པར་ལེན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པར་ལེན་པ།
པར་ལེན་ཚོགས་ཆུང་གི་པར་ལེན་ཡོ་བྱད་སྐྱེལ་འདྲེན་དང་བཟོ་དབྱིབས་གསར་རྩོམ་གྱི་འགན་འཁུར་མི་སྣ་ཡིན་ཞིང་། འཁྲབ་ཁྲིད་པའི་བསམ་འདུན་མ་ལུས་གཟུགས་བརྙན་དུ་འཆར་བར་བྱ་བ་ལ་ཟེར་བ་ཡིན། དེ་ཡང་པར་ལེན་ཚོགས་ཆུང་ནང་སྤྱིར་བཏང་དུ་འཁྲབ་ཁྲིད་པ་དང་པར་ལེན་པ། འོད་འདོན་སྤྲོད་ཀྱི་མི་སྣ་བཅས་ཡོད་པ་ཡིན་ལ། འཁྲབ་ཁྲིད་པ་ནི་པར་ལེན་ལག་རྩལ་ཐག་གཅོད་མཁན་གྱི་འགན་འཁུར་མི་སྣ་ཡིན་པ་དང་། པར་ལེན་ཚོགས་ཆུང་གི་བྱ་བའི་སྣེ་ཁྲིད་མཁན་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
摄影师
ཕྱི་ཡིག་གི་མིང་།
cameraman; photographer
1 ངོ་སྤྲོད།

པར་ལེན་ཚོགས་ཆུང་གི་པར་ལེན་ཡོ་བྱད་སྐྱེལ་འདྲེན་དང་བཟོ་དབྱིབས་གསར་རྩོམ་གྱི་འགན་འཁུར་མི་སྣ་ཡིན་ཞིང་། འཁྲབ་ཁྲིད་པའི་བསམ་འདུན་མ་ལུས་གཟུགས་བརྙན་དུ་འཆར་བར་བྱ་བ་ལ་ཟེར་བ་ཡིན། དེ་ཡང་པར་ལེན་ཚོགས་ཆུང་ནང་སྤྱིར་བཏང་དུ་འཁྲབ་ཁྲིད་པ་དང་པར་ལེན་པ། འོད་འདོན་སྤྲོད་ཀྱི་མི་སྣ་བཅས་ཡོད་པ་ཡིན་ལ། འཁྲབ་ཁྲིད་པ་ནི་པར་ལེན་ལག་རྩལ་ཐག་གཅོད་མཁན་གྱི་འགན་འཁུར་མི་སྣ་ཡིན་པ་དང་། པར་ལེན་ཚོགས་ཆུང་གི་བྱ་བའི་སྣེ་ཁྲིད་མཁན་ཡང་ཡིན། ཡང་པར་ལེན་ཚོགས་ཆུང་ལ་སྤྱིའི་པར་ལེན་པ་བཀོད་སྒྲིག་བྱས་ཡོད་དེ། འཁྲབ་ཁྲིད་པའི་སྣེ་ཁྲིད་འོག་གི་ལག་བསྟར་འཁྲབ་ཁྲིད་པ་ཡིན་པའི་ཆ་ནས། དེ་ཡི་བྱ་བ་གཙོ་བོ་ནི་བྱེ་བྲག་གི་གསར་རྩོམ་གྱི་བྱ་བར་འགན་འཁུར་བ་དེ་ཡིན། 

2 བྱ་བ།

པར་ལེན་གྱི་འགན་འཁུར་ལྟར་པར་ལེན་གྱི་བྱ་བའི་འཆར་གཞི་དང་དུས་ཚོད་ཀྱི་བཀོད་སྒྲིག་ཞིབ་ཚགས་བཟོ་བ།

བྱ་བའི་དགོས་མཁོ་ལྟར་པར་ལེན་གྱི་སྒྲིག་ཆས་འོས་འཚམ་གདམ་པ།

པར་ལེན་གྱི་ཟུར་སྣེ་འོས་འཚམ་ཞིག་བདམས་ནས་པར་ལེན་སྒྲིག་ཆས་གནས་དེ་རུ་གཞག་པ།

འཁྲབ་ཁྲིད་པའི་བསམ་འཆར་ལྟར་པར་ལེན་སྒྱུ་རྩལ་གྱི་ཐབས་ལམ་བེད་སྤྱད་ནས་གློག་བརྙན་འཕྲིན་གྱི་གློག་བརྙན་བཟོ་དབྱིབས་བསྐྲུན་པ།

པར་ལེན་གྱི་འགན་འཁུར་ལེགས་འགྲུབ་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད། པར་ལེན་ཚོགས་ཆུང་དང་ཁོངས་མི་གཞན་དག་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་བ།

ཆེད་ལས་ཀྱི་སྒྲིག་ཆས་བེད་སྤྱད་ནས་བརྙན་དང་པར་སོགས་རྩོམ་སྒྲིག་བྱ་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།