སྟར་རྐྱང་རིམ་སྒྲིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟར་རྐྱང་རིམ་སྒྲིག་ནི་བེད་སྤྱོད་བྱེད་པ་ཆེས་མང་པོའི་རིམ་སྒྲིག་བྱེད་ཐབས་ཤིག་ཡིན་ཏེ། གཞི་གྲངས་རེའུ་མིག་ནང་གི་གཞུང་སྟར་ག་གེ་མོ་ཞིག་གི་གཞི་གྲངས་ལ་འཕར་རིམ་དང་ཡང་ན་འབབ་རིམ་དུ་རིམ་སྒྲིག་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
单列排序
1 རིམ་སྒྲིག་བྱེད་སྟངས།

(1)སྔར་ཡོད་ཀྱི་ཡིག་ཆ་ཞིག་གི་ཁ་ཕྱེ་ནས་དཔེ་རིས1-1ལྟར། གཞི་གྲངས་ཞིབ་ཐོའི་ནང་་གི་སྡེ་ཚན་དྲ་མིག་གང་རུང་ཞིག་གདམ་དགོས།

1.jpg

དཔེ་རིས1-1

(2)བྱང་བུ“གཞི་གྲངས”ཞེས་པ་རུ་བརྗེས་ནས་དཔེ་རིས1-2ལྟར། “རིམ་སྒྲིག་དང་འཚག་འདེམས”ཞེས་པའི་ནང་གི“རིམ་སྒྲིག”ཅེས་པ་མཐེབ་གནོན 01.jpg ལ་ཆིག་རྡེབ་བྱེད་དགོས།

2.jpg

དཔེ་རིས1-2

(3)དཔེ་རིས1-3ལྟར། སྒེའུ་ཁུང“རིམ་སྒྲིག”ཅེས་པ་ཐོན་པ་དང་། དེ་ནས་སྡེབ་སྒྲིག་སྒྲོམ་བུ“སྟར”ཞེས་པའི་ནང་གི་མར་འགྲེམས་རེའུ་མིག“གནད་ཡིག་གཙོ་བོ”ཞེས་པའི་ནང་དུ་འདེམས་ཚན“འགྲོ་སོང”ཞེས་པ་གདམ་པ་དང་། སྡེབ་སྒྲིག་སྒྲོམ་བུ“རིམ་སྒྲིག་རྨང་གཞི”ཞེས་པའི་ནང་གི་མར་འགྲེམས་རེའུ་མིག་ནང་དུ་འདེམས་ཚན“གྲངས་ཐང”ཞེས་པ་བདམས་ནས། སྡེབ་སྒྲིག་སྒྲོམ་བུ“གོ་རིམ”ཞེས་པའི་ནང་གི་མར་འགྲེམས་རེའུ་མིག་དུ་འདེམས་ཚན“འཕར་རིམ”ཞེས་པ་གདམ་དགོས།

3.jpg

དཔེ་རིས1-3

(4)མཐེབ་གནོན 02.jpg “གཏན་འཁེལ”ལ་ཆིག་རྡེབ་བྱས་པས་ན་དཔེ་རིས1-4ལྟར། “འགྲོ་སོང”ཞེས་པའི་གཞུང་སྟར་ནང་གི་གཞི་གྲངསA-Zཡི་གོ་རིམ་ཇི་བཞིན་རིམ་སྒྲིག་བྱེད་པ་མ་ཟད། འཕྲེད་སོ་སོ་ནང་གི་གཞི་གྲངས་ལ་ཡང་ལྟོས་འཇོག་གི་འགྱུར་བ་བྱུང་ཡོད་པ་ཡིན།

4.jpg

དཔེ་རིས1-4


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-10

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།