ནད་གཡོག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ནད་གཡོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ལས་རིགས།)

ནད་གཡོག
ནད་གཡོག་ནི་ལས་གཉེར་ཐོ་འགོད་བྱས་པ་བརྒྱུད། ནད་གཡོག་གི་ལས་གཉེར་དཔང་རྟགས་བླངས་ནས། ཁྲིམས་སྲོལ་གྱི་གཏན་འབེབ་ལྟར་བདག་སྐྱོང་བྱེད་སྒོ་ཡི་ལས་གཉེར་བ་དང་། ཚེ་སྲོག་སྲུང་སྐྱོབ་དང་སྡུག་བསྔལ་ཇེ་ཡང་དུ་གཏང་བ། བདེ་ཐང་གི་ལས་འགན་མཐོ་རུ་གཏང་བ་བཅས་ལག་བསྟར་གྱི་འཕྲོད་བསྟེན་ལག་རྩལ་མི་སྣ་ལ་གོ་བ་ཡིན་ལ། ནད་གཡོག་ལ་སྨན་ལྷའི་ཕོ་ཉར་འབོད་པ་ཡིན། ནད་གཡོག་ཅེས་པའི་མིང་བརྡ་དེ་ནི་ཀྲུང་མའོ་ཧྥང་ནས་བྱུང་བ་ཡིན་ཞིང་། སྤྱི་ལོ1914ལོར། ཀྲུང་ཧྭ་ནད་གཡོག་ཚོགས་འདུ་ཐེངས་དང་པོའི་སྟེང་། དབྱིན་ཡིག་གི nurseཞེས་པའི་མིང་བརྡ་དེ་རྒྱ་ཡིག་གི་ནད་གཡོག་གི་དོན་དུ་བསྒྱུར་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
护士
ཕྱི་ཡིག་གི་མིང་།
nurse
ལས་རིགས་ཆ་རྐྱེན།
འབྲིང་རིམ་དང་འབྲིང་རིམ་ཡན་ཀྱི་སློབ་གཉེར་བརྒྱུད་རིམ་ལྡན་དགོས་པར་མ་ཟད། ནད་གཡོག་གི་ལས་གཉེར་དཔང་རྟགས་ཀྱང་ཡོད་དགོས།
ནད་གཡོག་དུས་ཆེན།
ཟླ5བའི་ཚེས12ཉིན།
1 ཆ་རྐྱེན།

ཞིང་ཆེན་རིམ་པའི་ཡན་གྱི་སློབ་གསོ་དང་འཕྲོད་བསྟེན་གཙོ་སྐྱོང་སྡེ་ཁག་གིས་ཁས་ལེན་ཐོབ་པའི་སྤྱིར་བཏང་ཉིན་གང་ལམ་ལུགས་ཀྱི་འབྲིང་རིམ་སློབ་གྲྭའི་བདག་སྐྱོང་དང་སྐྱེ་གཡོག་ཆེད་ལས་ཀྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་ཡིན་ན། ནད་གཡོག་གི་ལས་འགན་ལོ5ཡི་རིང་ལ་འཁུར་དགོས་པ་ཡིན།

ཞིང་ཆེན་རིམ་པའི་ཡན་གྱི་སློབ་གསོ་དང་འཕྲོད་བསྟེན་གཙོ་སྐྱོང་སྡེ་ཁག་གིས་ཁས་ལེན་ཐོབ་པའི་སྤྱིར་བཏང་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭའི་བདག་སྐྱོང་དང་སྐྱེ་གཡོག་ཆེད་སྦྱོང་གི་སློབ་གཉེར་བརྒྱུད་རིམ་ལྡན་པ་ཡིན་ན། བདག་སྐྱོང་དང་སྐྱེ་གཡོག་གི་ཆེད་ལས་ཀྱི་བྱ་བ་ལོ3གྱི་རིང་ལ་གཉེར་དགོས་པ་ཡིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་གཙོ་སྐྱོང་སྡེ་ཁག་གིས་ཁས་ལེན་ཐོབ་པའི་སྤྱིར་བཏང་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭའི་བདག་སྐྱོང་དང་སྐྱེ་གཡོག་གི་ཆེད་ལས་སྦྱངས་ནས། དངོས་གཞིའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་ཡིན་ན། བདག་སྐྱོང་དང་སྐྱེ་གཡོག་གི་ཆེད་ལས་ཀྱི་བྱ་བ་ལོ1གི་རིང་ལ་གཉེར་དགོས་པ་ཡིན།

2 དབང་ཆ།

ནད་གཡོག་ལས་གཉེར་ལ་རྒྱལ་ཁབ་ཀྱི་གཏན་འབེབ་ལྟར། ཕོགས་དངུལ་དང་ཕོགས་སྣོན་ཡོད་ལ། སྤྱི་ཚོགས་ཉེན་འགོག་ཏུ་ཞུགས་པའི་དབང་ཆ་ཡོད་པ་ཡིན་ཞིང་། ལས་ཁུངས་དང་མི་སྒེར་གང་ཡིན་རུང་ནད་གཡོག་གི་ཕོགས་དངུལ་གང་འདོད་དུ་འཐེན་མི་ཆོག་པ་དང་། ཕོགས་སྣོན་སོགས་གང་འདོད་དུ་ཇེ་དམར་གཏང་བ་དང་མེད་པར་བཟོ་མི་ཆོག

ནད་གཡོག་ལས་གཉེར་ལ་བདག་སྐྱོང་གི་བྱ་བ་དང་འཚམ་པའི་འཕྲོད་བསྟེན་འགོག་སྲུང་དང་སྨན་བཅོས་བདེ་སྲུང་གི་ཞབས་ཞུའི་དབང་ཆ་ཡོད་པ་ཡིན་ཞིང་། དུག་ལྡན་གྱི་དངོས་རྫས་དང་འགོ་ནད་སོགས་ཉེན་ཁ་ཅན་གྱི་བྱ་བ་བསྒྲུབས་པའི་ནད་གཡོག་ཡིན་ན། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབ་ལྟར། ལས་རིགས་བདེ་ཐང་གི་ལྟ་སྐྱོང་དང་ལེན་གྱི་དབང་ཆ་ཡོད།

ནད་གཡོག་ལས་གཉེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབ་ལྟར། རང་ཉིད་ཀྱི་ལས་རིགས་ནུས་པ་དང་རིག་གཞུང་ཆུ་ཚད་ལ་འཚམ་པའི། ཆེད་ལས་ལག་རྩལ་གྱི་གོ་གནས་དང་གོ་མིང་ལེན་པའི་དབང་ཆ་ཡོད་ཅིང་། ཆེད་ལས་གསོ་སྦྱོང་དུ་ཞུགས་པ་དང་རིག་གཞུང་ཞིབ་འཇུག་གི་ལས་གཉེར་བ། ལས་རིགས་མཐུན་ཚོགས་དུ་ཞུགས་པ། ཆེད་ལས་རིག་གཞུང་ཚོགས་པར་ཞུགས་པ་བཅས་ཀྱི་དབང་ཆ་ཡོད་པ་ཡིན།

ནད་གཡོག་ལས་གཉེར་ལ་ནད་གཞི་བརྟག་དཔྱད་དང་སྨན་བཅོས། བདག་སྐྱོང་གི་འབྲེལ་ཡོད་ཆ་འཕྲིན་ཐོབ་པའི་དབང་ཆ་དང་། བདག་སྐྱོང་ལས་འགན་དང་འབྲེལ་ཡོད་ཀྱི་དབང་ཆ་གཞན་དག་ཡོད་པ་ཡིན་ལ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་འཕྲོད་བསྟེན་གཙོ་སྐྱོང་སྡེ་ཁག་གི་བྱ་བར་བསམ་འཆར་བཏོན་ཆོག

3 འོས་འགན།

ནད་གཡོག་ལས་གཉེར་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ལམ། ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་ཚད་གཞིའི་གཏན་འབེབ་ལ་བརྩི་སྲུང་བྱ་བ།  

ནད་གཡོག་ལས་གཉེར་གྱིས་ལས་གཉེར་བྱེད་སྒོའི་ཁྲོད། ནད་པའི་ནད་གཞི་ཇེ་སྡུག་ཏུ་སོང་བ་ཤེས་རྟོགས་བྱུང་བ་ཡིན་ན། མྱུར་དུ་སྨན་པ་དཀའ་བཅུ་པར་བརྡ་བརྒྱབ་དགོས་ཤིང་། གནས་ཚུལ་ཚབས་ཆེན་གྱི་སྐབས་སུ་ནད་པའི་ཚེ་སྲོག་མྱུར་སྐྱོབ་ཀྱི་ཆེད་དུ། སྔོན་ལ་དགོས་ངེས་ཀྱི་མྱུར་སྐྱོབ་བྱ་དགོས།

ནད་གཡོག་ལས་གཉེར་གྱིས་ནད་པར་གུས་བཀུར་དང་སེམས་ཁུར། བདག་སྐྱོང་བཅས་བྱ་དགོས་ལ། ནད་པ་མི་སྒེར་གྱི་གསང་བར་སྲུང་སྐྱོབ་བྱ་དགོས།

ནད་གཡོག་ལས་གཉེར་ལ་སྤྱི་པའི་འཕྲོད་བསྟེན་དང་ནད་གཞི་སྔོན་འགོག་ཚོད་འཛིན་གྱི་བྱ་བར་ཞུགས་པའི་འོས་འགན་ཡོད་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-28

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།