དངུལ་རྩའི་ཚོང་ར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དངུལ་རྩའི་ཚོང་ར་རིག་པ།
དངུལ་རྩའི་ཚོང་ར་རིག་པ་ནི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་དངུལ་རྩའི་ཚོང་ར་ཆུང་ངུའི་འཁོར་སྐྱོད་ནང་རྐྱེན་དང་དེའི་གཙོ་གཞིའི་བྱ་སྤྱོད་རེ་རེར་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། དངུལ་རྩའི་ཚོང་ར་ནི་གཟུགས་ལྡན་ཚོང་ར་ཡིན་ལ། གཟུགས་མེད་ཚོང་ར་ཞིག་ཀྱང་ཡིན། དེའི་མཚུངས་སུ་ཚོང་རའི་མ་ལག་ཅིག་ཀྱང་ཡིན། དངུལ་རྩའི་ཚོང་ར་ནི་དེང་དུས་ཚོང་རའི་དཔལ་འབྱོར་མ་ལག་ཁྲོད་དུ་གཙོ་སྙིང་ཞིག་ཏུ་གྲུབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金融市场学
ཕྱི་ཡིག་གི་མིང་།
The financial markets
ཁྱད་ཆོས།
རིགས་སོ་སོའི་དངུལ་དཔང་། རིན་ལྡན་སྒོར་འཛིན།
ངོ་བོ།
དངུལ་རྩའི་བསྐྱར་བྱུང་ཐོན་རྫས།
1 དངུལ་རྩའི་ཚོང་ར།

དངུལ་རྩའི་ཚོང་ར་ནི་གཤམ་གྱི་རྒྱུ་ཆ་དེ་དག་གི་གྲུབ་པ་སྟེ།

(1) དངུལ་རྩའི་ཚོང་རའི་བྱེད་པོ། དེ་ནི་དངུལ་རྩའི་ཚོང་རའི་བརྗེ་རེས་བྱ་མཁན་དེ་ཡིན།

(2) དངུལ་རྩའི་ཚོང་རའི་ཡུལ། དེ་ནི་དངུལ་རྩའི་ཚོང་རའི་བརྗེ་རེས་བྱ་ཡུལ་དང་བརྗེ་རེས་ཀྱི་དམིགས་བྱའི་དངོས་པོ་ཡིན་པ་སྟེ། རྒྱུན་དུ་བཤད་ཀྱིན་པའི་དངུལ་རྩའི་ལག་ཆ་ལ་གོ།

(3) དངུལ་རྩའི་ཚོང་རའི་སྨྱན་སྦྱོར། དེ་ནི་དངུལ་རྩ་ཚོང་རའི་སྟེང་སྨྱན་སྦྱོར་ཏུ་བྱས་ནས། བརྗེ་རེས་བྱེད་དུ་འཇུག་པར་མ་ཟད། ངེས་གཏན་གྱི་གླ་དངུལ་ལེན་པ་དམིགས་ཡུལ་དུ་བཟུང་བའི་ལས་ཁུངས་དང་མི་སྒེར་ལ་ཟེར།

(4) དངུལ་རྩའི་ཚོང་རའི་རིན་གོང་། དེ་ནི་དངུལ་རྩའི་ལག་ཆ་མི་འདྲ་བར་རིན་གོང་མི་འདྲ་ཞིང་། དེ་དངུལ་རྩའི་ལག་ཆ་ཡི་དངོས་གནས་ཀྱི་ཐོབ་ཆ་དང་འབྲེལ་བ་དམ་པོ་ཡོད་པ་ཡིན། ཤུགས་རྐྱེན་ཐེབས་པའི་གྲུབ་ཆ་ཅུང་མང་ལ། ཅུང་རྙོག་འཛིང་ཆེ་བ་ཞིག་ཀྱང་ཡིན།

2 དངུལ་རྩའི་ཚོང་རའི་གྲུབ་ཆ།

(1)  དུས་ཡུན་ལྟར་དངུལ་ལོར་ཚོང་ར་དང་མ་རྩའི་ཚོང་ར་གཉིས་སུ་དབྱེ་ཡོད།

(2)གཏོང་སྤྲོད་བྱ་ཐབས་ལྟར་ལག་ཡོད་ཚོང་ཟོང་གི་ཚོང་ར་དང་དུས་བཅད་ཚོང་ཟོང་གི་ཚོང་ར། དུས་བཅད་ཁེ་དབང་གི་ཚོང་ར་བཅས་སུ་དབྱེ་ཡོད།

(3) དངུལ་འཛིན་གྱི་བརྗེ་རེས་བྱ་ཐབས་དང་ཐེངས་གྲངས་ལྟར་རིམ་པ་ཐོག་མའི་ཚོང་ར་དང་རིམ་པ་ཕྱི་མའི་ཚོང་ར་གཉིས་སུ་དབྱེ་ཡོད།

(4) ཚོང་མཐུན་དང་རིན་གོང་གཏན་འབེབས་བྱ་ཐབས་ལྟར་ཡོངས་ཁྱབ་ཚོང་ར་དང་རིན་དཔྱད་ཚོང་ར། ཡུལ་ཕྱིའི་ཚོང་ར། རིགས་བཞི་པའི་ཚོང་ར་བཅས་སུ་དབྱེ་ཡོད།

(5) དངུལ་རྩའི་ལག་ཆའི་ངོ་བོ་ལྟར་རྨང་གཞི་རྣམ་པའི་དངུལ་རྩའི་ཚོང་ར་དང་དངུལ་རྩའི་བསྐྱར་བྱུང་ཐོན་རྫས་ཀྱི་ཚོང་ར་གཉིས་སུ་ཡོད།

(6) བརྗེ་རེས་ཕྱོགས་གཉིས་ཀྱི་བར་ཐག་ལྟར་ས་ཕྱོགས་རང་བཞིན་ཅན་དང་རྒྱལ་ཡོངས་རང་བཞིན་ཅན། ས་ཁུལ་རང་བཞིན་ཅན། རྒྱལ་སྤྱི་རང་བཞིན་བཅས་ཀྱི་དངུལ་རྩའི་ཚོང་ར་བཅས་སུ་དབྱེ།

3 བྱེད་ནུས།

(1) གསོག་དངུལ་དེ་དངུལ་གཏོང་དུ་འགྱུར་བའི་བྱེད་ནུས་ལྡན་པ།

(2) སྤྱི་ཚོགས་དཔལ་འབྱོར་ཕན་བདེ་ལེགས་བཅོས་བྱེད་པའི་བྱེད་ནུས་ལྡན་པ།

(3) དངུལ་རྩའི་ལག་ཆ་མང་པོ་འདོན་སྤྲོད་བྱེད་པར་མ་ཟད། འཁོར་བསྐྱོད་ཇེ་མྱུར་དུ་བཏང་སྟེ། ཡུན་ཚད་འབྲིང་ཐུང་གི་མ་དངུལ་དེ་ཡུན་རིང་གི་མ་དངུལ་དུ་འགྱུར་བའི་བྱེད་ནུས་ལྡན་པ།

(4) དཔལ་འབྱོར་དངུལ་རྩའི་མ་ལག་གི་འགྲན་རྩོད་རང་བཞིན་དང་ལས་ཆོད་རང་བཞིན་མཐོར་འདེགས་གཏོང་བའི་བྱེད་ནུས་ལྡན་པ།

(5) དངུལ་རྩའི་བརྒྱུད་ཕྱོགས་སྣེ་འཁྲིད་ཀྱི་བྱེད་ནུས་ལྡན་པ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-10

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།