དངོས་དཔང་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དངོས་དཔང་དཔལ་འབྱོར་རིག་པ།
དངོས་དཔང་དཔལ་འབྱོར་རིག་པ་ནི། ནུབ་ཕྱོགས་དཔལ་འབྱོར་རིག་པ་རུ་ནང་དོན་གྱི་ཞིབ་འཇུག་དང་དབྱེ་ཞིབ་བྱེད་ཐབས་ལྟར་ན་ཚད་ལྡན་དཔལ་འབྱོར་རིག་པ་དང་ལྟོས་པའི་ཡན་ལག་རིག་ཚན་ཞིག་ཡིན། དེ་ནི་ཞིབ་བརྗོད་དང་འགྲེལ་བ། སྔོན་དཔག་བཅས་པའི་དཔལ་འབྱོར་བྱ་སྤྱོད་ཀྱི་དཔལ་འབྱོར་གཞུང་ལུགས་ལ་ཟེར་བ་ཡིན་པས། དེ་ལ་ཞིབ་བརྗོད་དཔལ་འབྱོར་རིག་པ་ཡང་ཟེར་ཞིང་། དཔལ་འབྱོར་རིག་པའི་བཀོལ་སྤྱོད་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན། རྩ་དོན་ལྟར་ན། དངོས་དཔང་དཔལ་འབྱོར་རིག་པ་ནི་དམིགས་བསལ་གྱི་མི་ཆོས་འདུ་ཤེས་གང་རུང་ལས་ལོགས་སུ་གནས་པ་ཞིག་ཞིག་ཡིན་པ་དང་། རིན་ཐང་བརྡར་གཅོད་དང་འབྲེལ་བ་མེད་པར། དེས “ཅི་ཞིག་ཡིན་པ” དང “ལས་ཐུབ་བམ་མི་ཐུབ་པ” ལྟ་བུ་སོགས་ཀྱི་དངོས་ཡོད་ཀྱི་གནད་དོན་ལ་ལམ་སློག་པ་ཞིག་ཡིན། དེའི་འོས་འགན་ནི་སྤྱིར་བཏང་གི་གཞུང་ལུགས་མ་ལག་ཅིག་འདོན་སྤྲོད་བྱས་ནས། ཁོར་ཡུག་གི་འགྱུར་ལྡོག་གིས་མིའི་རིགས་ཀྱི་བྱ་སྤྱོད་ལ་ཐེབས་པའི་ཤན་ཤུགས་དང་འབྲེལ་བ་ཡོད་པ་དག་ལ་ཡང་དག་པའི་སྔོན་དཔག་བྱ་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
实证经济学
ཕྱི་ཡིག་གི་མིང་།
Positive Economics
ཁོངས་གཏོགས་རིག་ཚན།
དཔལ་འབྱོར་རིག་པ།
ངོ་བོ།
དཔལ་འབྱོར་རིག་པའི་བཀོལ་སྤྱོད་ཀྱི་ཐབས་ལམ་་གཙོ་བོ་ཞིག་ཡིན།
མིང་གཞན།
ཞིབ་བརྗོད་དཔལ་འབྱོར་རིག་པ།
1 ངོ་སྤྲོད།

མི་རྣམས་ཀྱིས་དཔལ་འབྱོར་རིག་པ་ཞིབ་འཇུག་བྱེད་དུས། ལྟ་སྟངས་དང་ཐབས་ལམ་རིགས་གཉིས་ཡོད་དེ། གལ་ཏེ་དཔལ་འབྱོར་གྱི་གནས་ཚུལ་ཅི་ཞིག་ཡིན་པ་ཁོ་ནར་རྟོག་ཞིབ་བྱེད་པ་ལས།  ཅིའི་ཕྱིར་འདི་ལྟ་བུ་ཞིག་ཡིན་དགོས་པ།  དེའི་འཕེལ་ཕྱོགས་གང་འདྲ་ཡིན་པ། དཔལ་འབྱོར་གྱི་སྣང་ཚུལ་ལ་བཟང་མིན། དེ་འདྲ་ཞིག་ཡིན་ན་འོས་མིན་སོགས་ཀྱི་གནད་དོན་ལ་གདེང་འཇོག་མི་བྱེད་པ་ཞིག་ཡིན་ཞིང་། རིགས་འདི་ལྟ་བུའི་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཐབས་ལ་དངོས་དཔང་དཔལ་འབྱོར་རིག་པ་ཟེར།

དངོས་དཔང་དཔལ་འབྱོར་རིག་པས་རིན་ཐང་བརྡར་གཅོད་ཡོད་ཚད་ལོགས་སུ་བསྐྱུར་ཏེ། དཔལ་འབྱོར་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་སྔོན་འགྲོའི་ཆ་རྐྱེད་ཡོད་པའི་དབང་དུ་བཏང་སྟེ། དངོས་ཡོད་དཔལ་འབྱོར་བྱ་དངོས་འཁོར་སྐྱོད་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པར་མ་ཟད། ཆོས་ཉིད་དེ་དག་གི་འོག་མི་རྣམས་ཀྱི་དཔལ་འབྱོར་བྱ་སྤྱོད་ཀྱི་མཇུག་འབྲས་ལ་དབྱེ་ཞིབ་དང་སྔོན་དཔག་བྱེད་ཀྱི་ཡོད་པ་ཞིག་ཡིན། དེས་ཅི་ཞིག་ཡིན་པ་ཞེས་པའི་གནད་དོན་གསལ་བཤད་བྱེད་པའི་ཕྱོགས་ལ་ནུས་པ་འདོན་གྱི་ཡོད་པ་དང་། ཡང་ན་གདམས་གསེས་ག་འདྲ་ཞིག་བྱས་ནས། མཇུག་འབྲས་ཇི་ལྟ་བུ་ཞིག་འབྱུང་བའི་གནད་དོན་ལ་ལན་འདོན་པ་ལས། གདམས་གསེས་གང་རུང་ཞིག་བྱེད་དགོས་མིན་གྱི་ཕྱོགས་ལ་ལན་འདེབས་ཀྱི་མེད། ཞིབ་འཇུག་གི་ནང་དོན་ལ་ཕྱི་རོལ་དོན་དངོས་ཀྱི་རང་བཞིན་ལྡན། དབྱིན་ཇིའི་དཔལ་འབྱོར་རིག་པ་བ་ནའེ་ཝེར་ཁའེ་ཨུན་སི་ཡིས1891 ལོར་ཆེས་ཐོག་མར “རིན་ཐང་ལྟར་བརྡར་ཤ་གཅོད་མིན” ཞེས་པ་རྟགས་མཚན་དུ་བྱས་ནས་དཔལ་འབྱོར་རིག་པ་དེ་དངོས་དཔང་དཔལ་འབྱོར་རིག་པ་དང་ཚད་ལྡན་དཔལ་འབྱོར་རིག་པ་བཅས་རིགས་གཉིས་སུ་དབྱེ་བ་ཡིན།  དུས་རབས 20བའི་ལོ་རབས 40 བའི་སྐབས་སུ་དངོས་སུ་བེད་སྤྱོད་བཏང་།

དཔལ་འབྱོར་རིག་པའི་དངོས་དཔང་ཅན་གྱི་འབུར་ཏུ་ཐོན་པའི་འཐུས་ཚབ་མི་སྣ་ནི། ཧྥ་རན་སིའི་སཱ་ཡེ་དང་དབྱིན་ཇིའི་ཞེའུ་ནའེ་ཨར་གཉིས་ཡིན་པ་དང་། དེའི་ཕྱོགས་ཀྱི་བརྩམས་ཆོས་གྲགས་ཅན་ལ། ཧྥུ་ལི་ཏཱི་མན(Milton Friedman)གྱི «དངོས་དཔང་དཔལ་འབྱོར་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས» ཞེས་པ་སོགས་ཡོད།

2 འབྲེལ་བ།

དངོས་དཔང་དཔལ་འབྱོར་རིག་པ་དང་ཚད་ལྡན་དཔལ་འབྱོར་རིག་པ་གཉིས་ནི་དེང་རབས་དཔལ་འབྱོར་རིག་པའི་ཡན་ལག་གཙོ་བོ་གཉིས་ཡིན་ལ། རིག་གཞུང་ཁྱབ་ཁོངས་སུ་ཞིབ་འཇུག་ཐབས་ལམ་མི་འདྲ་བའི་དབང་གིས་བྱུང་བའི་དཔལ་འབྱོར་རིག་པའི་རིགས་དགར་སྲོལ་ཞིག་ཡིན། ནུབ་ཕྱོགས་དཔལ་འབྱོར་གཏན་ཚིགས་རིག་པའི་འཕེལ་རྒྱས་ལས་ཤེས་ཐུབ་པ་ནི། དགར་སྲོལ་དེ་ནི་བཞེད་པ་གསར་བ་ཞིག་མ་ཡིན་པར། ཀྲུང་གོ་ནས་ཤུགས་རྐྱེན་གྱི་ཁྱབ་ཁོངས་ཇེ་ཆེར་ཕྱིན་པ་དེ་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་ཡིན་ལ། ཀྲུང་གོའི་ལོ་རབས་བརྒྱད་བཅུ་ནས་དགུ་བཅུ་བར་དར་ཆེ་བ་ནི་ཚད་ལྡན་དཔལ་འབྱོར་རིག་པ་ཡིན་ཀྱང་། དེང་སྐབས་འཕེལ་ཕྱོགས་གཙོ་བོའི་གོ་གནས་ཟིན་ཡོད་པ་ནི་དངོས་དཔང་དཔལ་འབྱོར་རིག་པ་ཡིན། དེ་གཉིས་ཀྱི་རྩོད་གཞི་ལ་ཀྲུང་གོ་ནས་ནུབ་ཕྱོགས་ལྟ་བུའི་ཛ་དྲག་གི་ཚད་དུ་ཐོན་མེད།

དངོས་དཔང་དཔལ་འབྱོར་རིག་པ་དང་ཚད་ལྡན་དཔལ་འབྱོར་རིག་པ་གཉིས་བར་གྱི་ཁྱད་པར་དེ། ནུབ་ཕྱོགས་གཏན་ཚིགས་རིག་པས་མངོན་སུམ་གྱི་ཤེས་པ་སྨྲ་བ་དང་རྗེས་དཔག་གི་ཤེས་པ་སྨྲ་བ་སྐོར་ལ་བཟུང་བའི་རྩོད་གཞི་ལ་བསྟུན་པ་རེད།

དངོས་དཔང་དཔལ་འབྱོར་རིག་པ་དང་ཚད་ལྡན་དཔལ་འབྱོར་རིག་པའི་ཁྱད་པར་དང་འབྲེལ་བར་ཕྱོགས་བསྡུས་ཤིག་བྱས་ན་དོན་ཚན་བཞི་ལ་འདུ་བ་སྟེ

(1) རིན་ཐང་བརྡར་ཤ་གཅོད་པ་ངེས་ཅན་ཞིག་གཞིར་བཟུང་བ་ཡིན་མིན།

(2)གནད་དོན་ཐག་གཅོད་མི་འདྲ་བ།

(3) དངོས་ཡོད་རང་བཞིན་ལྡན་མིན།

(4) དངོས་དཔང་དཔལ་འབྱོར་རིག་པ་དང་ཚད་ལྡན་དཔལ་འབྱོར་རིག་པ་གཉིས་མཐའ་གཅིག་ཏུ་འགལ་ཟླར་གྱུར་ཡོད་པ་ཞིག་མིན། མངོན་སུམ་གྱི་དཔལ་འབྱོར་དབྱེ་ཞིབ་ཁྲོད་ཐབས་དེ་གཉིས་དུས་རྒྱུན་མཉམ་བསྲེས་བྱས་ནས་སྤྱོད་བཞིན་ཡོད།

3 གཏན་ཚིགས་ཀྱིས་དབུལ་བ།

དངོས་དཔང་རིང་ལུགས་ཐབས་ལམ་སྨྲ་བའི་བསམ་བློའི་དཔལ་འབྱོར་རིག་པའི་ཉེར་སྤྱོད་ནི། ནུབ་ཕྱོགས་གཏན་ཚིགས་རིག་པའི་ཁྲོད་ཚན་རིག་དང་རིག་གནས་གཉིས་སོ་སོར་འབྱེད་པ་དང་། རྗེསདཔག་དང་གཏན་ཚིགས་ཀྱི་ལྟེ་སྙིང་བྱེད་ནུས་གཙོ་བོར་སྨྲ་བ།  དེ་ནས་ཚན་རིག་གི་རང་རྐྱ་འཕེར་བའི་གོ་གནས་དང་དམིགས་བསལ་གྱི་བྱེད་ནུས་འབུར་དུ་ཐོན་པའི་ཚན་རིག་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཡིན། ཡིན་ཡང་འདི་ལྟ་བུའི་དབྱེ་སྲོལ་གྱིས་དཔལ་འབྱོར་རིག་པའི་ཞིབ་འཇུག་དེ་རྗེས་དཔག་དབྱེ་ཞིབ་དང་གཏན་ཚིགས་སྟེང་འོས་འཚམ་མ་ཡིན་པར་ཚོད་བཀག་བྱས་ནས་རང་ཉིད་རེས་འཁོར་རིགས་སྒྲུབ་བྱས་པ་དང་། ཉམས་མྱོང་སྟེང་ཕན་ཚུན་འགལ་འཛིང་གི་མ་ལག་རྙོག་དྲ་ཅན་ཏུ་གྱུར་ཏུ་བཅུག་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དཔལ་འབྱོར་རིག་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-11

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།