བཟོ་སྐྲུན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཟོ་སྐྲུན་པ།
བཟོ་སྐྲུན་པ་ནི་བཟོ་སྐྲུན་མ་ལག་ཇུས་འགོད་དང་དོ་དམ་གྱི་བྱ་བ་གཉེར་བར་ནུས་པ་ངེས་ཅན་ལྡན་པའི་མི་སྣ་ལ་གོ་བ་ཡིན་ཞིང་། བཟོ་སྐྲུན་པའི་མིང་གི་འབོད་ལུགས་དེ་ནི་རྒྱུན་པར་བཟོ་སྐྲུན་རིག་པའི་ཁྲོད་ཀྱི་ཁོངས་གཏོགས་ཏེ། ཆེད་ལས་རང་བཞིན་གྱི་སློབ་གནས་སམ་འབྲེལ་ཡོད་ཀྱི་བྱ་བའི་ཉམས་མྱོང་ལྡན་པའི་མི་སྣ་ཁོ་ནར་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工程师
ཕྱི་ཡིག་གི་མིང་།
Engineer
1 ངོ་སྤྲོད།

བཟོ་སྐྲུན་མཁན་པོ་ནི་བཟོ་སྐྲུན་མ་ལག་ཇུས་འགོད་དང་དོ་དམ་གྱི་བྱ་བ་གཉེར་བའི་ནུས་པ་ངེས་ཅན་ལྡན་པའི་མི་སྣ་ལ་གོ་བ་ཡིན་ཞིང་། བཟོ་སྐྲུན་མཁན་པོའི་འབོད་ལུགས་དེ་ནི་རྒྱུན་པར་བཟོ་སྐྲུན་རིག་པའི་ཁྲོད་ཀྱི་ཁོངས་གཏོགས་ཤིག་སྟེ། ཆེད་ལས་རང་བཞིན་གྱི་སློབ་གནས་སམ་འབྲེལ་ཡོད་ཀྱི་བྱ་བའི་ཉམས་མྱོང་ལྡན་པའི་མི་སྣ་ཁོ་ནར་གོ་བ་ཡིན།

2 ཁྱད་ཆོས།

བཟོ་སྐྲུན་པ་དང་ཚན་རིག་པ་གཉིས་ལ་གོ་ནོར་ཐེབས་པའི་ཆ་ཧ་ཅང་མང་བོ་ཡོད་པ་ཡིན་ཏེ། ཚན་རིག་པས་རང་བྱུང་ཁམས་ཆེན་པོ་ལ་རྩད་ཞིབ་བྱས་པ་བརྒྱུད། སྤྱིར་བཏང་གི་ངེས་ལུགས་གསར་རྙེད་འབྱུང་བར་སྟབས་བདེ་བཟོས་ཡོད་པ་རེད་ལ། བཟོ་སྐྲུན་པས་གོང་གསལ་གྱི་རྩ་དོན་དེའི་རྨང་གཞིའི་སྟེང་། གྲངས་རིག་དང་ཚན་རིག་གི་ཕྱོགས་ནས་ལག་རྩལ་ཐད་ཀྱི་གནད་དོན་རེ་འགའ་ཐག་གཅོད་བྱ་བ་ཡིན། ཡང་ཚན་རིག་པས་བྱ་དངོས་ལ་ཞིབ་འཇུག་བྱ་བ་དང་བཟོ་སྐྲུན་པས་བྱ་དངོས་གསར་འཛུགས་བྱ་བ་ཡིན། གཞན་ཚན་རིག་པས་འཛམ་གླིང་ལ་རྩད་ཞིབ་བྱས་པ་བརྒྱུད། ཡོངས་ཁྱབ་ཀྱི་ངེས་ལུགས་གསར་རྙེད་འབྱུང་བ་ཡིན་མོད། འོན་ཀྱང་བཟོ་སྐྲུན་པས་ཡོངས་ཁྱབ་ཀྱི་ངེས་ལུགས་བེད་སྤྱོད་བྱས་ནས་དངོས་པོ་གང་རུང་ཇུས་འགོད་བྱ་བ་ཡིན།

3 དབྱེ་བ།

བཟོ་སྐྲུན་པར་ལག་རྩལ་པ་དང་ལག་རོགས་བཟོ་སྐྲུན་པ་སོགས་ཀྱི་གོ་མིང་ཡོད་ལ། མཐོ་རིམ་བཟོ་སྐྲུན་པ་དང་དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་སྐྲུན་པ་སོགས་ཀྱི་གོ་མིང་ཡང་ཡོད་པ་རེད། དེ་ཡང་གོ་མིང་གི་མཐོ་དམན་ལྟར། ཞིབ་འཇུག་པའམ་དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་སྐྲུན་པ་དང་མཐོ་རིམ་བཟོ་སྐྲུན་པ། བཟོ་སྐྲུན་པ། ལག་རོགས་བཟོ་སྐྲུན་པ་སོགས་ཡོད་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།