དམངས་ཀྱི་བརྒྱུད་སྒྲོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་ཀྱི་བརྒྱུད་སྒྲོག་ནི་སྤྱི་ཚོགས་དང་འབྲེལ་བའི་སྨྱན་རྫས་ཡི་གེ་དང་གློག་རླབས། བརྙན་འཕྲིན། གློག་རྡུལ་དྲ་རྒྱ་སོགས་བརྒྱུད་ནས། སྤྱི་ཚོགས་ལ་ཡོངས་བསྒྲགས་བརྒྱུད་སྐུར་དང་། རང་ཉིད་ཀྱིས་ཐབས་ལམ་སྣ་ཚོགས་སྤྱད་དེ་བསྐྱར་བཟོའི་ཆ་འཕྲིན་གྱི་སྤྱི་ཚོགས་ལག་ལེན་བྱེད་པའི་གོ་རིམ་ཧྲིལ་བོ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大众传播
ཕྱི་ཡིག་གི་མིང་།
Mass Communication
རང་བཞིན།
མིའི་རིགས་ཀྱི་ཆེས་གལ་ཆེ་བའི་བརྒྱུད་གཏོང་གི་རྣམ་པ།
མགོ་བརྩམས་པའི་དུས་ཚོད།
སྤྱི་ལོ1945ལོའི་ཟླ11པ།
1 མཚམས་སྦྱོར་མདོར་བསྡུས།

དམངས་ཀྱི་བརྒྱུད་སྒྲོག་ནི་ཚགས་པར་དང་དུས་དེབ། དཔེ་དེབ། གློག་བརྙན། རྒྱང་སྒྲོག བརྙན་འཕྲིན་སོགས་ཀྱི་བརྒྱུད་སྒྲོག་ཡོ་བྱད་སྤྱད་ནས་མི་མང་ལ་ཆ་འཕྲིན་བརྒྱུད་བསྐུར་བྱེད་པའི་གོ་རིམ་ལ་ཟེར་བ་དང་། སྤྱི་ལོ1968ལོར་ཅེ་ནོ་ཝེ་ཚི་ཡིས་དམངས་ཀྱི་བརྒྱུད་སྒྲོག་ནི་སྒྲིག་གཞི་དང་ལག་རྩལ་གཉིས་ཀྱིས་གྲུབ་པ་ཞིག་ཡིན་པར་བརྗོད་ཡོད་ལ། ཆེད་ལས་ཅན་གྱི་ཚོགས་པས་སྒྲིག་གཞི་དེ་དང་ལག་རྩལ་དེ་བེད་སྤྱད་ནས་མི་མང་ལ་བརྒྱུད་སྒྲོག་བྱེད་ཐབས་མི་འདྲ་ལ་ཁྱབ་རྒྱ་ཆེ་བའི་མི་མང་འགུག་བྱེད་ཀྱི་བརྒྱུད་སྒྲོག་བརྡ་རྟགས་ཀྱི་ནང་དོན་ཅན་ཞིག་ཡིན། མི་མང་བརྒྱུད་སྒྲོག་ལ་བརྒྱུད་སྒྲོག་མཁན་དང་ཆ་འཕྲིན། མི་མང་བརྒྱུད་སྒྲོག་གི་ཡོ་བྱད་དང་བལྟ་མཁན་བཅས་ཡོད་པ་དང་། དེ་དང་བརྒྱུད་སྒྲོག་རྣམ་པ་གཞན་གྱི་རྩ་བའི་ཁྱད་པར་ནི། བརྒྱུད་སྒྲོག་བྱེད་མཁན་དང་ལྟ་མཁན་མང་པོའི་བར་དུ་བརྒྱུད་སྒྲོག་གི་ཡོ་བྱད་ཅིག་གམ་ཡང་ན་དེ་ལས་མང་པའི་ཡོ་བྱད་སྣ་ཚོགས་དྲ་སྦྲེལ་བྱེད་པ་ཞིག་ཡིན། མི་མང་བརྒྱུད་སྒྲོག་གིས་སྤྱི་ཚོགས་ཁོར་ཡུག་དང་རིག་གནས་ཁོར་ཡུག་གི་འགྱུར་བར་སྐུལ་འདེད་ཐེབས་ཡོད་པས། མི་རྣམས་ཀྱི་འཚོ་བ་ནི་ནམ་ཡང་མི་མང་བརྒྱུད་སྒྲོག་དང་ཁ་བྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།

2 ཁྱད་ཆོས།

(1) རྩ་འཛུགས་ཀྱི་རང་བཞིན་ལྡན་པ། དེ་ནི་བརྒྱུད་སྒྲོག་བྱེད་མཁན་ནམ་ཡང་ན་རྙོག་འཛིང་ཆེ་བའི་སྒྲིག་གཞི་ཞིག་ཡིན། དེའི་ནང་ཁུལ་དུ་ཞིབ་ཕྲའི་ལས་བགོས་མང་པོ་ཡོད།

(2) བརྒྱུད་སྒྲོག་གི་ནང་དོན་ལ་མངོན་གསལ་རང་བཞིན་དང་རྟོགས་སླའི་རང་བཞིན་ལྡན་ཡོད།

(3) དེ་ལ་གདམས་གསེས་ཀྱི་རང་བཞིན་ཤུགས་དྲག་པོ་ལྡན།

(4) བརྡ་འཕྲིན་འཁོར་རྒྱུགས་ལ་ཕྱོགས་གཅིག་རང་བཞིན་ལྡན།

(5)  མྱུར་བའི་རང་བཞིན་ལྡན།

3 ཁྱད་གཤིས།

(1) སྤྱི་ལ་ཕྱོགས་པ་ཞིག་ཡིན།

(2) ཚན་རྩལ་བརྒྱུར་བསྐུར་གྱི་ཐབས་ལམ་སྤྱོད་པ།

(3) གཞན་བརྒྱུད་ཀྱི་རྣམ་པ་ཅན་ཞིག་ཡིན།

(4) ཁ་ཕྱོགས་གཅིག་ཅན་ཞིག་ཡིན།

དྲ་རྒྱ་དང་སྨྱན་ཆས་གསར་བ་བྱུང་པ་དེས་མི་མང་བརྒྱུད་སྒྲོག་གི་ཁ་ཕྱོགས་ཆིག་རྐྱང་གི་རྣམ་པ་ལ་འགྱུར་བ་བཏང་པ་དང་། མཉམ་འགུལ་གྱི་རང་བཞིན་ནི་དྲ་རྒྱའི་བརྒྱུད་སྒྲོག་གི་མངོན་པར་གསལ་བའི་ཁྱད་གཤིས་ཡིན་ནོ། །

4 སྤྱི་ཚོགས་ལ་ཐོན་པའི་བྱེད་ནུས།

(1) མི་སྣ་དང་དོན་དག སྤྱི་ཚོགས་བྱ་འགུལ་གང་རུང་ལ་སྤྱི་ཚོགས་ཀྱི་གོ་གནས་མཁོ་སྤྲོད་བྱེད་པ།

(2) སྤྱི་ཚོགས་ཚོད་འཛིན་བྱེད་པའི་བར་སྦྲེལ་གྱི་བྱེད་ནུས་འདོན་གྱི་ཡོད།

(3) སྤྱི་ཚོགས་ཁོར་ཡུག་ལ་ལད་ཟློས་བྱེད་པའི་ནུས་པ་ལྡན་པ། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།