གཙང་སྦྲ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཙང་སྦྲ་པ།
གཙང་སྦྲ་པ་ནི་ས་ངོས་གཙང་སྦྲ་བྱེད་མཁན་གྱི་ལས་བཟོ་པ་ལ་ཟེར་བ་ཡིན་ཞིང་། དེའི་ལས་འགན་གཙོ་བོ་ནི་གད་བདར་བྱ་བ་དང་གད་སྙིགས་བྱི་དོར་བྱས་ནས། གད་སྙིགས་ཕྱོགས་གཅིག་ཏུ་སྤུང་སར་བསྐྱལ་བ་བཅས་ཡིན། ཡང་དེ་ནི་སྤྱིར་བཏང་དུ་གཙང་སྦྲའི་ལས་ཁུངས་དང་ཀུང་སི། སྤྱི་དམངས་ཀྱི་ཁོར་ཡུག་ཏུ་ཡོད་པའི་ལས་བཟོ་པར་གོ་བ་ཡིན་ལ། མི་རྣམས་ཀྱིས་དེར་གྲོང་ཁྱེར་གྱི་མཛེས་བཟོ་མཁན་པོ་ཞེས་བསྟོད་བསྔགས་བྱས་མྱོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
清洁工
ཕྱི་ཡིག་གི་མིང་།
The Cleaner
ཁོངས་གཏོགས་སྡེ་ཁག
ཁོར་ཡུག་སྲུང་སྐྱོབ་དོ་དམ་སྡེ་ཁག
བྱ་བའི་རྣམ་པ།
ཞབས་ཞུའི་རིགས།
1 ངོ་སྤྲོད།

གཙང་སྦྲ་པ་ནི་ས་ངོས་གཙང་སྦྲ་བྱེད་མཁན་གྱི་ལས་བཟོ་པ་ལ་ཟེར་བ་ཡིན་ཞིང་། དེའི་ལས་འགན་གཙོ་བོ་ནི་གད་བདར་བྱ་བ་དང་གད་སྙིགས་བྱི་དོར་བྱས་ནས། གད་སྙིགས་ཕྱོགས་གཅིག་ཏུ་སྤུང་སར་བསྐྱལ་བ་བཅས་ཡིན། ཡང་དེ་ནི་སྤྱིར་བཏང་དུ་གཙང་སྦྲའི་ལས་ཁུངས་དང་ཀུང་སི། སྤྱི་དམངས་ཀྱི་ཁོར་ཡུག་ཏུ་ཡོད་པའི་ལས་བཟོ་པར་གོ་བ་ཡིན་ལ། མི་རྣམས་ཀྱིས་དེར་གྲོང་ཁྱེར་གྱི་མཛེས་བཟོ་མཁན་པོ་ཞེས་བསྟོད་བསྔགས་བྱས་མྱོང་།

2 དབྱེ་བ།

ཁྱིམ་ཚང་ལ་གཙང་སྦྲ་བྱེད་མཁན་ལ་ངལ་རྩོལ་གྱི་དུས་ཚོད་ལྟར་གཡོག་པོ་དང་དུས་བཅད་གླ་བར་འབོད་པ་ཡིན་མོད། འོན་ཀྱང་ཆེད་དུ་གད་བདར་དང་གཙང་སྦྲར་འགན་འཁུར་མཁན་གྱི་ཁྱིམ་ལས་མི་སྣ་ནི་གཙང་སྦྲ་པའི་རིགས་སུ་གཏོགས་པ་ཡིན། ཡང་སྐབས་ལ་ལར་གཙང་སྦྲ་པའི་གཙང་སྦྲའི་འགན་འཁུར་གྱི་ཁྱབ་ཁོངས་ལྟར། རིགས་མང་དུ་བཀར་ཡོད་དེ། དཔེར་ན། སྒེའུ་ཁུང་དང་གྱང་ལྡེབས་གཙང་སྦྲ་བྱེད་མཁན་ལ་སྒེའུ་ཁུང་གཙང་སྦྲ་པ་ཟེར་བ་ཡིན་ལ། ཆེད་དུ་སྲང་ལམ་གཙང་སྦྲ་བྱེད་མཁན་ལ་སྲང་ལམ་གཙང་སྦྲ་པ་ཟེར་བ་ཡིན།

ཕྱི་རྒྱལ་དུ་ལག་དམར་གླས་མ་ཞེས་པ་ནི་དམིགས་བསལ་གྱི་སྦྱོང་རྡར་ཐོབ་པ་དང་། སྲིད་གཞུང་གི་ལས་ཁུངས་སམ་རྩ་འཛུགས་གང་ལའང་མི་གཏོགས་པའི་དམག་མི་གླས་མ་ལ་གོ་བ་ཡིན་ཞིང་། དེ་ནི་ཆེད་དུ་གླ་བདག་ལ་རོགས་རམ་བྱས་པ་བརྒྱུད་དགྲ་བོ་ཚར་གཅོད་བྱ་བ་ཞིག་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ལས་རིགས། འཕྲོད་བསྟེན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།