རང་མོས་ལས་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་མོས་ལས་རིགས།
རང་མོས་ལས་རིགས་ནི་ཁེ་ལས་དང་ཀུང་སི་ཡི་ལམ་ལུགས་ཀྱི་ཁོངས་གཏོགས་ལས་རིང་དུ་བརྒལ་ནས། རང་ཉིད་ཀྱིས་རང་ཉིད་ལ་དོ་དམ་བྱ་བ་དང་སྒེར་གཉེར་གྱི་ལས་རིགས་རིགས་ཤིག་ཡིན། དཔེར་ན། ཁྲིམས་རྩོད་པ་དང་རང་མོས་རྩོམ་པ་པོ། སྒེར་ཚུགས་ཀྱི་འཁྲབ་སྟོན་པ། གཞས་པ་ལྟ་བུ། སྲང་ལམ་གྱི་ཚོང་བ་དག་ཀྱང་འདིའི་རིགས་སུ་གཏོགས་པ་ཡིན་ལ། དེ་དག་ལ་ཡང་རྩ་འཛུགས་ངེས་ཅན་ཞིག་ཡོད་པ་མ་ཡིན། རང་མོས་ལས་རིགས་ནི་བཅོས་སྒྱུར་སྒོ་འབྱེད་ནས་རིམ་བཞིན་འཕེལ་རྒྱས་བྱུང་ནས་གྲུབ་པ་ཡིན་ཞིང་། དེའི་ཡར་སྔོན་དུ་རང་མོས་ལས་རིགས་ཞེས་པ་ཞིག་ཡོད་པ་མ་ཡིན་ལ། རྒྱུ་མཚན་ནི་མི་ཡོངས་རྫོགས་ཁེ་ལས་ག་གེ་མོའམ་ལས་ཁུངས་ག་གེ་མོར་གཏོགས་པ་དང་། རྩ་འཛུགས་དང་བྲལ་བ་ནི་མི་ཉུང་ཤས་ཡིན། དེ་ཡང་རིག་སྟོབས་དང་ངལ་རྩོལ་གྱི་ནུས་ཤུགས་ཧ་ཅང་མཐོ་བའི་རིགས་ཡིན་ནའང་། སྒྲིག་ལམ་རྣམ་པ་སྣ་ཚོགས་ལས་ཐར་ཐབས་མེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自由职业
ཕྱི་ཡིག་གི་མིང་།
Free occupa
རྒྱུན་མཐོང་ལས་རིགས།
ཁྲིམས་རྩོད་པ་དང་རང་མོས་རྩོམ་པ་པོ།
1 ངོ་སྤྲོད།

རང་མོས་ལས་རིགས་ནི་ཁེ་ལས་དང་ཀུང་སི་ཡི་ལམ་ལུགས་ཀྱི་ཁོངས་གཏོགས་ལས་རིང་དུ་བརྒལ་ནས། རང་ཉིད་ཀྱིས་རང་ཉིད་ལ་དོ་དམ་བྱ་བ་དང་སྒེར་གཉེར་གྱི་ལས་རིགས་རིགས་ཤིག་ཡིན། དཔེར་ན། ཁྲིམས་རྩོད་པ་དང་རང་མོས་རྩོམ་པ་པོ། སྒེར་ཚུགས་ཀྱི་འཁྲབ་སྟོན་པ། གཞས་པ་ལྟ་བུ། སྲང་ལམ་གྱི་ཚོང་བ་དག་ཀྱང་འདིའི་རིགས་སུ་གཏོགས་པ་ཡིན་ལ། དེ་དག་ལ་ཡང་རྩ་འཛུགས་ངེས་ཅན་ཞིག་ཡོད་པ་མ་ཡིན།

རང་མོས་ལས་རིགས་ནི་བཅོས་སྒྱུར་སྒོ་འབྱེད་ནས་རིམ་བཞིན་འཕེལ་རྒྱས་བྱུང་ནས་གྲུབ་པ་ཡིན་ཞིང་། དེའི་ཡར་སྔོན་དུ་རང་མོས་ལས་རིགས་ཞེས་པ་ཞིག་ཡོད་པ་མ་ཡིན་ལ། རྒྱུ་མཚན་ནི་མི་ཡོངས་རྫོགས་ཁེ་ལས་ག་གེ་མོའམ་ལས་ཁུངས་ག་མོར་གཏོགས་པ་དང་། རྩ་འཛུགས་དང་བྲལ་བ་ནི་མི་ཉུང་ཤས་ཡིན། དེ་ཡང་རིག་སྟོབས་དང་ངལ་རྩོལ་གྱི་ནུས་ཤུགས་ཧ་ཅང་མཐོ་བའི་རིགས་ཡིན་ནའང་། སྒྲིག་ལམ་རྣམ་པ་སྣ་ཚོགས་ལས་ཐར་ཐབས་མེད་པ་ཡིན།

རྩོམ་པ་པོ་གང་ཞིག་གིས་རྩོམ་ཞིག་བྲི་བ་ཡིན་ནའང་། འགོ་ཁྲིད་ཀྱི་བསམ་འདུན་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་ཀྱི་བཀག་རྒྱ་ལས་ཐར་ཐུབ་པ་མ་ཡིན་ཞིང་། དེ་དུས་ཁྲིམས་རྩོད་པའི་ལས་རིགས་ཀྱང་རྩ་མེད་དུ་བཟོས་པ་ཡིན། ཡིན་ཡང་བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ་ལས་རིགས་སྣ་ཚོགས་དར་རྒྱས་བྱུང་བ་དང་ཕྱོགས་སོ་སོའི་མི་སྣ་དག་ལྷང་ལ་བུད་པ་ཡིས། མི་རྣམས་ནི་བདེ་འཇགས་ཡིན་ཡང་བྲོ་བས་དབེན་པའི་སྔོན་ཆད་ཀྱི་འཚོ་བས་ཡིད་མ་ཚིམས་པར། དཔལ་འབྱོར་དང་རིག་གནས་ཀྱི་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་ཁ་ཤས་ཀྱིས་སྒེར་ཚུགས་ཀྱི་བསམ་བློ་མངོན་པ་ཡིན། དེ་བས་རང་མོས་ལས་རིགས་ལ་ཡང་བསྐྱར་ཚེ་སྲོག་གི་གསོན་ཤུགས་རྒྱས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-09

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།