ཕྱུགས་ལས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྱུགས་ལས།
ཕྱུགས་ལས་ནི་སྒོ་ཕྱུགས་སོགས་མི་རྣམས་ཀྱིས་བཏུལ་ཟིན་པའི་སྲོག་ཆགས་སམ་ཤྭ་བ་དང་གླ། ཝ། ཆུ་སྲམ་སོགས་རི་སྐྱེས་སྲོག་ཆགས་ཀྱི་གཟུགས་ཁམས་ནུས་རྩལ་བེད་སྤྱད་ནས། གསོ་ཚགས་དང་སྐྱེ་འཕེལ་བརྒྱུད་རྩྭ་ར་དང་གསོ་ཆས་སོགས་རྩི་ཤིང་གི་ནུས་ཚད་སྲོག་ཆགས་ཀྱི་ནུས་ཚད་དུ་བསྒྱུར་ནས། ཤ་དང་སྒོ་ང་། འོ་མ། བལ། ཁུལ་ལུ། ཀོ་པགས། སྨན་རྫས་སོགས་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་སྡེ་ཁག་བསྐྲུན་པ་དེ་ལ་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
畜牧业
1 ངོ་སྤྲོད།

ཕྱུགས་ལས་ནི་སྒོ་ཕྱུགས་སོགས་མི་རྣམས་ཀྱིས་བཏུལ་ཟིན་པའི་སྲོག་ཆགས་སམ་ཤྭ་བ་དང་གླ། ཝ། ཆུ་སྲམ་སོགས་རི་སྐྱེས་སྲོག་ཆགས་ཀྱི་གཟུགས་ཁམས་ནུས་རྩལ་བེད་སྤྱད་ནས། གསོ་ཚགས་དང་སྐྱེ་འཕེལ་བརྒྱུད་རྩྭ་ར་དང་གསོ་ཆས་སོགས་རྩི་ཤིང་གི་ནུས་ཚད་སྲོག་ཆགས་ཀྱི་ནུས་ཚད་དུ་བསྒྱུར་ནས། ཤ་དང་སྒོ་ང་། འོ་མ། བལ། ཁུལ་ལུ། ཀོ་པགས། སྨན་རྫས་སོགས་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་སྡེ་ཁག་བསྐྲུན་པ་དེ་ལ་ཟེར་བ་ཡིན། དེ་ནི་རང་མཁོ་རང་སྒྲུབ་ཀྱི་སྒོ་ཕྱུགས་གསོ་ཚགས་དང་ཁྱད་པར་ཡོད་ལ། ཕྱུགས་ལས་ཀྱི་ཁྱད་ཆོས་གཙོ་བོ་ནི་གཅིག་སྡུད་ཅན་དང་གཞི་ཁྱོན་ཅན་ཡིན་པར་མ་ཟད། ཁེ་བཟང་ལེན་པ་ཐོན་སྐྱེད་ཀྱི་དམིགས་ཡུལ་དུ་བཟུང་བ་དེ་ཡིན་ཞིང་། མིའི་རིགས་དང་རང་བྱུང་ཁམས་ཀྱི་བར་དུ་དངོས་པོ་བརྗེ་རེས་ཀྱི་བརྒྱུད་རིམ་གལ་ཆེན་ཞིག་ཡིན། གཞན་ཕྱུགས་ལས་ནི་ཞིང་ལས་ཀྱི་གྲུབ་ཆའི་ཁྲོད་ཀྱི་གཅིག་ཡིན། དེ་དང་འདེབས་འཛུགས་ལས་རིགས་ནི་ཞིང་ལས་ཀྱི་ནང་ཚན་གཙོ་ཆེ་བ་གཉིས་ཡིན། 

2 ཁྱད་ཆོས།   

ཕྱུགས་ལས་རྒྱ་བསྐྱེད་ནས་བསྐྱར་དུ་ཐོན་སྐྱེད་བྱ་བ་ནི་སྒོ་ཕྱུགས་སྣ་ཚོགས་ཁྲོད་ཀྱི་ཕོ་ཕྱུགས་དང་མོ་ཕྱུགས། ཕྱུགས་ཕྲུག་སོགས་ཀྱི་བསྡུར་ཚད་དང་འབྲེལ་བ་དམ་ཟབ་མཆིས། དེའི་རྐྱེན་གྱིས་འོས་འཚམ་གྱི་ཕྱུགས་ཁྱུ་བསྐྱང་བ་ནི་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་མགྱོགས་སུ་གཏང་བར་ཤིན་ཏུ་ཕན་པའི་ལས་ཤིག་ཡིན།

གསོ་ཆས་ནི་ཕྱུགས་ལས་ཀྱི་རྨང་གཞི་ཡིན་ལ། གསོ་ཆས་ཀྱི་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་བྱས་པ་ཡིན་ན། ད་གཟོད་ཕྱུགས་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་ཐུབ་པ་ཡིན།

ཕྱུགས་ལས་ཀྱི་ཚོང་རྫས་རང་བཞིན་ཧ་ཅང་མཐོ་བ་ཡིན་མོད། འོན་ཀྱང་ཐོན་རྫས་སྐྱེལ་འདྲེན་དེ་འདྲའི་སྟབས་བདེ་མིན་པར་མ་ཟད། རུལ་བར་འགྱུར་སླ་བའི་རྐྱེན་གྱིས། ཉོ་འཚོང་དང་ལས་སྣོན། ཉར་ཚགས། སྐྱེལ་འདྲེན་བཅས་ཀྱི་ཕྱོགས་ནས་མཉམ་འབྲེལ་ལེགས་པོ་བྱ་དགོས་པ་ཡིན།

ཕྱུགས་ལས་ནི་རང་བྱུང་ཆ་རྐྱེན་དང་དཔལ་འབྱོར་ཆ་རྐྱེན་ལ་མཐུན་པའི་རང་བཞིན་ཅུང་ཆེན་པོ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།