ཕྱུགས་ནད་སྨན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྱུགས་ནད་སྨན་པ།
ཕྱུགས་ནད་སྨན་པ་ནི་སྲོག་ཆགས་ཀྱི་ནད་གཞིའི་སྐོར་ནས་ནད་གཞི་སྔོན་འགོག་དང་ནད་གཞི་བརྟག་དཔྱད། ནད་གཞི་གསོ་བཅོས་བཅས་ཀྱི་བྱ་བར་འགན་འཁུར་བའི་སྨན་པ་ལ་ཟེར་བ་ཡིན། བྱེ་བྲག་གི་སྒོ་ནས་བཤད་ན། ཕྱུགས་ནད་སྨན་པ་ནི་གསོ་རིག་གི་བྱེད་ཐབས་བེད་སྤྱད་ནས། སྲོག་ཆགས་ཀྱི་ལུས་ཁམས་དང་སྐྱེ་དངོས་ཕྲ་རབ། རང་བྱུང་ཁོར་ཡུག་སོགས་ཕན་ཚུན་སྙོམས་སྒྲིག་གི་བྱ་བ་སྒྲུབ་མཁན་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
兽医
ཕྱི་ཡིག་གི་མིང་།
veterinarian
དབྱེ་བ།
ལས་གཉེར་ཕྱུགས་ནད་སྨན་པ་དང་ཕྱུགས་ནད་ཞིབ་འཇུག་པ།
1 ངོ་སྤྲོད།

ཕྱུགས་ནད་སྨན་པ་ནི་སྲོག་ཆགས་ཀྱི་ནད་གཞིའི་སྐོར་ནས་ནད་གཞི་སྔོན་འགོག་དང་ནད་གཞི་བརྟག་དཔྱད། ནད་གཞི་གསོ་བཅོས་བཅས་ཀྱི་བྱ་བར་འགན་འཁུར་བའི་སྨན་པ་ལ་ཟེར་བ་ཡིན། བྱེ་བྲག་གི་སྒོ་ནས་བཤད་ན། ཕྱུགས་ནད་སྨན་པ་ནི་གསོ་རིག་གི་བྱེད་ཐབས་བེད་སྤྱད་ནས། སྲོག་ཆགས་ཀྱི་ལུས་ཁམས་དང་སྐྱེ་དངོས་ཕྲ་རབ། རང་བྱུང་ཁོར་ཡུག་སོགས་ཕན་ཚུན་སྙོམས་སྒྲིག་གི་བྱ་བ་སྒྲུབ་མཁན་རིགས་ཤིག་ཡིན།

2 ལས་འགན།

གཅེས་ཉར་སྲོག་ཆགས་སྨན་པའི་ལས་འགན་ནི། གཅེས་ཉར་སྲོག་ཆགས་ལ་གསོ་རིག་བརྟག་དཔྱད་དང་ནད་ཐོ་འབྲི་བ།

གཅེས་ཉར་སྲོག་ཆགས་ལ་རྫས་འགྱུར་བརྟག་དཔྱད་དང་གཏར་ཁ་རྒྱག་པའི་ལག་རྩལ། ནད་གཞི་བརྟག་དཔྱད་ཀྱི་གོ་རིམ་གཞན་དག་བཅས་བསྒྲུབ་དགོས་པར་མ་ཟད། རྫས་འགྱུར་བརྟག་དཔྱད་དང་བརྟག་དཔྱད་སྙན་ཞུའི་འབྲས་བུ་ལ་དབྱེ་ཞིབ་བྱས་ཏེ། ནད་གཞི་ཐག་བཅད་ནས་གཅེས་ཉར་སྲོག་ཆགས་ལ་གསོ་བཅོས་ཀྱི་འཆར་གཞི་བཟོ་བ།

དགོས་ངེས་ཀྱི་གསོ་བཅོས་སྒྲིག་ཆས་དངཡོ་བྱད། སྨན་རྫས། དབྱང་དབུགས་རྒྱག་པ། འཚོ་བཅུད་གསབ་པ། ཁྲག་རྒྱག་པ་སོགས་ཀྱི་ཐབས་ལམ་བེད་སྤྱད་ནས། གཅེས་ཉར་སྲོག་ཆགས་ཀྱི་ནད་གཞི་གསོ་བཅོས་བྱ་བ།

གཅེས་ཉར་སྲོག་ཆགས་ཀྱི་ཐག་གཅོད་དཀའ་བའི་ནད་གཞིའི་སྐོར་ལ་མཉམ་བསྡུས་ནད་དཔྱད་བྱ་བ།

གཅེས་ཉར་སྲོག་ཆགས་ཀྱི་གཤག་བཅོས་རྗེས་ཀྱི་ནད་གཞིའི་གནས་ཚུལ་གྱི་འགྱུར་ལྡོག་ལ་ལྟ་ཞིབ་བྱས་ནས། འོས་འཚམ་གྱི་གསོ་བཅོས་བྱེད་ཐབས་སྤྱད་པ།

འགོ་ནད་རིགས་ཀྱི་ནད་གཞི་ཡོད་པའི་གཅེས་ཉར་སྲོག་ཆགས་ལོགས་སུ་བཀར་ནས། སྔོན་འགོག་གི་བྱེད་ཐབས་སྤྱད་དགོས་པར་མ་ཟད། མྱུར་བའི་སྒོ་ནས་རིམས་ནད་ཀྱི་གནས་ཚུལ་གོང་རིམ་ལ་ཡར་ཞུ་བྱ་དགོས།

གཅེས་ཉར་སྲོག་ཆགས་ཀྱི་ནད་གཞི་བརྟག་ཐབས་སྐོར་གྱི་ལག་རྩལ་ཞིབ་འཇུག་གི་བྱ་བ་སྤེལ་བ།

ཕྱུགས་ནད་སྨན་པའི་ལས་འགན་ནི། སྲོག་ཆགས་ཀྱི་རྒྱུན་ལྡན་གྱི་རིམས་འགོག་དང་ནད་འགོག  གསོ་ཚགས་དོ་དམ། སྐྱེ་རྒྱུད་སྤེལ་བ་བཅས་ལ་དོ་དམ་བྱ་བ།

སྲོག་ཆགས་ཀྱི་ནད་གཞི་བརྟག་དཔྱད་དང་གསོ་བཅོས། གཤག་བཅོས་བཅས་ཀྱི་བྱ་བ་བསྒྲུབ་པ།

གསོ་ཚགས་མི་སྣ་ཡིས་ཚན་རིག་དང་མཐུན་པའི་སྒོ་ནས་སྒོ་ཕྱུགས་གསོ་བར་མཛུབ་སྟོན་བྱ་བ།

སྒོ་ཕྱུགས་ཀྱི་ནད་གཞི་བརྟག་དཔྱད་དང་ནད་གཞི་གསོ་བཅོས་ཀྱི་ལག་རྩལ་ཞིབ་འཇུག་སྐོར་གྱི་བྱ་བ་སྤེལ་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།