ཤིང་ཆ་ལས་སྣོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤིང་ཆ་ལས་སྣོན།
ཤིང་ཆ་ལས་སྣོན་ནི་ཤིང་ཆ་རྒྱུ་ཆ་བྱས་ནས་འཕྲུལ་ཆས་དང་རྫས་འགྱུར་གྱི་ཐབས་ལམ་སྤྱད་དེ། ལས་སྣོན་བྱས་པ་ལ་ཟེར་བ་ཡིན་ཞིང་། ཐོན་རྫས་ནི་སྔར་བཞིན་ཤིང་ཆའི་ངོ་བོར་གནས་པ་ཡིན། དེ་ཡང་ནགས་ཚལ་བཟོ་ལས་ཀྱི་ཁྲོད་དུ། ཤིང་ཆ་ལས་སྣོན་ལས་རིགས་དང་ནགས་ལས་ཐོན་རྫས་རྫས་འགྱུར་ལས་སྣོན་ནི་ནགས་ཚལ་གཅོད་འབྲེག་སྐྱེལ་འདྲེན་གྱི་རྒྱུན་མཐུད་བཟོ་ལས་ཡིན་ལ། ཤིང་ཆའི་ཐོན་ཁུངས་ཕྱོགས་བསྡུས་སྒོས་བེད་སྤྱོད་ཀྱི་སྡེ་ཁག་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
木材加工
ཕྱི་ཡིག་གི་མིང་།
wood processing
རྒྱུ་ཆ།
ཤིང་ཆ།
1 ངོ་སྤྲོད།

ཤིང་ཆ་ལས་སྣོན་ནི་ཤིང་ཆ་རྒྱུ་ཆ་བྱས་ནས་འཕྲུལ་ཆས་དང་རྫས་འགྱུར་གྱི་ཐབས་ལམ་སྤྱད་དེ། ལས་སྣོན་བྱས་པ་ལ་ཟེར་བ་ཡིན་ཞིང་། ཐོན་རྫས་ནི་སྔར་བཞིན་ཤིང་ཆའི་ངོ་བོར་གནས་པ་ཡིན། དེ་ཡང་ནགས་ཚལ་བཟོ་ལས་ཀྱི་ཁྲོད་དུ། ཤིང་ཆ་ལས་སྣོན་ལས་རིགས་དང་ནགས་ལས་ཐོན་རྫས་རྫས་འགྱུར་ལས་སྣོན་ནི་ནགས་ཚལ་གཅོད་འབྲེག་སྐྱེལ་འདྲེན་གྱི་རྒྱུན་མཐུད་བཟོ་ལས་ཡིན་ལ། ཤིང་ཆའི་ཐོན་ཁུངས་ཕྱོགས་བསྡུས་སྒོས་བེད་སྤྱོད་ཀྱི་སྡེ་ཁག་གལ་ཆེན་ཞིག་ཡིན།

2 ཁྱད་ཆོས།

ཤིང་ཆ་ལས་སྣོན་བཟོ་བཀོད་ལག་རྩལ་ལ་ཞིབ་འཇུག་གི་རིག་ཚན་ནི་ཤིང་ཆ་བཟོ་རྩལ་རིག་པ་ཡིན་ཞིང་། ཤིང་ཆ་རིག་པ་རྨང་གཞིར་བྱས་ནས། དངོས་ལུགས་རིག་པ་དང་རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ། འཕྲུལ་ཆས་བཟོ་སྐྲུན། ཚ་བཟོ་རིག་པ་སོགས་ཀྱི་ཁྱབ་ཁོངས་བེད་སྤྱོད་བྱས་པའི་གཞུང་ལུགས་དང་ཐབས་ལམ་ཡིན་པར་མ་ཟད།  ཆེད་ལས་སྣ་ཚོགས་སྐྱ་འཐབ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་ཚན་ཞིག་ཀྱང་ཡིན།

ཤིང་ཆ་ལ་ཡང་བ་དང་ལྡེམ་ཤུགས་ཡོད་པ། རྡབ་རྡེག་ཐུབ་པ། རླབས་རིས་ཕུན་སུམ་ཚོགས་པ། ཁ་དོག་རྣམ་པར་བཀྲ་བ། ལས་སྣོན་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན་ལ། གནའ་ནས་ད་ལྟའི་བར་དུ་ཀུན་གྱིས་རྒྱུ་ཆ་གལ་ཆེན་དུ་བརྩི་བ་ཡིན། ཡང་ཤིང་ཆ་ལས་སྣོན་ནི་ནུས་ཁུངས་ཟད་གྲོན་དམའ་བ་དང་འབག་བཙོག་ཉུང་བ། ཐོན་ཁུངས་ལ་བསྐྱར་སྐྱེས་ཀྱི་ཁྱད་ཆོས་ཡོད་པ་བཅས་ཀྱི་རྐྱེན་གྱིས། རྒྱལ་དམངས་དཔལ་འབྱོར་གྱི་ཁྲོད་དུ་ཡང་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། ད་ལྟའི་ཐོན་རྫས་ནི་ཤིང་ཆའི་ཐོག་མའི་ལས་སྣོན་ཐོན་རྫས་གློག་སྡོང་དང་སོལ་དོང་གི་འདེགས་ཤིང་། གདན་ཤིང་། ཤིང་ཆ་གཤགས་མ་སྣ་ཚོགས་ནས། རྒྱུ་ཆར་འོས་པའི་ཡང་བསྐྱར་ལས་སྣོན་གྱི་ཐོན་རྫས་ལ། དཔེར་ན། འཛུགས་སྐྲུན་ལྷུ་ལག་དང་ཁྱིམ་ཆས། རླངས་འཁོར། གྲུ་གཟིངས། རིག་གནས་དང་ལུས་རྩལ་མཁོ་ཆས་སོགས་ཤིང་རིགས་ཐོན་རྫས་སུ་འཕེལ་རྒྱས་བྱུང་བར་མ་ཟད། ཤིང་ཆའི་ཡང་བསྐྱར་ལས་སྣོན་གྱི་ཐོན་རྫས་སམ་མིས་བཟོས་ཤིང་ལེབ་དང་སྤྱིན་སྦྱར་ཤིང་ལེབ་སོགས་ཀྱིས་ཤིང་ཆ་བཟོ་ལས་ནི་བཟོ་ལས་མ་ལག་རྐྱང་མར་གྲུབ།

མེ་འགོག་རང་བཞིན་ཅུང་ཞན་པ་དང་རུལ་ནས་རྒྱུ་སྤུས་ཇེ་ཞན་དུ་འགྱུར་བ། འབུ་ཡིས་གནོད་སླ་བ་སོགས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-09

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།