ཉེན་རྟོག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉེན་རྟོག་པ།
ཀྲུང་གོའི་ཉེན་རྟོག་པར་དྲག་ཆས་ཉེན་རྟོག་པ་དང་མི་དམངས་ཉེན་རྟོག་པའི་དབྱེ་བ་གཉིས་ཡོད་ཅིང་། སྤྱི་བདེ་ནི་སྒྲ་ཡངས་འཇུག་གི་སྒོ་ནས་མི་དམངས་ཉེན་རྟོག་པ་ལ་གོ་བ་ཡིན། དེ་ལ་ཡང་སྤྱི་བདེ་སྡེ་ཁག་གིས་དོ་དམ་གྱི་སྤྱི་བདེ་ཉེན་རྟོག་པ་དང་རྒྱལ་ཁབ་བདེ་འཇགས་སྡེ་ཁག་གིས་དོ་དམ་གྱི་རྒྱལ་ཁབ་བདེ་འཇགས་ཉེན་རྟོག་པ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ཁོངས་སུ་གཏོགས་པའི་ཁྲིམས་འཛིན་ཉེན་རྟོག་པ་བཅས་རིགས་གསུམ་ཡོད། དེ་ཡང་མི་དམངས་ཉེན་རྟོག་པ་ནི་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཡིན་ལ། ཉེན་རྟོག་ལྟ་ཞིབ་པ་དང་ཉེན་རྟོག་ལྟ་སྐུལ་པ། ཉེན་རྟོགས་ལས་ཚན་པ། ཉེན་རྟོག་པ་བཅས་ཀྱི་ཉེན་རྟོག་པའི་གོ་རྟགས་ལམ་ལུགས་ལག་བསྟར་བྱ་བ་ཡིན། དེ་དག་གི་གྱོན་པའི་ཁ་དོག་ནི་ནག་པོ་ཤས་ཆེ་བ་ཡིན། གཞན་དྲག་ཆས་ཉེན་རྟོག་པའི་མིང་ཧྲིལ་བོ་ལ་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་ཟེར་བ་ཡིན་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དྲག་ཆས་སྟོབས་ཤུགས་ཀྱི་ཆ་ཤས་ཤིག་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱིས་གནང་བའི་བདེ་འཇགས་ཉེན་སྲུང་གི་འགན་འཁུར་དང་དུ་བླངས་པའི་དམག་དཔུང་ཞིག་ཡིན་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཉིས་ཆའི་སྣེ་ཁྲིད་འོག་གི་ལས་ཁུངས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
警察
ཕྱི་ཡིག་གི་མིང་།
police
རང་བཞིན།
མི་དམངས་ཉེན་རྟོག་པ།
དབྱེ་བ།
མི་དམངས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ།
དཀར་ཆག
1 དབྱེ་བ།

ཀྲུང་གོའི་ཉེན་རྟོག་པར་དྲག་ཆས་ཉེན་རྟོག་པ་དང་མི་དམངས་ཉེན་རྟོག་པའི་དབྱེ་བ་གཉིས་ཡོད་ཅིང་། དྲག་ཆས་ཉེན་རྟོག་པའི་མིང་ཧྲིལ་བོ་ལ་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་ཟེར་བ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དྲག་ཆས་སྟོབས་ཤུགས་ཀྱི་ཆ་ཤས་ཤིག་ཡིན། དེ་ནི་རྒྱལ་ཁབ་ཀྱིས་གནང་བའི་བདེ་འཇགས་ཉེན་སྲུང་གི་འགན་འཁུར་དང་དུ་བླངས་པའི་དམག་དཔུང་ཞིག་ཡིན་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཉིས་ཆའི་སྣེ་ཁྲིད་འོག་གི་ལས་ཁུངས་ཡིན།

དྲག་ཆས་ཉེན་རྟོག་པ་ལ་རིགས་ཆེན་པོ་གསུམ་ཡོད་དེ། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་དཔུང་གིས་ཐད་ཀར་སྣེ་ཁྲིད་དོ་དམ་གྱི་ནང་སྲུང་དམག་དཔུང་དང་ཉེན་རྟོག་རིམ་ཕྲེང་དུ་ནང་འཇུག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་སྒོའི་སྡེ་ཁག  དྲག་ཆས་སྤྱི་ཁྱབ་རུ་དཔུང་གི་སྣེ་ཁྲིད་འོག་གི་དམག་དཔུང་། ཉེན་རྟོག་རིམ་ཕྲེང་དུ་ནང་འཇུག་གི་སྤྱི་བདེ་སྡེ་ཁག་གིས་དོ་དམ་གྱི་དམག་དཔུང་བཅས་ཡོད་པ་ཡིན།

དྲག་ཆས་དམག་དཔུང་གི་དཔོན་དམག་ནི་དམག་མི་ཡིན་ཞིང་། ཅང་དང་ཞའོ། ཝེ། ཧྲི་དཔོན། དམག་མི་བཅས་ཀྱི་ཉེན་རྟོག་གོ་རྟགས་ལམ་ལུགས་ལག་བསྟར་བྱ་བ་ཡིན། དེ་དག་གི་གྱོན་པའི་ཁ་དོག་ནི་རྒྱ་ཨར་མདོག་ཤས་ཆེ་བ་ཡིན།

མི་དམངས་ཉེན་རྟོག་པ་ལ་སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས། བཙོན་ཁང་། ངལ་རྩོལ་སློབ་གཅུན་དོ་དམ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ་དང་། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་ཉེན་རྟོག་པ་བཅས་ཡོད་ཅིང་། མི་དམངས་ཉེན་རྟོག་པ་ནི་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཡིན་ལ། ཉེན་རྟོག་ལྟ་ཞིབ་པ་དང་ཉེན་རྟོག་ལྟ་སྐུལ་པ། ཉེན་རྟོགས་ལས་ཚན་པ། ཉེན་རྟོག་པ་བཅས་ཀྱི་ཉེན་རྟོག་པའི་གོ་རྟགས་ལམ་ལུགས་ལག་བསྟར་བྱ་བ་ཡིན། དེ་དག་གི་གྱོན་པའི་ཁ་དོག་ནི་ནག་པོ་ཤས་ཆེ་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།