དུག་སེལ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུག་སེལ་པ།
རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་ཐང་སོགས་ཀྱི་ཐད། སྦྱོང་བརྡར་ཐོབ་ཡོད་པའི་དུག་སེལ་པའི་རུ་ཁག་གིས་འགོ་ནད་སྔོན་འགོག་གི་བྱ་བ་བསྒྲུབ་དགོས་པ་ཡིན། དེ་ཡང་མ་ལག་རང་བཞིན་གྱི་ཆེད་ལས་གསོ་སྦྱོང་བྱས་པ་བརྒྱུད། ལས་ཞུགས་དང་ལས་འདེམས་ཀྱི་མི་སྣར་རྒྱལ་ཁབ་ལས་རིགས་ཐོབ་ཐང་དཔང་རྟགས་གནང་ཆོག་ལ། ལས་ཐོག་མི་སྣ་ཡིན་ན། ཤེས་བྱ་གསར་སྣོན་དང་ནུས་རྩལ་མཐོར་འདེགས། ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་བྱ་བ་བཅས་ཡིན་ཞིང་། ཉིན་རེ་བཞིན་ཚད་ལྡན་དང་འགྲན་རྩོད། གོ་རིམ་ལྡན་པ་བཅས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ཚོང་རའི་ཁྲོད། མི་སྒེར་གྱི་རིན་ཐང་མངོན་འགྱུར་བྱས་ནས། དུག་སེལ་ལས་རིགས་སྤྱི་ཚོགས་ཅན་དང་དུག་སེལ་ཞབས་ཞུ་ལས་རིགས་ཅན་དུ་མངོན་འགྱུར་ཡོང་བ་བྱས་ཏེ། རང་རྒྱལ་གྱི་དུག་སེལ་ཚོང་རའི་འཕེལ་རྒྱལ་ལ་སྐུལ་འདེད་བྱ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
消毒员
1 དོན་སྙིང་།

2 ཁྱད་ཆོས།

ཆེད་ལས་རང་བཞིན་ནི་དུག་སེལ་པའི་ཁྱད་ཆོས་གཙོ་ཆེ་བ་ཞིག་ཡིན་ལ། དུག་སེལ་པ་ཞིག་ཡིན་ན། ངེས་པར་དུ་ཆེད་ལས་ཀྱི་སྤུས་ཚད་ངེས་ཅན་ཞིག་ལྡན་དགོས་པ་ཡིན། གལ་ཏེ་འབྲེལ་ཡོད་ཀྱི་ལས་རིགས་ནུས་རྩལ་གསོ་སྦྱོང་མ་བྱས་པར། སྐབས་ཐོག་ཏུ་གསོ་སྦྱོང་བརྒྱུད་མྱོང་མེད་པའི་མི་སྣ་དུག་སེལ་གྱི་བྱ་བར་ཞུགས་ཚེ། དུག་སེལ་སྨན་ཆུའི་སྡེབ་ཁ་མ་འགྲིག་པ་དང་བཀོལ་སྤྱོད་བྱེད་མི་ཤེས་པ་སོགས་ཀྱིས་མཇུག་འབྲས་ཚབས་ཆེན་འབྱུང་བ་ཡིན།

ཤེས་བྱའི་ནུས་རྩལ་གྱི་ཕྱོགས་ཡོངས་རང་བཞིན་ནི་དུག་སེལ་གྱི་བྱ་བ་གཉེར་བའི་ལས་བྱེད་མི་སྣ་ཡིན་ན། ངེས་པར་དུ་དུག་སེལ་སྨན་ཆུ་བཀོལ་སྤྱོད་བྱེད་ཐབས་དང་སྡེབ་སྦྱོར་བྱེད་ཐབས་སོགས་ལ་བྱང་ཆ་ཡོད་དགོས་པར་མ་ཟད། དུག་སེལ་གྱི་བྱེད་ཐབས་སྣ་ཚོགས་པའི་བཀོལ་སྤྱོད་ཚད་གཞི་ཡིད་ལ་ངེས་དགོས་ཤིང་། དེ་དང་མཉམ་དུ་དུག་སེལ་འཕྲུལ་ཆས་བཀོལ་སྤྱོད་སོགས་བྱ་ཐུབ་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།