བཟའ་བཏུང་ལས་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཟའ་བཏུང་ལས་རིགས།
བཟའ་བཏུང་ལས་རིགས་ནི་འཕྲལ་མྱུར་གྱི་ངང་ནས་ལས་སྣོན་གསར་བཟོ་དང་ཚོང་ལས་ཕྱིར་འཚོང་། ཞབས་ཞུའི་རང་བཞིན་གྱི་ངལ་རྩོལ་བཅས་འབྲེལ་བ་དམ་པོ་མཆིས་ཤིང་། ཆེད་དུ་འཛད་སྤྱོད་པར་ཆང་དང་ཟས་རིགས་སོགས་འདོན་སྤྲོད་ཀྱི་ཟས་རིགས་ཐོན་སྐྱེད་ཚོང་གཉེར་གྱི་ལས་རིགས་ཤིག་ཡིན། ཡོ་རོབ་གླིང་དང་ཨ་མེ་རི་ཁ་གླིང་དུ་བཟའ་བཏུང་ལས་རིགས་ནི་ཚོང་ལས་ཀྱི་ཁེ་ཕན་དམིགས་ཡུལ་དུ་བཟུང་བའི་བཟའ་བཏུང་ཞབས་ཞུའི་ལས་ཁུངས་ལ་གོ་བ་དང་། རང་རྒྱལ་དུ་བཟའ་བཏུང་ལས་རིགས་ནི་ཁོར་ཡུག་ངེས་ཅན་ཞིག་ཏུ་ཟ་མ་གཡོ་སྦྱོར་བྱས་ནས། མགྲོན་པོར་ཕྱིར་འཚོང་བྱ་བའི་ཞབས་ཞུའི་རིགས་ཤིག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
餐饮业
ཕྱི་ཡིག་གི་མིང་།
catering
རང་བཞིན།
ཟས་རིགས་ཐོན་སྐྱེད་ཚོང་གཉེར་གྱི་ལས་རིགས།
1 ངོ་སྤྲོད།

བཟའ་བཏུང་ལས་རིགས་ནི་འཕྲལ་མྱུར་གྱི་ངང་ནས་ལས་སྣོན་གསར་བཟོ་དང་ཚོང་ལས་ཕྱིར་འཚོང་། ཞབས་ཞུའི་རང་བཞིན་གྱི་ངལ་རྩོལ་བཅས་འབྲེལ་བ་དམ་པོ་མཆིས་ཤིང་། ཆེད་དུ་འཛད་སྤྱོད་པར་ཆང་དང་ཟས་རིགས་སོགས་འདོན་སྤྲོད་ཀྱི་ཟས་རིགས་ཐོན་སྐྱེད་ཚོང་གཉེར་གྱི་ལས་རིགས་ཤིག་ཡིན།

ཡོ་རོབ་གླིང་དང་ཨ་མེ་རི་ཁ་གླིང་དུ་བཟའ་བཏུང་ལས་རིགས་ནི་ཚོང་ལས་ཀྱི་ཁེ་ཕན་དམིགས་ཡུལ་དུ་བཟུང་བའི་བཟའ་བཏུང་ཞབས་ཞུའི་ལས་ཁུངས་ལ་གོ་བ་དང་། རང་རྒྱལ་དུ་བཟའ་བཏུང་ལས་རིགས་ནི་ཁོར་ཡུག་ངེས་ཅན་ཞིག་ཏུ་ཟ་མ་གཡོ་སྦྱོར་བྱས་ནས། མགྲོན་པོར་ཕྱིར་འཚོང་བྱ་བའི་ཞབས་ཞུའི་རིགས་ཤིག་ལ་གོ་བ་ཡིན།

2 ཁྱད་ཆོས།
2_1 ཆིག་སྤྱོད་རང་བཞིན།

བཟའ་བཏུང་ཞབས་ཞུ་ནི་ཐེངས་གཅིག་ལ་མ་གཏོགས་སྤྱོད་མི་ཆོག་ལ། དེ་ནི་མགྲོན་པོ་ཟ་ཁང་དུ་སླེབས་རྗེས་ད་གཟོད་ཞབས་ཞུ་སྒྲུབ་པའི་རིགས་ཤིག་ཡིན་ཞིང་། མགྲོན་པོ་ཟ་ཁང་དང་བྲལ་བ་ན། ཞབས་ཞུ་ཡང་རང་ཤུགས་ཀྱིས་མཇུག་སྒྲིལ་བ་རེད།

2_2 གཟུགས་མེད་རང་བཞིན།

བཟའ་བཏུང་ལས་རིགས་ནི་ཞབས་ཞུའི་ཕན་ནུས་ཀྱི་སྟེང་ནས་བཤད་ན། གཟུགས་མེད་རང་བཞིན་གྱི་ཁྱད་ཆོས་ཡོད་པ་རེད་དེ། བཟའ་བཏུང་ལས་རིགས་ནི་སིལ་ཏོག་དང་སྔོ་ཚལ་སོགས་གཟུགས་ལྡན་ཐོན་རྫས་དག་དང་འདྲ་བ་མ་ཡིན་ལ། གཟུགས་ལྡན་ཐོན་རྫས་ཡིན་ན། ཁ་དོག་དང་ཆེ་ཆུང་། གཟུགས་དབྱིབས་སོགས་ཀྱི་ཐོག་ནས་སྤུས་ཀ་ལེགས་མིན་བརྟག་ཐུབ་པ་ཡིན། ཡང་བཟའ་བཏུང་ལས་རིགས་ནི་ཟ་མ་ཟ་མཁན་གྱི་མགྲོན་པོས་ཞབས་ཞུ་ཉོ་འཚོང་དང་འཛད་སྤྱོད། མྱོང་རོལ་བྱས་པའི་རྗེས་ཀྱི་ཚོར་བ་ལ་བརྟེན་ནས་བཟང་ངན་གྱི་དབྱེ་བ་འབྱེད་པ་ཡིན།

2_3 བར་ཁྱད་རང་བཞིན།

བཟའ་བཏུང་ཞབས་ཞུ་ཡི་བར་ཁྱད་རང་བཞིན་ནི་ཕྱོགས་གཅིག་ནས་བཟའ་བཏུང་སྡེ་ཁག་གི་ལས་བྱེད་མི་སྣས་ལག་བཟོས་ངལ་རྩོལ་ལ་བརྟེན་ནས་གྲུབ་པ་ཡིན་ལ། ལས་བྱེད་མི་སྣ་སོ་སོའི་ལོ་ཚོད་དང་རྟེན། གཤིས་ཀ  རྒྱུ་སྤུས། རིག་གནས་ཆུ་ཚད་སོགས་འདྲ་མཚུངས་མ་ཡིན་ཞིང་། ཁོ་ཚོས་མགྲོན་པོར་འདོན་སྤྲོད་བྱས་པའི་བཟའ་བཏུང་ཞབས་ཞུ་ཡང་འདྲ་མཚུངས་མ་ཡིན། ཕྱོགས་གཞན་ཞིག་ནས་ཞབས་ཞུ་པ་གཅིག་གིས་ཁོར་ཡུག་མི་འདྲ་བ་དང་དུས་ཚོད་མི་འདྲ་བ། ཁ་གཏད་ཡུལ་གྱི་མགྲོན་པོ་མི་འདྲ་བ་བཅས་ཀྱི་གནས་ཚུལ་འོག  ཞབས་ཞུའི་རྣམ་འགྱུར་དང་ཞབས་ཞུའི་ཐབས་ལམ་ལ་ཡང་བར་ཁྱད་ངེས་ཅན་ཡོད་པ་ཡིན།

2_4 ཐད་ཀར་རང་བཞིན།

ཐད་ཀར་རང་བཞིན་ནི་སྤྱིར་བཏང་དུ་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱས་རྗེས། མང་ཆེ་བ་ནི་འཁོར་རྒྱུག་མང་བོ་བརྒྱུད་ནས་ད་གཟོད་འཛད་སྤྱོད་པའི་ལག་ཏུ་ཐོན་པ་ཡིན། གལ་ཏེ་ཐོན་རྫས་བཟོ་གྲྭ་ལས་ཕྱིར་མ་བུད་པའི་སྔོན་ལ་སྤུས་ཚད་འོས་འཚམ་མ་ཡིན་ན་ཕྱིར་སྤྲད་ཆོག་པ་ཡིན། ཡང་ཚོང་ཁང་དུ་རང་ཉིད་ཀྱི་བློར་མི་འབབ་པའི་དངོས་པོ་ཡིན་ན་མ་ཉོས་ཀྱང་ཆོག  ཡིན་ཡང་བཟའ་བཏུང་ལས་རིགས་ནི་དེ་དག་དང་འདྲ་བ་མ་ཡིན་ལ། དེ་ཡི་ཐོན་སྐྱེད་དང་ཕྱིར་འཚོང་། འཛད་སྤྱོད་བཅས་ཀྱི་གོ་རིམ་ནི་དུས་མཉམ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།