ལྗོངས་རྒྱུའི་ལས་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྗོངས་རྒྱུའི་ལས་རིགས།
ལྗོངས་རྒྱུའི་ལས་རིགས་ལ་རྒྱལ་སྤྱིའི་ཐོག་ལྗོངས་རྒྱུའི་ཐོན་ལས་སུ་འབོད་པ་ཡིན་ལ། དེ་ནི་ལྗོངས་རྒྱུའི་ཐོན་ཁུངས་དང་སྒྲིག་བཀོད་བེད་སྤྱོད་བྱས་ནས། ཆེད་དུ་ལྗོངས་རྒྱུ་པ་སྣེ་ལེན་སོགས་ཀྱི་བྱ་བ་བསྒྲུབ་པ་དང་། འགྲིམ་འགྲུལ་དང་ལྟ་སྐོར། ཞག་སྡོད། ཟ་འཐུང་། ཉོ་འཚོང་། རིག་རྩལ་སོགས་ཚན་ཁག་དྲུག་གི་ཕྱོགས་བསྡུས་རང་བཞིན་གྱི་ལས་རིགས་ཤིག་ཡིན། དེ་ཡང་ལྗོངས་རྒྱུའི་ལས་སྒོ་ལ་གྲུབ་ཆ་གཙོ་བོ་གསུམ་ཡོད་དེ། ལྗོངས་རྒྱུའི་ལས་རིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། མགྲོན་ཁང་ལས་རིགས་བཅས་ཡིན་ཞིང་། དེ་དག་ནི་ལྗོངས་རྒྱུའི་ལས་རིགས་ཀྱི་སྲོག་ཤིང་ཆེན་པོ་གསུམ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
旅游业
ཁྱབ་ཁོངས།
ཐོན་ལས།
1 གྲུབ་ཆ།

ལྗོངས་རྒྱུའི་ཐོན་ཁུངས་ལ་རང་བྱུང་ཡུལ་ལྗོངས་དང་ལོ་རྒྱུས་གནའ་ཤུལ། གསར་བརྗེའི་ཤུལ་བཞག  འཛུགས་སྐྲུན་གྲུབ་འབྲས། མི་རིགས་གོམས་སྲོལ་སོགས་འདུ་བ་ཡིན་ལ། དེ་དག་ནི་ལྗོངས་རྒྱུའི་ལས་རིགས་ཀྱི་འགུག་ཤུགས་སུ་གྱུར་ཡོད།

ལྗོངས་རྒྱུའི་སྒྲིག་བཀོད་ལ་ལྗོངས་རྒྱུའི་འགྲིམ་འགྲུལ་སྒྲིག་བཀོད་དང་ལྗོངས་རྒྱུའི་ཞག་སྡོད་སྒྲིག་བཀོད། ལྗོངས་རྒྱུའི་ཟ་འཐུང་སྒྲིག་བཀོད། ལྗོངས་རྒྱུའི་རོལ་རྩེད་སྒྲིག་བཀོད་སོགས་འདུ་བ་ཡིན།

ལྗོངས་རྒྱུའི་ཞབས་ཞུ་ནི་ངལ་རྩོལ་དང་དོ་དམ་ཟུང་འབྲེལ་གྱི་སྒོ་ནས་ལྗོངས་རྒྱུའི་ལས་རིགས་གཉེར་བའི་སྣེ་ལེན་གྱི་ནུས་པ་ལ་གོ་བ་ཡིན།

2 དབྱེ་བ།

རྒྱལ་ནང་གི་ལྗོངས་རྒྱུ་པ་རྒྱལ་ནང་དུ་ལྗོངས་རྒྱུ་ལྟ་སྐོར་ལ་འགྲོ་བའི་བྱ་འགུལ་སྤེལ་བ།

རྒྱལ་ནང་གི་ལྗོངས་རྒྱུ་པ་ཕྱི་རྒྱལ་དུ་ལྗོངས་རྒྱུ་ལྟ་སྐོར་ལ་འགྲོ་བའི་བྱ་འགུལ་སྤེལ་བ།

ཕྱི་རྒྱལ་པ་རང་རྒྱལ་དུ་ལྗོངས་རྒྱུ་ལྟ་སྐོར་དུ་བསླེབས་པར་སྣེ་ལེན་བྱ་བ།

3 ཁྱད་ཆོས།

ལྗོངས་རྒྱུའི་ལས་རིགས་ཀྱི་གཞན་རྟེན་རང་བཞིན།

ལྗོངས་རྒྱུའི་ལས་རིགས་ཀྱི་ཕྱོགས་བསྡུས་རང་བཞིན།

ལྗོངས་རྒྱུའི་ལས་རིགས་ཀྱི་ཉམས་ཞན་རང་བཞིན།

ལྗོངས་རྒྱུའི་ལས་རིགས་ཀྱི་གཡོ་ཁྱོམ་རང་བཞིན།

ལྗོངས་རྒྱུའི་ལས་རིགས་ཀྱི་དུས་ཚིགས་རང་བཞིན།

ལྗོངས་རྒྱུའི་ལས་རིགས་ཀྱི་སྐུལ་ཁྲིད་རང་བཞིན།

ལྗོངས་རྒྱུའི་ལས་རིགས་ཀྱི་ཕྱི་འབྲེལ་རང་བཞིན།

ལྗོངས་རྒྱུའི་ལས་རིགས་ནི་མ་དངུལ་མཐུག་ཚད་དང་ངལ་རྩོལ་མཐུག་ཚད་ཀྱི་ཐོན་ལས་ཤིག་ཡིན།

4 གལ་ཆེན་རང་བཞིན།

ལྗོངས་རྒྱུའི་ལས་རིགས་ལ་རྒྱལ་སྤྱིའི་ལྗོངས་རྒྱུ་དང་རྒྱལ་ནང་ལྗོངས་རྒྱུ་རིགས་གཉིས་སུ་བཀར་ཡོད་ཅིང་། དེ་གཉིས་ནི་སྣེ་ལེན་གྱི་ཁ་གཏད་ཡུལ་མི་འདྲ་བའི་དབང་གིས་ཁྱད་པར་བྱུང་བ་ཡིན་མོད། འོན་ཀྱང་ངོ་བོ་དང་ནུས་པ་ནི་ཕལ་ཆེར་འདྲ་བ་ཡིན། དེ་ཡང་དཔལ་འབྱོར་འཕེལ་རྒྱས་རྒྱལ་ཁབ་ཀྱི་ལྗོངས་རྒྱུའི་ལས་རིགས་ནི། སྤྱིར་བཏང་དུ་རྒྱལ་ནང་གི་ལྗོངས་རྒྱུའི་ལས་རིགས་ལས་འགོ་བརྩམ་པ་ཡིན་ལ། རིམ་བཞིན་རྒྱལ་སྤྱིའི་ལྗོངས་རྒྱུའི་ལས་རིགས་སུ་འཕེལ་རྒྱས་བྱུང་བ་ཡིན། ཡང་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཁ་ཤས་ནི་དཔལ་འབྱོར་རྗེས་ལུས་ཡིན་པའི་རྐྱེན་གྱིས། དཔལ་འབྱོར་འཛུགས་སྐྲུན་གྱི་ཐད་ནས་ཕྱི་རྒྱལ་གྱི་དངུལ་ལོར་མཁོ་བ་དང་། མང་ཆེ་བ་ནི་རྒྱལ་སྤྱིའི་ལྗོངས་རྒྱུའི་ལས་རིགས་ནས་འགོ་བརྩམས་ཏེ་འཕེལ་རྒྱས་བྱུང་བ་ཡིན། གཞན་རྒྱལ་ནང་གི་ལྗོངས་རྒྱུའི་ལས་རིགས་དང་རྒྱལ་སྤྱིའི་ལྗོངས་རྒྱུའི་ལས་རིགས་གཉིས་ལ་འབྲེལ་བ་དམ་ཟབ་མཆིས་ཤིང་། འཆར་འགོད་གཅིག་གྱུར་དང་བཀོད་སྒྲིག་འོས་འཚམ། ཕན་ཚུན་ཡར་སྐུལ། ཕན་ཚུན་ཁ་གསབ་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-09

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།