སྤྱི་པའི་ལས་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་པའི་ལས་དོན།
སྤྱི་པའི་ལས་དོན་ནི་སྤྱི་པའི་ཞབས་ཞུའི་རྨང་གཞི་སྒྲིག་བཀོད་ལ་འགན་འཁུར་བ་དང་སྲུང་འཛིན་རྒྱུན་འཁྱོངས་ཀྱི་ལས་དོན་ལ་བྱ་བ་ཡིན། དེ་ཡང་སྤྱི་པའི་ལས་དོན་ནི་རང་བྱུང་སྒེར་སྡོམ་གྱི་མངའ་ཞབས་ཡིན་ཞིང་། དེ་ནི་སྲིད་གཞུང་གི་ཚོད་འཛིན་འོག་གནས་པའི་རྐྱེན་གྱིས་ཡིན་པ་དང་། གལ་ཏེ་སྒེར་གཉེར་ཚོང་ལས་ཡིན་པའི་དབང་དུ་བཏང་ན། སྲིད་འཛིན་ཁྲིམས་སྲོལ་གྱི་ལྟ་སྐུལ་བྱ་ཡུལ་ཡིན་ལ། སྤྱིར་བཏང་དུ་སྤྱི་པའི་ལས་དོན་ལ་གློག་ཤུགས་དང་ཆུ་འདོན་སྤྲོད། སྙིགས་རོ་ཐག་གཅོད། བཙོག་ཆུ་ཐག་གཅོད། འབར་རྫས་འདོན་སྤྲོད། འགྲིམ་འགྲུལ་སོགས་འདུ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
公共事业
ཕྱི་ཡིག་གི་མིང་།
Public utilities
1 ངོ་སྤྲོད།

རྒྱལ་ཁབ་ཅིག་གིས་སྤྱི་ཚོགས་ཧྲིལ་བོར་དོ་དམ་གྱི་ཐད་ནས་བལྟས་ན། དེ་ལ་ནང་གསེས་སུ་ཕྱོགས་གསུམ་ཡོད་དེ། སྲིད་འཛིན་དོ་དམ་དང་བཟོ་ཚོང་དོ་དམ། སྤྱི་པའི་ལས་དོན་དོ་དམ་བཅས་ཡིན། དེ་ཡང་སྲིད་འཛིན་དོ་དམ་ནི་རྒྱལ་ཁབ་ཀྱི་དབང་ཆ་ལག་བསྟར་ལས་ཁུངས་ཀྱི་བྱ་སྤྱོད་ཡིན་པ་དང་། དེ་ཡིས་སྲིད་གཞུང་གི་བསམ་འདུན་མཚོན་པ་ཡིན་ལ། དེ་ལ་བཙན་ཤེད་རང་བཞིན་ལྡན་པ་ཡིན། ཡང་བཟོ་ཚོང་དོ་དམ་ནི་ཁེ་ལས་རང་སྟེང་གི་ཁེ་ཕན་ལྟེ་བར་བྱས་པའི་དོ་དམ་རིགས་ཤིག་ཡིན་པ་དང་། དེ་ལ་དཔལ་འབྱོར་དམིགས་ཡུལ་གསལ་བོ་ཡོད་པ་ཡིན་ཞིང་། སྤྱི་པའི་ལས་དོན་ནི་དེ་གཉིས་ཀྱི་ཁ་གཏད་དུ་ཡོད་པ་ཡིན། གཞན་སྤྱི་པའི་ལས་དོན་ནི་རྒྱལ་ཁབ་ཀྱི་དུས་ཡུན་རིང་བོའི་ཁེ་ཕན་ལ་རག་ལས་པའི་ཁེ་བཟང་ཆུང་བའི་ལས་དོན་ཡིན་པ་དང་། འགྲན་རྩོད་ཧ་ཅང་ཛ་དྲག་མ་ཡིན་པ་དང་ཐོན་རྫས་འདོན་སྤྲོད་མ་འདང་བ་ཡིས་སྤྱི་ཚོགས་ཟང་ཟིང་དུ་གྱུར་བ། སྤྱི་ཚོགས་ལྟ་སྐུལ་མཁོ་བ་བཅས་ཡིན་ལ། ཕྱོགས་ཡོངས་ནས་བལྟས་ན། བྱེ་བྲག་གི་དམིགས་ཡུལ་ཡོད་པ་དང་། སྤྱི་ཚོགས་ཀྱི་ཆུ་ཚད་དང་སྤུས་ཚད་མཐོར་འདེགས་དམིགས་ཡུལ་དུ་བཟུང་བའི་རྩ་འཛུགས་སམ་སྡེ་ཁག་ཅིག་ཡིན།

2 རྣམ་པ།

ཀྲུང་གོའི་མིག་སྔར་གྱི་གནས་ཚུལ་དང་མ་འོངས་པའི་བཅོས་སྒྱུར་གྱི་འཕེལ་རིམ་ལ་གཞིགས་ན། རིག་གནས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། གྲོང་ཁྱེར་ཆུ་འདོན། ཁོར་ཡུག་སྲུང་སྐྱོབ། གྲོང་ཁྱེར་འགྲིམ་འགྲུལ་སོགས་ཀྱི་སྡེ་ཁག་གིས་དབང་བའི་ལམ་ལུགས་ཀྱི་རྣམ་པ་དང་རྩ་འཛུགས་ཀྱི་རྣམ་པ་མི་འདྲ་བའི་གནས་ཚུལ་འོག  རང་སྟེང་གི་ནུས་པ་བཏོན་པ་ཡིན་མོད། འོན་ཀྱང་འཕེལ་རིམ་མངོན་གསལ་བ་ཞིག་ཡོད་པ་ནི་རྒྱལ་ཁབ་སྒེར་སྡོམ་གྱི་ཞན་འགྱུར་དང་། ཁེ་ཕན་དམིགས་ཡུལ་གྱི་ཞན་འགྱུར། སྤྱི་ཚོགས་ཅན་གྱི་ཚད་རིམ་དྲག་ཏུ་ཕྱིན་པ། དོ་དམ་གྱི་རང་རྟོགས་རང་བཞིན་ཧ་ཅང་མངོན་གསལ་ཡིན་པ་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-09

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།