ཅི། དེ་ནི་དེའི་སྡུད་ར་ཧ་ཅང་ཞན་པའི་རྐྱེན་གྱིས་ཡིན། གལ་ཏེ་འདྲེན་སྐུད་དེ་ཟླུམ་མདོང་སྟེང་དུ་དཀྲིས་ནས། དུང་འཁྱིལ་སྦུ་གུ(solenoid)དཀྲིས་སྐུད(coil)ཀྱང་ཟེར།   འདྲེན་སྐུད་སོ་སོ་ལས་བྱུང་བའི་སྡུད་ར་རྩེག་སྣོན་བྱས་ན་སྡུད་ར་ཇེ་དྲག་ཏུ་འགྲོ་སྲིད།

3 གློག་སྡུད་ལྕགས།

གལ་ཏེ་གློག་རྒྱུན་དུང་འཁྱིལ་སྦུ་གུའི་ནང་དུ་ལྕགས་དབྱུག་ཅིག་གསབ་ན། ཁབ་འཁྱོག་དེ་བས་ཀྱང་མང་པོ་ཞིག་འདྲེན་ཐུབ། དེ་ལས་ལྕགས་སྙིང་གིས་དུང་འཁྱིལ་སྦུ་གུའི་སྡུད་ར་ཇེ་དྲག་ཏུ་གཏོང་ཐུབ་པ་གསལ་སྟོན་བྱས་པ་རེད། གློག་རྒྱུ་བའི་དུང་འཁྱིལ་སྦུ་གུ་དང་དེའི་ནང་གི་ལྕགས་སྙིང་ལས་གློག་སྡུད་ལྕགས(electromagnet)གྲུབ་པ་རེད། 

4 ཁ་ཕྱོགས།

;;;;;;‘’‘’‘’叫姐姐.png

ནར་དབྱིབས་སྡུད་གཟུགས་མཐའ་སྐོར་གྱི་གནས་མི་མཐུད་སར་སྡུད་ཁབ་ཆུང་ཆུང་གིས་ཁ་ཕྱོགས་མི་འདྲ་བ་བསྟན་ཡོད་པས། ནར་དབྱིབས་སྡུད་གཟུགས་ཀྱི་སྡུད་ར་ཅུང་རྙོག་འཛིང་ཡིན་པ་འདྲ། གཟུགས་སྣང་ལྡན་པའི་སྒོ་ནས་སྡུད་ར་ཞིབ་བརྗོད་བྱེད་པའི་ཆེད་དུ། དངོས་ལུགས་རིག་པའི་ཁྲོད་དུ། སྡུད་ཁབ་ཆུང་ཆུང་ཞི་འཇགས་སུ་གནས་སྐབས། བྱང་སྣེ་ཡིས་བསྟན་པའི་ཁ་ཕྱོགས་དེ་གནས་དེའི་སྡུད་རའི་ཁ་ཕྱོགས་ཡིན་པ་གཏན་ཁེལ་བྱས་ཡོད། གལ་ཏེ་སྡུད་གཟུགས་མཐའ་སྐོར་དུ་སྡུད་ཁབ་ཆུང་ཆུང་མང་པོ་བཞག་ན། སྡུད་ཁབ་ཆུང་ཆུང་དེ་དག་ལ་སྡུད་རས་བྱེད་ནུས་བཏོན་པའི་དབང་གིས་སྟར་སྒྲིག་བྱེད་སྲིད། དེ་ལྟར་བྱས་ན་ང་ཚོས་སྡུད་གཟུགས་མཐའ་སྐོར་གྱི་གནས་སོ་སོའི་སྡུད་རའི་ཁ་ཕྱོགས་རྟོགས་ཐུབ་པ་རེད།

5 སྡུད་ལྟོས་འབྱུང་ཐིག

非非是是.png

ང་ཚོས་སྡུད་རའི་ཁྲོད་དུ་སྡུད་ཁབ་ཆུང་ཆུང་གི་སྟར་སྒྲིག་གནས་ཚུལ་དེ་མདའ་མགོ་ཅན་གྱི་འཁྱོག་ཐིག་གིས་མཚོན་ན། སྟབས་བདེ་ཞིང་གཟུགས་སྣང་ལྡན་པའི་སྒོ་ནས་སྡུད་ར་ཞིབ་བརྗོད་བྱེད་ཐུབ་པ་རེད། འདི་ལྟ་བུའི་འཁྱོག་ཐིག་ལ་སྡུད་ལྟོས་འབྱུང་ཐིག(magnetic induction line)ཟེར།

6 ས་སྡུད་ར་བ།

ཆུ་སྙོམས་སུ་འཁོར་སྐྱོད་བྱེད་ཐུབ་པའི་སྡུད་ཁབ་ནི་ཕྱོགས་སྟོན་འཁོར་ལོ་ཡིན། སྡུད་ཁབ་ཆུང་ཆུང་འགའ་ཅོག་ཙེའི་སྟེང་དུ་བཞག་ན། ཁྱོད་ཀྱིས་དེ་དག་ཞི་འཇགས་སུ་གནས་སྐབས་ཁ་ཕྱོགས་གཅིག་པ་སྟེ། སྡུད་ཁབ་ཀྱི་སྣེNཡིས་ནམ་ཡང་བྱང་ཕྱོགས་སྟོན་པ་མཐོང་ཐུབ། འཛམ་གླིང་གི་གནས་གང་དུའང་དེ་བཞིན་ཡིན། དེས་སའི་གོ་ལའི་མཐའ་སྐོར་དུ་སྡུད་ར་སྟེ་ས་སྡུད་ར་བ(geomagnetic field)ཡོད་པ་གསལ་བོར་བསྟན་པ་རེད། 

7 སྡུད་འགྱུར།

དངོས་གཟུགས་ལ་ལར་སྡུད་གཟུགས་སམ་ཡང་ན་གློག་རྒྱུན་གྱི་བྱེད་ནུས་འོག་ཏུ་སྡུད་གཤིས་འཐོབ་ཐུབ། སྣང་ཚུལ་འདི་རིགས་ལ་སྡུད་འགྱུར(magnetization)ཟེར། དངོས་གཟུགས་མང་པོ་སྡུད་འགྱུར་བྱེད་སླ། དུས་ཚོད་འཁོར་ལོ་སྡུད་འགྱུར་བྱས་རྗེས། དུས་ཚོད་འཁོར་ལོའི་འགྲོས་ཚད་འཁྱོར་བ་དང་། ཚོན་ལྡན་བརྙན་འཕྲིན་འཕྲུལ་ཆས་ཀྱི་བརྙན་སྦུག་སྡུད་འགྱུར་བྱས་རྗེས། ཚོན་མདོག་ཤོར་སྲིད། འོན་ཀྱང་རྣོ་ཁབ་སྡུད་འགྱུར་བྱས་རྗེས། ཕྱོགས་སྟོན་འཁོར་ལོ་བཟོ་བར་བཀོལ་ཆོག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།