ཁྱིམ་འཛིན་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྱིམ་འཛིན་མ།
ཁྱིམ་འཛིན་མ་ནི་གཉེན་བསྒྲིགས་ཟིན་པའི་བུད་མེད་ཀྱིས་གཉེར་བའི་བྱ་བའི་ལས་གནས་རིགས་ཤིག་ཡིན་ལ། ཁྱིམ་ལས་ཀྱི་བྱ་བ་ཁོ་ན་བསྒྲུབ་པ་ལས་སྒོ་ཕྱི་རུ་སོང་ནས་ལས་ཀ་སོགས་མི་གཉེར་བའི་བུད་མེད་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
家庭主妇
དཀར་ཆག
1 རགས་བཤད།

ཁྱིམ་འཛིན་མ་ནི་གཉེན་བསྒྲིགས་ཟིན་པའི་བུད་མེད་ཀྱིས་གཉེར་བའི་བྱ་བའི་ལས་གནས་རིགས་ཤིག་ཡིན་ལ། ཁྱིམ་ལས་ཀྱི་བྱ་བ་ཁོ་ན་བསྒྲུབ་པ་ལས་སྒོ་ཕྱི་རུ་སོང་ནས་ལས་ཀ་སོགས་མི་གཉེར་བའི་བུད་མེད་ལ་གོ་བ་ཡིན། དེ་ཡང་ཁྱིམ་འཛིན་མའི་ཞབས་ཞུའི་ཁ་གཏད་ཡུལ་ནི་ཁྱིམ་ཚང་གི་ཁོངས་མི་ཡིན་ཏེ། ཁྱོ་ག་དང་བུ་བུ་མོ་ཡིན་པ་དང་། ཁྱོ་གའི་ཁྱིམ་མི་དང་མཉམ་དུ་བསྡད་ཡོད་པ་ཡིན་ན། ཁྱོ་གའི་ཁྱིམ་མི་དག་ལ་ཡང་ཞབས་ཞུ་བསྒྲུབ་དགོས། གལ་ཏེ་ཆུང་མས་ཁྱིམ་ལས་ཀྱི་བྱ་བ་འགན་འཁུར་བ་ཡིན་ན། ཁྱོ་གའམ་ཁྱོ་གའི་ཁྱིམ་མི་དག་ནི་སྒོ་ཕྱི་རུ་སོང་ནས་སྒོར་མོ་བཙལ་བའི་ཚེ། ཁྱིམ་དུ་བསྡད་ནས་ཁྱིམ་ལས་ཀྱི་བྱ་བའི་འགན་གཙོ་བོ་འཁུར་བའི་བུད་མེད་དེ་ལ་ད་གཟོད་ཁྱིམ་འཛིན་མ་ཞེས་བྱ་བ་ཡིན།

ལས་རིགས་འདིའི་རིགས་ནི་མི་ཤུགས་ཚོང་རས་བསྡུས་པ་ཞིག་མ་ཡིན་ལ། ངལ་རྩོལ་གྱི་གླ་ཆ་ནི་བལྟས་ཚོད་ཀྱིས་ཐོབ་ཆ་མེད་པ་ལྟ་བུར་སྣང་ཡང་། གཉེན་སྒྲིག་བཅའ་ཁྲིམས་ཀྱིས་ཁྱིམ་འཛིན་མའི་དབང་ཆ་སྲུང་འཛིན་བྱས་ཡོད། དཔེར་ན། ཤུལ་བཞག་རྒྱུ་ནོར་བགོ་བཤའི་དབང་ཆ་དང་གཉེན་འཐོར་བུད་མེད་ཀྱི་དབང་ཆ་ལ་སོགས་པ་ལྟ་བུ།

ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་དག་ཏུ། ཁྱིམ་འཛིན་མ་ནི་སྤྱི་ཚོགས་ཀྱི་ལས་རིགས་རིགས་ཤིག་ཡིན་ཞིང་། འབྲེལ་ཡོད་ཀྱི་སྤྱི་ཚོགས་ཕན་བདེའི་ཐོབ་ཐང་ལོངས་སྤྱོད་བྱ་བ་ཡིན། ཀྲུང་གོར། ཁྱིམ་འཛིན་མ་ནི་ཅུང་མང་བ་ཡིན་ལ། དེ་ནི་གཉེན་སབསྒྲིགས་རྗེས་ལས་ཀར་མི་ཞུགས་པར། ཉིན་རྒྱུན་ཁྱིམ་ཚང་གི་སླད་དུ་འདུར་རྒྱུག་བྱ་བ་དང་། ཐད་ཀར་གྱི་དཔལ་འབྱོར་ཡོང་སྒོ་མེད་པའི་སྐྱེས་མའི་རིགས་ཤིག་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།