འདེབས་འཛུགས་ལས་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདེབས་འཛུགས་ལས་རིགས།
རྩི་ཤིང་འདེབས་གསོའི་ལས་རིགས་ནི་ལོ་ཏོག་སྣ་ཚོགས་དང་རྩི་ཤིང་རང་བཞིན་གྱི་ཐོན་རྫས་འདེབས་གསོ་ཡི་ཞིང་ལས་ཐོན་སྐྱེད་སྡེ་ཁག་ལ་བྱ་བ་ཡིན་ཞིང་། དེ་ནི་ཞིང་ལས་ཀྱི་གྲུབ་ཆ་གཙོ་བོའི་གྲས་ཀྱི་གཅིག་ཡིན་ལ། རྩི་ཤིང་གི་འཚོ་བའི་ནུས་རྩལ་བེད་སྤྱད་ནས། མིས་གསོ་སྐྱོང་བྱས་པ་བརྒྱུད་འབྲུ་རིགས་དང་ཞོར་ཟས། གསོ་ཆས། བཟོ་ལས་རྒྱུ་ཆ་བཅས་ལེན་པའི་སྤྱི་ཚོགས་ཐོན་སྐྱེད་སྡེ་ཁག་ལ་གོ་བ་ཡིན་ལ། དེ་ལ་ལོ་ཏོག་རིགས་སྣ་ཚོགས་དང་ནགས་ཤིང་། སིལ་སྡོང་། རྩྭ་སྨན་སོགས་རྩི་ཤིང་གི་འདེབས་གསོ་འདུ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
种植业
མིང་ཆ་ཚང་།
རྩི་ཤིང་འདེབས་གསོའི་ལས་རིགས།
རིགས་དབྱེ།
ཞིང་ལས།
ཁོངས་གཏོགས།
འབྲུ་རིགས་དང་སྲིང་བལ། སྣུམ། ཀ་ར། ཏིལ་སོགས།
ཁྱབ་ཡུལ།
ལྷོ་ཕྱོགས་ནི་ཆུ་ཞིང་གཙོ་བོར་འཛིན་པ་དང་བྱང་ཕྱོགས་ནི་སྐེམ་ཞིང་གཙོ་བོར་འཛིན་པ།
1 ངོ་སྤྲོད།

རྩི་ཤིང་འདེབས་གསོའི་ལས་རིགས་ནི་ལོ་ཏོག་སྣ་ཚོགས་དང་རྩི་ཤིང་རང་བཞིན་གྱི་ཐོན་རྫས་འདེབས་གསོ་ཡི་ཞིང་ལས་ཐོན་སྐྱེད་སྡེ་ཁག་ལ་བྱ་བ་ཡིན་ཞིང་། དེ་ནི་ཞིང་ལས་ཀྱི་གྲུབ་ཆ་གཙོ་བོའི་གྲས་ཀྱི་གཅིག་ཡིན་ལ། རྩི་ཤིང་གི་འཚོ་བའི་ནུས་རྩལ་བེད་སྤྱད་ནས། མིས་གསོ་སྐྱོང་བྱས་པ་བརྒྱུད་འབྲུ་རིགས་དང་ཞོར་ཟས། གསོ་ཆས། བཟོ་ལས་རྒྱུ་ཆ་བཅས་ལེན་པའི་སྤྱི་ཚོགས་ཐོན་སྐྱེད་སྡེ་ཁག་ལ་གོ་བ་ཡིན་ལ། དེ་ལ་ལོ་ཏོག་རིགས་སྣ་ཚོགས་དང་ནགས་ཤིང་། སིལ་སྡོང་། རྩྭ་སྨན་སོགས་རྩི་ཤིང་གི་འདེབས་གསོ་འདུ་བ་ཡིན།

2 འཕེལ་རིམ།

འདེབས་འཛུགས་ལས་རིགས་ནི་རྡོ་ཆས་གསར་མའི་དུས་སྐབས་སམ་གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་བྱུང་བ་ཡིན་ལ། དུས་ཡུན་ལོ་ངོ་ས་ཡ2རིང་གི་རྡོ་ཆས་རྙིང་མའི་དུས་སྐབས་དང་རྡོ་ཆས་དབུས་མའི་དུས་སྐབས་སུ། ཐོན་སྐྱེད་ནུས་ཤུགས་ཧ་ཅང་དམའ་བའི་རྐྱེན་གྱིས། མི་རྣམས་ཀྱིས་རི་དྭགས་རྔོན་པ་སོགས་ལ་བརྟེན་ནས་འཚོ་བ་རོལ་བ་ཡིན་མོད། འོན་ཀྱང་དུས་ཡུན་རིང་བོའི་རི་དྭགས་རྔོན་པའི་བརྒྱུད་རིམ་ཁྲོད། མི་རྣམས་ཀྱིས་རིམ་བཞིན་རྩི་ཤིང་ཁ་ཤས་ཀྱི་འཚོ་བའི་གོམས་སྲོལ་ལ་རྒྱུས་ལོན་ཐུབ་པ་བྱུང་བ་ཡིས། གདོད་མའི་སྤྱི་ཚོགས་ཀྱི་འདེབས་འཛུགས་ལས་རིགས་བྱུང་བ་ཡིན། དེའི་རྗེས་སུ་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་དང་བསྟུན་ནས། འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་སོང་བ་ཡིན།

3 གོ་གནས།

འདེབས་འཛུགས་ལས་རིགས་ཀྱིས་ཞིང་ལས་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། ཞིང་ལས་ཀྱི་རྨང་གཞི་ཡང་ཡིན། རྒྱུ་མཚན་ལྗང་མདོག་གི་རྩི་ཤིང་གིས་རླུང་ཁམས་ཆེན་པོའི་ཁྲོད་ཀྱི་དབྱང་གཉིས་ཐཱན་འགྱུར་གཞིབ་ཐུབ་པར་མ་ཟད། ས་རྒྱུའི་ཁྲོད་ཀྱི་སྐྱེ་མེད་ཚྭ་དང་ཆུ་རྒྱུ་ཡང་གཞིབ་ཐུབ་པ་རེད་ལ། འོད་སྦྱོར་ནུས་པར་བརྟེན་ནས་ཉི་འོད་ཀྱི་ནུས་པ་ནི་ནུས་རྩལ་དུ་བསྒྱུར་བ་དང་། སྐྱེ་མེད་དངོས་རྫས་སྐྱེ་ལྡན་དངོས་རྫས་སུ་བསྒྱུར་བ་ཡིན།

སྒོ་ཕྱུགས་ཀྱིས་གཙོ་བོ་རྩི་ཤིང་རང་བཞིན་གྱི་ཐོན་རྫས་བཟའ་ཆས་བྱས་ནས། རྩི་ཤིང་གི་ནུས་པ་སྲོག་ཆགས་ཀྱི་ནུས་པར་བསྒྱུར་བ་ལས། སྐྱེ་མེད་དངོས་རྫས་སྐྱེ་ལྡན་དངོས་རྫས་སུ་བསྒྱུར་ཐུབ་པ་མ་ཡིན། དེའི་རྐྱེན་གྱིས་རང་བྱུང་གི་ཕྱུགས་འཚོ་སྐྱོང་གི་ཐབས་ལམ་ལས་གཞན། ཕྱུགས་ལས་ནི་འདེབས་འཛུགས་ལས་རིགས་ལ་བརྟེན་དགོས་པ་རེད། གཞན་མི་རྣམས་འཚོ་སྡོད་བྱ་དགོས་ན། ཉིན་རེ་བཞིན་རང་ལུས་ལ་ཚོ་བཅུད་སྣ་ཚོགས་པ་འདོན་སྤྲོད་བྱ་དགོས་ཤིང་། འདེབས་འཛུགས་ལས་རིགས་ནི་མི་རྣམས་འཚོ་སྡོད་དང་འཕེལ་རྒྱས་ཀྱི་རྨང་གཞི་གཙོ་བོ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-09

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།