གཞས་གདངས་རྩོམ་མཁན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཞས་གདངས་རྩོམ་མཁན།
གཞས་གདངས་རྩོམ་མཁན་ནི་གདངས་དབྱངས་རྩོམ་མཁན་རོལ་མོ་པ་ཐམས་ཅད་ཀྱི་སྤྱི་མིང་ལ་བྱ་བ་ཡིན་ཞིང་། ཆེད་དུ་རོལ་དབྱངས་གསར་རྩོམ་གྱི་རོལ་དབྱངས་མཁན་ལ་གོ་བ་ཡིན་ལ། དེ་ཡི་རྣམ་པ་མངོན་སྟངས་ནི་གདངས་དབྱངས་ཡིན་པ་དང་། དེ་ནི་རོལ་དབྱངས་མཁན་གྱི་ནང་གསེས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
作曲家
ཕྱི་ཡིག་གི་མིང་།
Composer
མཚན་ཉིད།
གདངས་དབྱངས་རྩོམ་མཁན་རོལ་མོ་པ་ཐམས་ཅད་ཀྱི་སྤྱི་མིང་།
རང་བཞིན།
རོལ་དབྱངས་མཁན་གྱི་ནང་གསེས་ཤིག
1 ངོ་སྤྲོད།

གཞས་གདངས་རྩོམ་མཁན་ནི་ཆེད་དུ་རོལ་དབྱངས་གསར་རྩོམ་གྱི་ལས་གཉེར་བའི་རོལ་དབྱངས་མཁན་ལ་གོ་བ་ཡིན་ཞིང་། སྔོན་ཆད་ཀྱི་དུས་སུ། རོལ་དབྱངས་མཁན་མང་ཆེ་ཤས་ཀྱིས་གཞས་གདངས་རྩོམ་ཤེས་པ་ཡིན་མོད། འོན་ཀྱང་སྤྱི་ཚོགས་ཀྱི་ལས་བགོས་ཧ་ཅང་གསལ་བོ་ཡིན་པའི་དེང་གི་སྤྱི་ཚོགས་སུ། གཞས་གདངས་རྩོམ་མཁན་དང་རོལ་དཀྲོལ་པ། བཀོད་འདོམས་པ་སོགས་ནི་རོལ་དབྱངས་མཁན་གྱི་ནང་གསེས་སུ་གྱུར་ཡོད་པ་རེད།

གཞས་གདངས་རྩོམ་མཁན་གྱིས་ངེས་པར་དུ་རོལ་དབྱངས་ཀྱི་རྣམ་པ་མི་འདྲ་བ་ལ་གཞས་གདངས་རྩོམ་ལུགས་མི་འདྲ་བ་ཡོད་པ་ཤེས་དགོས་ལ། དེ་ནི་ཟློས་གར་གྱི་ཆེད་དུ་གཞས་གདངས་བརྩམ་པ་ཡིན་ན། འཁྲབ་སྟོན་པའི་སྐད་ཀྱི་གདངས་དང་སྒྲའི་སྤུས་ཚད་ལ་བསམ་བློ་གཏང་དགོས་པ་ཡིན། གསར་དར་གླུ་གཞས་ཀྱི་ཆེད་དུ་གཞས་གདངས་བརྩམ་པ་ཡིན་ན། གླུ་ཚིག་གི་ནང་དོན་གསལ་བོར་ཤེས་དགོས་པ་དང་། མིག་སྔར་གྱི་གསར་དར་ཁ་ཕྱོགས་ལ་གསལ་ཆ་ཡོད་དགོས། ཡང་མཉམ་སྒྲོག་རོལ་དབྱངས་ཀྱི་ཆེད་དུ་གཞས་གདངས་བརྩམ་པ་ཡིན་ན། རོལ་ཆ་སྣ་ཚོགས་ལ་རྒྱུས་ལོན་ཅུང་ཙམ་ཡང་མེད་པས་མི་ཆོག་ཅིང་། དེ་དག་ཡོད་ཚད་ནི་གཞས་གདངས་རྩོམ་མཁན་གྱིས་ངེས་པར་དུ་གདོང་གཏད་དགོས་པའི་དཀའ་ཁག་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།