བདེ་སྲུང་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདེ་སྲུང་པ།
བདེ་སྲུང་པ་ནི་བདེ་འཇགས་སྲུང་སྐྱོབ་ཀྱི་མི་སྣ་ལ་གོ་བ་ཡིན་ཞིང་། དེ་ནི་སྤྱི་ཚོགས་ཀྱི་ལས་རིགས་ཤིག་ཡིན། དེའི་ལས་འགན་གཙོ་བོ་ནི་མེ་ཟོན་དང་རྐུན་ཟོན་ལ་མཉམ་འཇོག རང་ཉིད་ཀྱིས་འགན་འཁུར་བའི་ཁྱབ་ཁོངས་ཀྱི་མི་ལུས་བདེ་འཇགས་ལ་འགན་འཁུར་བ་བཅས་ཡིན་ལ། བདེ་སྲུང་པའི་བྱ་བའི་བྱེད་སྟངས་བརྒྱུད། ཁྱབ་ཁོངས་གཏན་འཁེལ་ནང་གི་བདེ་འཇགས་དང་རྒྱུན་ལྡན་གྱི་བྱ་བའི་སྒྲིག་ལམ། བདེ་སྐྱོང་སྒྲིག་ལམ་བཅས་ལ་འགན་འཁུར་བར་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
保安
ཕྱི་ཡིག་གི་མིང་།
Security staff
1 ལས་འགན།

བདེ་སྲུང་པ་ནི་བདེ་འཇགས་སྲུང་སྐྱོབ་དང་ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་མི་ལུས་དོན་རྐྱེན་འབྱུང་བ་སྔོན་འགོག་བྱས་ནས། བདེ་འཇགས་སྲུང་སྐྱོབ་ཀྱི་བྱ་བ་གཉེར་བའི་མི་ལ་གོ་བ་ཡིན་ལ། བཟོ་ཚོང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསར་དར་ཞབས་ཞུའི་མིང་བརྡ་ཞིག་ཡིན་པའི་རྐྱེན་གྱིས། ཀྲུང་གོར་བདེ་སྲུང་པ་ཞེས་འབོད་པ་དང་། ཨ་མེ་རི་ཁརPrivate Security Industryམི་སྒེར་བདེ་འཇགས་ཀུང་སི་ཞེས་འབོད་པ་ཡིན། ཡང་ཉི་ཧོང་དུ་ཉེན་ཟོན་བདེ་སྲུང་ཚོགས་པ་ཞེས་འབོད་པ་ཡིན།

ཀྲུང་གོའི་བདེ་སྲུང་ལས་རིགས་ཀྱི་སྲོལ་རྒྱུན་ལས་སྒོའི་ཁྱབ་ཁོངས་ལ་གཙོ་བོ་སྒོ་སྲུང་དང་སྐོར་ཞིབ། ལས་གཉེར་རང་བཞིན་གྱི་རིག་གནས་ལུས་རྩལ་བྱ་འགུལ་གྱི་བདེ་འཇགས་ཞབས་ཞུ། དྲག་ཆས་སྲུང་སྐྱེལ། བགྲོད་ལམ་འགྲིམ་འགྲུལ་གྱི་རོགས་སྒྲུབ་པ། དམིགས་བསལ་རང་བཞིན་གྱི་བདེ་འཇགས་ཞབས་ཞུ། བདེ་སྲུང་ཡོ་ཆས་ཚོང་གཉེར། བདེ་སྲུང་འདྲི་རྩད་སོགས་ཡོད་པ་ཡིན་ཞིང་། བཅོས་སྒྱུར་གྱི་ཤན་ཤུགས་འོག  བདེ་སྲུང་ཞབས་ཞུའི་ལས་རིགས་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་རླངས་འཁོར་འཇོག་ས། མཚོ་ཐོག་སོགས་ཞབས་ཞུའི་ཁྱབ་ཁོངས་གསར་བར་རྒྱ་བསྐྱེད་པ་དང་། རོལ་རྩེད་ཁང་དང་དྲ་ཁང་སོགས་དམིགས་བསལ་རིགས་ཀྱི་ལས་ཁུངས་དང་དུག་རྫས་འགད་གཏོར་སོགས་ཉེན་ཅན་དངོས་རིགས་སྐྱེལ་འདྲེན་གྱི་ཁྱབ་ཁོངས། ཁེ་ལས་ལས་དོན་ལས་ཁུངས། སློབ་གྲྭ། ཚོ་བ། དངུལ་རྩ། རླངས་འཁོར་འཇོག་ས། བདེ་སྲུང་ལག་རྩལ་སྔོན་འགོག  ཟྭ་འབྱེད་ལས་རིགས། འགྲིམ་འགྲུལ་རོགས་སྒྲུབ་སོགས་ལས་རིགས་ཀྱི་རྒྱ་སྐྱེད་ནི་ལས་གཉེར་འདུ་ཤེས་བཅོས་སྒྱུར་དང་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་པ་བཅས་ནི། གྲོང་ཁྱེར་མང་བོའི་བདེ་སྲུང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ཐོན་ལས་ཅན་གྱི་ཐབས་ཇུས་ཤིག་ཡིན།

2 དབྱེ་བ།

ཚོང་རའི་བདེ་སྲུང་པ།

ཚོ་བའི་བདེ་སྲུང་པ།

ཁེ་ལས་བདེ་སྲུང་པ།

སྒོ་སྲུང་བདེ་སྲུང་པ།

བྱ་འགུལ་བདེ་སྲུང་པ།

གཞན་དག


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།