ཁྲིམས་རྩོད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲིམས་རྩོད་པ།
ཁྲིམས་རྩོད་པ་ནི་གནའ་རབས་ཀྱི་གཏུག་བཤེར་བློ་འདོན་མཁན་དང་མི་འདྲ་བར། ཁྲིམས་ལྟར་ཁྲིམས་རྩོད་པའི་ལས་གཉེར་དཔང་ཡིག་བླངས་ཏེ། མངག་བཅོལ་དང་དམིགས་འཛུགས་དང་ལེན་བྱས་ནས། དོ་བདག་ལ་ཁྲིམས་ལུགས་ཞབས་ཞུ་འདོན་སྤྲོད་ཀྱི་ལས་གཉེར་མི་སྣ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
律师
ཕྱི་ཡིག་གི་མིང་།
Lawyer
དབྱེ་བ།
ཆེད་གཉེར་ཁྲིམས་རྩོད་པ་དང་ལས་ཞོར་ཁྲིམས་རྩོད་པ།
ལས་སྒོ།
གཏུག་བཤེར་ལས་སྒོ་དང་གཏུག་བཤེར་མ་ཡིན་པའི་ལས་སྒོ།
1 རགས་བཤད།

ཁྲིམས་རྩོད་པ་ནི་གནའ་རབས་ཀྱི་གཏུག་བཤེར་བློ་འདོན་མཁན་དང་མི་འདྲ་བར། ཁྲིམས་ལྟར་ཁྲིམས་རྩོད་པའི་ལས་གཉེར་དཔང་ཡིག་བླངས་ཏེ། མངག་བཅོལ་དང་དམིགས་འཛུགས་དང་ལེན་བྱས་ནས། དོ་བདག་ལ་ཁྲིམས་ལུགས་ཞབས་ཞུ་འདོན་སྤྲོད་ཀྱི་ལས་གཉེར་མི་སྣ་ལ་གོ་བ་ཡིན།

བྱ་བའི་ངོ་བོ་ལྟར་དབྱེ་ན། ཆེད་གཉེར་ཁྲིམས་རྩོད་པ་དང་ལས་ཞོར་ཁྲིམས་རྩོད་པ་གཉིས་ཡིན་ལ། ལས་རིགས་ཀྱི་ཁྱབ་ཁོངས་ལྟར་དབྱེ་ན། དམངས་དོན་ཁྲིམས་རྩོད་པ་དང་ཉེས་དོན་ཁྲིམས་རྩོད་པ། སྲིད་འཛིན་ཁྲིམས་རྩོད་པ་བཅས་ཡིན། ཡང་ཞབས་ཞུའི་ཁ་གཏད་ཡུལ་དང་བྱ་བའི་ཐོབ་ཐང་ལྟར་དབྱེ་ན། སྤྱི་ཚོགས་ཁྲིམ་རྩོད་པ་དང་ཀུང་སི་ཁྲིམས་རྩོད་པ། གཞུང་ཞབས་ཁྲིམས་རྩོད་པ་བཅས་ཡིན། གཞན་ཁྲིམས་རྩོད་པའི་ལས་སྒོ་ནི་གཙོ་བོ་གཏུག་བཤེར་ལས་སྒོ་དང་གཏུག་བཤེར་མ་ཡིན་པའི་ལས་སྒོ་གཉིས་ཡིན།

2 ལས་སྒོ།

ཁྲིམས་དོན་བློ་འདོན་པ།

གཏུག་བཤེར་ལས་ཚབ་མི་སྣ།

ཉེས་དོན་དག་འབུད་མཁན།

གཏུག་བཤེར་མ་ཡིན་པའི་ལས་ཚབ་མི་སྣ་ཡིན་པ་དང་། འདུམ་སྒྲིག་དང་འདུམ་གཅོད་ལ་ཞུགསག་པ།

ཁྲིམས་ལུགས་ཀྱི་འདྲི་རྩད་ལ་གསལ་འགྲེལ་དང་བཅའ་ཁྲིམས་སྐོར་གྱི་ཡིག་རིགས་འབྲི་རོགས་བྱ་བ་སོགས། གཞན་ད་དུང་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་ཡང་དག་པའི་སྒོ་ནས་ཁྲིམས་ལུགས་ལག་བསྟར་ལ་སྲུང་སྐྱོབ་བྱ་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།