སྣེ་ཤན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྣེ་ཤན་པ།
སྣེ་ཤན་པ་ནི་གཙོ་བོ་རྒྱ་སྐད་ཀྱི་སྣེ་ཤན་པ་དང་ཕྱི་སྐད་ཀྱི་སྣེ་ཤན་པ་རིགས་གཉིས་སུ་བཀར་ཡོད་ཅིང་། བྱ་བ་གཙོ་བོ་ནི་ལྗོངས་རྒྱུ་པ་སྣེ་ཁྲིད་ནས་རི་ཆུ་ནགས་གསུམ་གྱི་མཛེས་ལྗོངས་ལ་མྱོང་རོལ་དང་། ལམ་བར་དུ་འབྱུང་སྲིད་པའི་གློ་བུར་བའི་དོན་རྐྱེན་ཐག་གཅོད་བྱ་དགོས་པར་མ་ཟད། ལྗོངས་རྒྱུ་པར་ཟ་འཐུང་དང་འདུག་གནས་སོགས་ཕྱོགས་གང་ཐད་ནས་རོགས་རམ་བྱ་བར་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
导游
ཕྱི་ཡིག་གི་མིང་།
Guide
1 ངོ་སྤྲོད།

སྣེ་ཤན་པ་ནི་གཙོ་བོ་རྒྱ་སྐད་ཀྱི་སྣེ་ཤན་པ་དང་ཕྱི་སྐད་ཀྱི་སྣེ་ཤན་པ་རིགས་གཉིས་སུ་བཀར་ཡོད་ཅིང་། བྱ་བ་གཙོ་བོ་ནི་ལྗོངས་རྒྱུ་པ་སྣེ་ཁྲིད་ནས་རི་ཆུ་ནགས་གསུམ་གྱི་མཛེས་ལྗོངས་ལ་མྱོང་རོལ་དང་། ལམ་བར་དུ་འབྱུང་སྲིད་པའི་གློ་བུར་བའི་དོན་རྐྱེན་ཐག་གཅོད་བྱ་དགོས་པར་མ་ཟད། ལྗོངས་རྒྱུ་པར་ཟ་འཐུང་དང་འདུག་གནས་སོགས་ཕྱོགས་གང་ཐད་ནས་རོགས་རམ་བྱ་བར་གོ་བ་ཡིན།

ཀྲུང་གོར་སྣེ་ཤན་པའི་ལས་རིགས་བྱེད་སྒོ་སྤེལ་འདོད་པ་དག་གིས་ངེས་པར་དུ་ཆོད་དོན་ལྟར། སྣེ་ཤན་པའི་ཐོབ་ཐང་མཚོན་བྱེད་ཀྱི་རྒྱུགས་གཞི་ལ་ཞུགས་དགོས་ཏེ། རྒྱུགས་འཕྲོད་པ་ཡིན་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྗོངས་རྒྱུ་སྲིདའཛིན་དོ་དམ་སྡེ་ཁག་གི་མངག་བཅོལ་ལྟར། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལྗོངས་རྒྱུ་སྲིད་འཛིན་སྡེ་ཁག་གིས་སྣེ་ཤན་པར་ཐོབ་ཐང་དཔང་རྟགས་གནང་བ་ཡིན།

2 ལས་འགན།

ལྗོངས་རྒྱུ་ཁང་དང་ལྗོངས་རྒྱུ་པའི་བར་གྱི་གན་རྒྱའི་ནང་དོན་ལྟར། སྣེ་ལེན་གྱི་འཆར་གཞི་བཀོད་སྒྲིག་དང་ལྗོངས་རྒྱུ་པ་ལྟ་སྐོར་ལྗོངས་རྒྱུ་ལ་འགྲོ་བར་རྩ་འཛུགས་བྱ་བ།

ལྗོངས་རྒྱུ་པར་སྣེ་ཁྲིད་དང་འགྲེལ་བཤད་ཀྱི་འགན་འཁུར་ནས། ཀྲུང་གོའི་རིག་གནས་དང་ལྗོངས་རྒྱུའི་ཐོན་ཁུངས་ངོ་སྤྲོད་བྱ་བ།

འབྲེལ་ཡོད་ལས་ཁུངས་ཀྱི་བཀོད་སྒྲིག་བྱས་པ་ནང་བཞིན་ལྗོངས་རྒྱུ་པའི་འགྲིམ་འགྲུལ་དང་ཞག་སྡོད་སོགས་ཀྱི་བྱ་བར་མཉམ་འབྲེལ་གྱིས། ལྗོངས་རྒྱུ་པའི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་བ།

ལྗོངས་རྒྱུ་པའི་དྲི་བར་ལན་ཡག་པོ་གདབ་པ་དང་ལམ་བར་དུ་འཕྲད་པའི་གནད་དོན་ཐག་གཅོད་ལ་རོགས་འདེགས་བྱ་བ།

ལྗོངས་རྒྱུ་པའི་བསམ་འཆར་དང་ཆ་རྐྱེན་སོགས་ཡར་ཞུ་བྱས་ནས་ལྗོངས་རྒྱུ་པའི་གྲོས་མོལ་གྱི་བྱ་འགུལ་བཀོད་སྒྲིག་ལ་རོགས་འདེགས་བྱ་བ།

3 ལས་རིགས་ཀུན་སྤྱོད།

སྣེ་ཤན་པའི་ལས་རིགས་ཀུན་སྤྱོད་ནི་ལས་རིགས་ཀུན་སྤྱོད་ཀྱི་རྣམ་པའི་མངོན་སྟངས་ཤིག་ཡིན་ལ། སྤྱིར་བཏང་དུ་སྣེ་ཤན་པའི་ལས་རིགས་ཀུན་སྤྱོད་ནི་སློབ་གསོ་སྤེལ་བའི་གོ་རིམ་ཁྲོད་ཀྱི་ཅུང་གཏན་འཇགས་ཀྱི་ཀུན་སྤྱོད་འདུ་ཤེས་དང་བྱ་སྤྱོད་ཚད་གཞི། ཀུན་སྤྱོད་སྤུས་ཚད་བཅས་ལ་གོ་བ་ཡིན། སླ་མོའི་སྒོ་ནས་བཤད་ན། དེ་ནི་སྣེ་ཤན་པ་ཡོངས་ཀྱི་སྣེ་ཤན་ལས་རིགས་ཀྱི་བྱ་འགུལ་ཁྲོད་བརྩི་སྲུང་བྱ་དགོས་པའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན།

སྣེ་ཤན་པའི་ལས་རིགས་ཀུན་སྤྱོད་ནི་གཙོ་བོ་སྣེ་ཤན་ལས་རིགས་ཀྱི་ཀུན་སྤྱོད་དང་སྣེ་ཤན་ལས་རིགས་ཀྱི་འགན་འཁུར། སྣེ་ཤན་ལས་རིགས་ཀྱི་རྣམ་འགྱུར། སྣེ་ཤན་ལས་རིགས་ཀྱི་སྒྲིག་ལམ། སྣེ་ཤན་ལས་རིགས་ཀྱི་ནུས་རྩལ། སྣེ་ཤན་ལས་རིགས་ཀྱི་སྙིང་རྗེ། སྣེ་ཤན་ལས་རིགས་ཀྱི་གཟེངས་རྟགས་བཅས་ཀྱིས་གྲུབ་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-09

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།