གཏེར་ལས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཏེར་ལས།
གཏེར་ལས་ཐོན་ཁུངས་ནི་ས་ཤུན་གྱི་དུས་ཡུན་རིང་བོའི་གྲུབ་ཚུལ་དང་འཕེལ་རྒྱས། རིམ་འགྱུར་བཅས་ཀྱི་གོ་རིམ་ཁྲོད་བྱུང་བའི་ཐོན་དངོས་ཡིན་ལ། དེ་ནི་རང་བྱུང་ཁམས་ཀྱི་གཏེར་རྫས་དག་ས་གཤིས་ཀྱི་ཆ་རྐྱེན་ངེས་ཅན་འོག ས་གཤིས་ཀྱི་ནུས་པ་ངེས་ཅན་ཞིག་བརྒྱུད་པ་དང་། ས་གཤིས་མི་འདྲ་བའི་ནུས་པའི་འོག རིགས་མི་འདྲ་བའི་གཏེར་རྫས་རྣམ་པ་སྣ་ཚོགས་གྲུབ་པ་ལ་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
矿业
ཕྱི་ཡིག་གི་མིང་།
mining industry
འགྲེལ་བ།
ས་འོག་གཏེར་རྫས་སྔོག་འདོན་གྱི་ལས་དོན།
1 ངོ་སྤྲོད།

ཀྲུང་གོ་གསར་བ་བཙུགས་པའི་ཚུན་གྱི་ལོ་ངོ50ནང་དུ། གཞི་རྒྱ་ཆེ་བའི་གཏེར་རྫས་ས་གཤིས་རྩད་ཞིབ་ཀྱི་བྱ་བ་འགོ་བརྩམས་ནས་གྲུབ་འབྲས་ཀྱང་མི་དམན་པ་བླངས། མིག་སྔར་གསར་རྙེད་བྱུང་བའི་གཏེར་རྫས་ཀྱི་རིགས168ཡོད་པ་དང་། རྩད་ཆོད་པའི་གྲངས་འབོར་ངེས་ཅན་ཡོད་པའི་གཏེར་རྫས་ཀྱི་རིགས153ཡོད། དེ་ལས་ནུས་ཁུངས་གཏེར་རྫས་རིགས8ཡོད། ལྕགས་རིགས་ལྗིད་གྲས་ཀྱི་གཏེར་རྫས་རིགས54ཡོད། ལྕགས་རིགས་ལྗིད་གྲས་མ་ཡིན་པའི་གཏེར་རྫས་རིགས88ཡོད། ཆུ་རླངས་གཏེར་རྫས་རིགས3ཡོད།

2 ཁྱད་ཆོས།

གཏེར་རྫས་ཐོན་ཁུངས་ཀྱི་སྤྱིའི་གྲངས་འབོར་ཧ་ཅང་ཕུན་སུམ་ཚོགས་པ་དང་། ལྟོས་བཅས་ཀྱིས་ཆ་སྙོམས་མི་གྲངས་ཀྱི་ཐོན་ཁུངས་དེ་འདྲའི་ཕུན་སུམ་ཚོགས་པ་མ་ཡིན།

གཏེར་རྫས་ཀྱི་རིགས་འཛོམས་པོ་ཡིན་པ་དང་། ཐོན་ཁུངས་ཀྱི་འཛོམས་ཚད་གཅིག་འདྲ་མ་ཡིན།

གཏེར་རྫས་ཀྱི་སྤུས་ཚད་ཆ་སྙོམས་མ་ཡིན།

གཏེར་རྫས་ཆེན་པོའི་རིགས་ཉུང་བ་དང་། གཏེར་རྫས་ཆུང་འབྲིང་གི་རིགས་མང་བ་ཡིན།

མཉམ་སྐྱེས་གཏེར་རྫས་མང་བ་དང་། རྐྱང་སྐྱེས་གཏེར་རྫས་ཉུང་བ་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ལས་རིགས། གཏེར་ལས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།