མི་དམངས་ཉེན་རྟོག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་དམངས་ཉེན་རྟོག་པ།
མི་དམངས་ཉེན་རྟོག་པ་ལ་སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས། བཙོན་ཁང་གི་མི་དམངས་ཉེན་རྟོག་པ། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་ཉེན་རྟོག་པ་བཅས་འདུ་བ་ཡིན། དེ་ཡང་མི་དམངས་ཉེན་རྟོག་པ་ནི་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཡིན་ལ། ཉེན་རྟོག་གོ་རྟགས་ནི་མི་དམངས་ཉེན་རྟོག་པའི་རིམ་པ་འགེར་བྱེད་དང་མི་དམངས་ཉེན་རྟོག་པའི་ཐོབ་ཐང་གི་མཚན་སྙན་དང་མཚོན་རྟགས་མངོན་བྱེད་ཡིན་ཞིང་། རྒྱལ་ཁབ་ཀྱིས་མི་དམངས་ཉེན་རྟོག་པར་སྤྲད་པའི་གཟེངས་རྟགས་ཡིན། ཡང་ཀྲུང་གོ་མི་དམངས་ཉེན་རྟོག་པ་ཡིས་ཉེན་རྟོག་ལྟ་ཞིབ་པ་དང་ཉེན་རྟོག་ལྟ་སྐུལ་པ། ཉེན་རྟོག་ལས་ཚན་པ། ཉེན་རྟོག་པ་བཅས་ཀྱི་ཉེན་རྟོག་གོ་རྟགས་ལམ་ལུགས་ལག་བསྟར་བྱ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人民警察
རང་བཞིན།
རྒྱལ་ཁབ་གཞུང་ཞབས་པ།
1 རགས་བཤད།

མི་དམངས་ཉེན་རྟོག་པ་ལ་སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས། བཙོན་ཁང་གི་མི་དམངས་ཉེན་རྟོག་པ། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་ཉེན་རྟོག་པ་བཅས་འདུ་བ་ཡིན། དེ་ཡང་མི་དམངས་ཉེན་རྟོག་པ་ནི་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཡིན་ལ། ཉེན་རྟོག་གོ་རྟགས་ནི་མི་དམངས་ཉེན་རྟོག་པའི་རིམ་པ་འགེར་བྱེད་དང་མི་དམངས་ཉེན་རྟོག་པའི་ཐོབ་ཐང་གི་མཚན་སྙན་དང་མཚོན་རྟགས་མངོན་བྱེད་ཡིན་ཞིང་། རྒྱལ་ཁབ་ཀྱིས་མི་དམངས་ཉེན་རྟོག་པར་སྤྲད་པའི་གཟེངས་རྟགས་ཡིན། ཡང་ཀྲུང་གོ་མི་དམངས་ཉེན་རྟོག་པ་ཡིས་ཉེན་རྟོག་ལྟ་ཞིབ་པ་དང་ཉེན་རྟོག་ལྟ་སྐུལ་པ།  ཉེན་རྟོག་ལས་ཚན་པ། ཉེན་རྟོག་པ་བཅས་ཀྱི་ཉེན་རྟོག་གོ་རྟགས་ལམ་ལུགས་ལག་བསྟར་བྱ་བ་ཡིན།

2 གོ་རྟགས།

མི་དམངས་ཉེན་རྟོག་པ་ཡི་ཉེན་རྟོག་གོ་རྟགས་ལ་དབྱེ་བ5དང་རིམ་པ13ཡོད་དེ། སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་དང་སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་གཞོན་པ། ཉེན་རྟོག་ལྟ་ཞིབ་པ། (རིམ་པ་དང་པོ་དང་རིམ་པ་གཉིས་པ། རིམ་པ་གསུམ་པ) ཉེན་རྟོག་ལྟ་སྐུལ་པ།  (རིམ་པ་དང་པོ་དང་རིམ་པ་གཉིས་པ། རིམ་པ་གསུམ་པ) ཉེན་རྟོག་ལས་ཚན་པ། (རིམ་པ་དང་པོ་དང་རིམ་པ་གཉིས་པ། རིམ་པ་གསུམ་པ) ཉེན་རྟོག་པ། (རིམ་པ་དང་པོ་དང་རིམ་པ་གཉིས་པ)

3 དབྱེ་བ།

མི་དམངས་ཉེན་རྟོག་པ་ནི་ལས་རིགས་ཀྱི་དབྱེ་བ་ལྟར་བཀར་ན། སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ(འགྲིམ་འགྲུལ་དོ་དམ་གྱི་མི་དམངས་ཉེན་རྟོག་པ་དང་ནགས་ཚལ་ཉེན་རྟོག་པ། མཚོ་འགག་ལྐོག་འདྲེན་ཉེན་རྟོག་པ། ལྕགས་ལམ་ཉེན་རྟོག་པ། དམངས་སྤྱོད་མཁའ་འགྲུལ་ཉེན་རྟོག་པ་སོགས)དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་བཙོན་ཁང་མི་དམངས་ཉེན་རྟོག་པ་དང་ངལ་རྩོལ་སློབ་གཅུན་མི་དམངས་ཉེན་རྟོག་པ། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་ཉེན་རྟོག་པ་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-09

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།