འདོན་འཇུག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདོན་འཇུག་པ།
འདོན་འཇུག་པ་ནི་དབོར་འདྲེན་པའམ་དངོས་པོ་རླངས་འཁོར་ལ་སོགས་པའི་ནང་དུ་བརྩིགས་ནས་དབོར་བ་དང་། རླངས་འཁོར་ལ་སོགས་པ་ལས་འབོགས་མཁན་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
装卸工
ཕྱི་ཡིག་གི་མིང་།
stower
1 ངོ་སྤྲོད།

འདོན་འཇུག་པ་ནི་དབོར་འདྲེན་པའམ་དངོས་པོ་རླངས་འཁོར་ལ་སོགས་པའི་ནང་དུ་བརྩིགས་ནས་དབོར་བ་དང་། རླངས་འཁོར་ལ་སོགས་པ་ལས་འབོགས་མཁན་ལ་གོ་བ་ཡིན།

2 ལས་འགན།

གོང་རིམ་གྱིས་བཤད་པ་ལ་ཉན་དགོས་པར་མ་ཟད། ཀུང་སིའི་སྒྲིག་ལམ་སྣ་ཚོགས་བརྩི་སྲུང་ལེགས་པོ་བྱ་དགོས།

དངོས་པོ་རླངས་འཁོར་ལ་སོགས་པའི་ནང་དུ་བརྩིག་པ་དང་ཕོགས་པའི་འགན་འཁུར་དགོས།

ཚད་ལས་བརྒལ་བའི་འདོན་འཇུག་ཁས་མི་ལེན་པའི་དབང་ཆ་ཡོད།

འདོན་འཇུག་གི་འདུ་ཤེས་ལ་ཤུགས་བསྣན་ནས། འདོན་འཇུག་གི་སྐབས་སུ་དོན་རྐྱེན་མི་འབྱུང་བ་བྱ་དགོས།

འདོན་འཇུག་པ་ཡི་བྱ་བའི་སྤུས་ཚད་མཐོ་རུ་བཏང་བ་ལ་བརྟེན་ནས། དངོས་པོ་ལ་ཆག་སྐྱོན་མི་འབྱུང་བར་ཁག་ཐེག་བྱ་དགོས།

རང་ཉིད་ཀྱི་ལས་ཀར་ཕྱོགས་ཡོངས་ནས་འགན་འཁུར་དགོས།

འདོན་འཇུག་གི་སྐབས་སུ་དངོས་པ་ལ་ཆག་སྐྱོན་བྱུང་བ་ཡིན་ན། དེ་མཐུན་གྱི་སྐྱིན་ཚབ་གཞལ་དགོས།

འདོན་འཇུག་པ་ཡི་འདོན་འཇུག་སྒྲིག་ལམ་དང་འགལ་བའི་སྤྱོད་པ་སྔོན་འགོག་བྱ་དགོས།

3 ཆ་རྐྱེན།

ལུས་ཕུང་བདེ་ཐང་ཡིན་དགོས།

བྱ་བའི་འགན་སེམས་ལྕི་མོ་ཡོད་དགོས།

ལས་གྲོགས་དང་མཉམ་འབྲེལ་གྱི་སེམས་ཡོད་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-09

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།