བརྙན་བཟོ་མཁན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྙན་བཟོ་མཁན།
བརྙན་བཟོ་མཁན་ནི་སྤྱིར་བཏང་ལ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་བརྙན་བཟོ་ཐོན་སྐྱེད་ཀྱི་གསར་བཟོ་མཁན་ལ་གོ་བ་ཡིན། འཁྲབ་གཞུང་གི་གཅིག་གྱུར་འཆར་འགོད་དང་དུས་སྔ་མའི་སྟ་གོན། པར་ལེན་ཚོགས་ཆུང་རྩ་འཛུགས། པར་ལེན་མ་དངུལ་ཞིབ་རྩིས། ནོར་སྲིད་ཞིབ་རྩིས་བཅས་ཀྱི་འགན་ཡོངས་སུ་འཁུར་བ་དེ་ལ་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
制片人
ཕྱི་ཡིག་གི་མིང་།
Producer
1 ངོ་སྤྲོད།

བརྙན་བཟོ་མཁན་ནི་སྤྱིར་བཏང་ལ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་བརྙན་བཟོ་ཐོན་སྐྱེད་ཀྱི་གསར་བཟོ་མཁན་ལ་གོ་བ་ཡིན། འཁྲབ་གཞུང་གི་གཅིག་གྱུར་འཆར་འགོད་དང་དུས་སྔ་མའི་སྟ་གོན། པར་ལེན་ཚོགས་ཆུང་རྩ་འཛུགས། པར་ལེན་མ་དངུལ་ཞིབ་རྩིས། ནོར་སྲིད་ཞིབ་རྩིས་བཅས་ཀྱི་འགན་ཡོངས་སུ་འཁུར་བ་དེ་ལ་ཟེར་བ་ཡིན། ཡང་པར་ལེན་ཐོན་སྐྱེད་དང་དུས་མཇུག་གི་སྒྲིག་བཟོ་ལག་བསྟར་བྱས་ཏེ། མ་དངུལ་འཇོག་མཁན་ལ་རོགས་རམ་བྱས་ནས། རྒྱལ་ཕྱི་ནང་གི་འགྲེམ་སྤེལ་དང་ཡིག་ཐོག་སྙན་ཞུ་བཅས་ཀྱི་བྱ་བའི་འགན་འཁུར་དགོས་པ་ཡིན།

བརྙན་བཟོ་མཁན་ནི་གློག་བརྙན་འཁྲབ་ཚན་ཚོགས་ཆུང་གི་དབང་སྒྱུར་པ་དང་པར་ལེན་ཚོགས་ཆུང་གི་དབང་ཆ་མཐོ་ཤོས་ཀྱི་མི་སྣ་ཡིན་ཞིང་། ཕུལ་དུ་བྱུང་བའི་ཁོངས་མི་གདན་ཞུ་ཡི་ཐག་གཅོད་དབང་ཆ་ཡོད་པ་དང་། གློག་བརྙན་འཁྲབ་ཚན་ཚོགས་ཆུང་གི་སྒྲིག་ལམ་ལ་འགལ་བའི་ཁོངས་མི་ཕྱིར་འབུད་ཀྱི་དབང་ཆ་ཡང་ཡོད་པ་ཡིན།

2 དབྱེ་བ།

གློག་བརྙན་ནམ་བརྙན་འཕྲིན་ཟློས་གར་ཧྲིལ་བོའི་ཇུས་འགོད་མཁན་གྱི་འགན་ཡོངས་སུ་འཁུར་བ་དང་བརྙན་བཟོ་ཐོན་སྐྱེད་ལ་འགན་འཁུར་བ། མ་དངུལ་འཇོག་མཁན་གྱི་འགན་འཁུར་མཁན་བཅས་ལ་གོ་བ་ཡིན།

ཆེད་ལས་ལག་རྩལ་གྱི་ཐད་ནས་གློག་བརྙན་ནམ་བརྙན་འཕྲིན་ཟློས་གར་གྱི་ལས་གཞི་ཧྲིལ་བོའི་གསར་བཟོ་མཁན་གྱི་འགན་འཁུར་མཁན་ལ་གོ་བ་ཡིན།

གློག་བརྙན་ནམ་བརྙན་འཕྲིན་ཟློས་གར་གྱི་མ་དངུལ་འཇོག་མཁན་ལ་གོ་བ་ཡིན།

3 ལས་འགན།

པར་ལེན་ཚོགས་ཆུང་གི་དུས་རྒྱུན་གྱི་བྱ་བའི་དོ་དམ་ལ་འགན་འཁུར་བ་དང་། ཚོགས་མིར་པར་ལེན་ཚོགས་ཆུང་གི་སྒྲིག་སྲོལ་ལམ་ལུགས་སྣ་ཚོགས་པ་ནན་ཏན་གྱིས་ལག་བསྟར་བྱ་བར་སྐུལ་བ།

འཁྲབ་ཁྲིད་པའི་གསར་གཏོད་ཀྱི་དམིགས་ཡུལ་ལ་རྒྱུས་ལོན་བྱས་པ་བརྒྱུད། གསར་གཏོད་མི་སྣ་གཙོ་བོ་དང་ཚོགས་ཆུང་ཧྲིལ་བོའི་མི་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། གསར་གཏོད་ཀྱི་བསམ་བློ་གཅིག་གྱུར་བྱས་ནས། དུས་ཚོད་ལྟར་བརྙན་བཟོ་ལེགས་འགྲུབ་ཡོང་བར་ཆ་རྐྱེན་འདོན་སྤྲོད་བྱ་བ།

བརྙན་བཟོ་ཡི་འཆར་གཞི་དང་ཚོད་རྩིས་བཟོས་ཏེ། བརྙན་བཟོ་སྡེ་ཁག་གི་སྣེ་ཁྲིད་ནས་པར་ལེན་ཚོགས་ཆུང་གི་བྱ་བར་དོ་དམ་བྱ་བ།

ཚོགས་མིའི་ལས་རིགས་ནུས་པར་ཞིབ་བཤེར་གཏན་འབེབ་བྱས་ཏེ། འཁྲབ་ཁྲིད་པ་དང་མཉམ་དུ་འཁྲབ་སྟོན་པ་དང་ལས་མིའི་མིང་ཐོར་ཞིབ་བཤེར་བྱ་བ།

གློག་བརྙན་དང་བརྙན་འཕྲིན་ཟློས་གར་གྱི་ཐོན་སྐྱེད་ཁྲོད་བྱུང་བའི་དཀའ་ཁག་ཐག་གཅོད་ཀྱི་འགན་འཁུར་བ་དང་། སྡེ་ཁག་སོ་སོའི་བར་གྱི་བྱ་བའི་འབྲེལ་བ་སྙོམས་སྒྲིག་བྱ་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-09

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།