དཔལ་འབྱོར་ཁྱབ་ཁོངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔལ་འབྱོར་ཁྱབ་ཁོངས།
དཔལ་འབྱོར་ཁྱབ་ཁོངས(Economic Category)ཞེས་པའི་ཁྱབ་ཁོངས་ནི། མིའི་བསམ་པས་ཕྱི་སྣོད་ཀྱི་དངོས་པོའི་ཡོངས་ཁྱབ་ངང་གཤིས་མདོར་བསྡུས་དང་མངོན་མཚོན་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
经济范畴
ཕྱི་ཡིག་གི་མིང་།
Economic Category
གོ་དོན།
དཔལ་འབྱོར་གྱི་ངོ་བོའི་སྙིང་བསྡུས་དང་མངོན་མཚོན།
རང་བཞིན།
མི་རྣམས་ཀྱིས་དཔལ་འབྱོར་འབྲེལ་བར་རྗེས་དཔག་བྱས་ནས་བྱུང་བའི་དོན་སྤྱི།
1 ངོ་སྤྲོད།

དཔལ་འབྱོར་ཁྱབ་ཁོངས་ནི་དཔལ་འབྱོར་གྱི་ངོ་བོའི་སྙིང་བསྡུས་དང་མངོན་མཚོན་ཏེ། མི་རྣམས་ཀྱིས་དཔལ་འབྱོར་འབྲེལ་བའི་རྗེས་དཔག་གི་ཤེས་པ་ལས་གྲུབ་པའི་དོན་སྤྱི་ལ་བརྗོད། སྤྱི་ཚོགས་སོ་སོའི་ཐུན་མོང་དུ་སྤྱོད་པའི་དཔལ་འབྱོར་ཁྱབ་ཁོངས་ཏེ། དཔེར་ན་ཐོན་སྐྱེད་ནུས་ཤུགས་དང་དཔལ་འབྱོར་ཆོས་ཉིད། སྤྱི་ཚོགས་འགའ་དང་ཡང་ན་གཅིག་ཏུ་འཚམ་པའི་དམིགས་བསལ་གྱི་དཔལ་འབྱོར་ཁྱབ་ཁོངས་ཏེ། དཔེར་ན་རིན་ཐང་དང་རིན་ཐང་ལྷག་མ་ལྟ་བུ།

2 གཞུང་ལུགས་མཚོན་སྟངས།

དངོས་ཡོད་དཔལ་འབྱོར་འབྲེལ་བའི་གཞུང་ལུགས་མཚོན་སྟངས་ཡིན། དེ་ནི་སྤྱི་ཚོགས་གང་རུང་ཞིག་གི་ཐོན་སྐྱེད་འབྲེལ་བའི་ངོ་བོ་མཚོན་པའི་དོན་སྤྱི་ཡིན་ཞིང་། དངོས་ཡོད་ཀྱི་དཔལ་འབྱོར་འབྲེལ་བའི་ཁྲོད་དུ་རྟོགས་གཞིགས་བྱས་ནས་བྱུང་བ་ཞིག་ཡིན། མི་རྣམས་ཀྱིས་སྤྱི་ཚོགས་ལག་ལེན་ཁྲོད་དུ་ཐོབ་པའི་སྤྱི་ཚོགས་དཔལ་འབྱོར་སྣང་ཚུལ་དང་འབྲེལ་བའི་མངོན་སུམ་ཤེས་པ་དེ། ཚན་རིག་གི་རྟོགས་གཞིགས་བརྒྱུད་ནས་རྗེས་དཔག་གི་ཤེས་པའི་སྟེང་འཕེལ་བར་བརྟེན། དཔལ་འབྱོར་གྱི་ཁྱབ་ཁོངས་གྲུབ་པ་ཡིན། དཔལ་འབྱོར་ཁྱབ་ཁོངས་དེ་སྤྱིར་བཏང་གི་དཔལ་འབྱོར་གོ་དོན་དང་མི་འདྲ་སྟེ། རྗེས་མ་དེས་བྱེ་བྲག་གི་དཔལ་འབྱོར་སྣང་ཚུལ་ལམ་ཡང་ན་དཔལ་འབྱོར་བརྒྱུད་རིམ་གང་རུང་ཞིག་མཚོན་པ་དང་། དཔལ་འབྱོར་ཁྱབ་ཁོངས་ནི་མང་དུ་མངོན་པའི་དཔལ་འབྱོར་སྣང་ཚུལ་ལམ་དཔལ་འབྱོར་བརྒྱུད་རིམ་མཚོན་པ་ཞིག་ཡིན།

3 རིགས་དབྱེ།

དངོས་ཡོད་ཀྱི་དཔལ་འབྱོར་འབྲེལ་བ་དེ་རྣམ་ཀུན་ཏུ་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་འགྱུར་བ་དང་བསྟུན་ཏེ་འཕེལ་འགྱུར་འགྲོ་བཞིན་ཡོད་པས། དཔལ་འབྱོར་ཁྱབ་ཁོངས་ཉུང་ཤས་ཀྱིས་སྤྱིར་བཏང་གི་ཐོན་སྐྱེད་དཔལ་འབྱོར་ཁྱབ་ཁོངས་དེ་མཚོན་པར་བྱེད་པ་མ་གཏོགས། མང་ཆེ་ཤས་ནི་གཏན་ཏུ་གནས་ཐུབ་པ་ཞིག་མིན་པར། དེས་མཚོན་པར་བྱེད་པའི་ཐོན་སྐྱེད་འབྲེལ་བ་དང་མཚུངས་པར་འཕེལ་རྒྱས་དང་འགྱུར་ལྡོན་འགྲོ་བཞིན་ཡོད།

དེ་ལ་དབྱེ་ན།

(1) དུས་ཚོད་ཀྱི་ཁྱབ་ཁོངས་།

འོས་འཚམ་དུ་སྤྱོད་པའི་དུས་ཚོད་དང་ཁྱབ་ཁོངས་ལྟར་ན། དཔལ་འབྱོར་ཁྱབ་ཁོངས་དེ་རིགས་བཞི་རུ་དབྱེ་ཆོག་སྟེ།. ཀ། སྤྱི་ཚོགས་ཀྱི་རྣམ་པའི་ཆེས་སྤྱིར་བཏང་གི་དཔལ་འབྱོར་ཁྱབ་ཁོངས་སུ་གནས་བ། དཔེར་ན། ཐོན་སྐྱེད་དང་། བགོ་བཤའ། བརྗེ་རེས། འཛད་སྤྱོད་སོགས་ལྟ་བུ། ཁ། སྤྱི་ཚོགས་རྣམ་པ་རེ་འགའི་ཐུན་མོང་གི་དཔལ་འབྱོར་ཁྱབ་ཁོངས་སུ་གནས་པ། དཔེར་ན། ཚོང་ཟོང་། རིན་ཐང་། དངུལ་ལོར། ངལ་རྩོལ་ལྷག་མ་སོགས་ལྟ་བུ། ག སྤྱི་ཚོགས་རྣམ་པ་གང་རུང་ཞིག་གི་དམིགས་བསལ་གྱི་དཔལ་འབྱོར་གྱི་ཁྱབ་ཁོངས་སུ་གནས་པ། དཔེར་ན། མ་རྩ་དང་རིན་ཐང་ལྷག་མ་སོགས་ལྟ་བུ། ང་། སྤྱི་ཚོགས་རྣམ་པ་གང་རུང་ཞིག་གི་དམིགས་བསལ་གྱི་རིམ་པའི་དཔལ་འབྱོར་ཁྱབ་ཁོངས་སུ་གནས་པ། དཔེར་ན། རང་དབང་མ་རྩ་རིང་ལུགས་གྲལ་རིམ་གྱི་ཆ་སྙོམས་ཁེ་སྤོགས་སུ་གནས་པ་དང་། སྒེར་སྡེམ་མ་རྩ་རིང་ལུགས་ཀྱི་གྲལ་རིམ་གྱི་སྒེར་སྡེམ་ཁེ་སྤོགས་དང་། དངུལ་རྩའི་མ་གནས་སོགས་སུ་གནས་པ་ལྟ་བུ།

(2)ངོ་བོ་ངོས་འཛིན།

མི་རྣམས་ཀྱིས་དཔལ་འབྱོར་འཚོ་བའི་ཁྲོད་དཔལ་འབྱོར་སྣང་ཚུལ་དང་དཔལ་འབྱོར་བརྒྱུད་རིམ་གྱི་ངོ་བོ་ངོས་འཛིན་གྱི་ཟབ་ཚད་མི་འདྲ་བ་ལྟར་ན། དཔལ་འབྱོར་ཁྱབ་ཁོངས་དེ་རིགས་གཉིས་སུ་དབྱེ་ཆོག་སྟེ།

ཀ། དཔལ་འབྱོར་སྣང་ཚུལ་དང་དཔལ་འབྱོར་བརྒྱུད་རིམ་གྱི་ཕྱིའི་རྣམ་པའི་སྟེང་གི་འབྲེལ་བ་བརྒྱུད་ནས་དེའི་ངོ་བོའི་དཔལ་འབྱོར་ཁྱབ་ཁོངས་མཚོན་པ་ཞིག་སྟེ། དཔེར་ན། རིན་གོང་དང་ཁེ་སྤོགས་སོགས་ལྟ་བུ།

ཁ། དཔལ་འབྱོར་སྣང་ཚུལ་དང་དཔལ་འབྱོར་བརྒྱུད་རིམ་གྱི་ཕྱིའི་རྣམ་པའི་སྟེང་གི་འབྲེལ་བ་མ་བརྒྱུད་པར། སྔར་ལས་ཟབ་པའི་ནང་གནས་འབྲེལ་བ་དང་ངོ་བོའི་དཔལ་འབྱོར་ཁྱབ་ཁོངས་ཐད་ཀར་མཚོན་པ་ཞིག་སྟེ། དཔེར་ན་མ་རྩ་དང་ལྷག་མའི་རིན་ཐང་སོགས་ལྟ་བུ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-11

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།