སྡེ་ཚན་དྲ་མིག་སྙོམས་སྒྲིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སོར་བཞག་ཏུ་སྡེ་ཚན་དྲ་མིག་ནང་གི་ཡིག་རྐྱང་ནི་གཡོན་སྙོམས་དང་གྲངས་ཀ་ནི་གཡས་སྙོམས་བྱས་ཡོད་ལ། རེའུ་མིག་གི་མཛེས་ཆའི་ཆེད་དུ་སྤྱོད་མཁན་གྱིས་ཐབས་ལམ་སྤྱད་ནས་དེའི་སྙོམས་སྒྲིག་བྱེད་སྟངས་བཅོས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
单元格调节
1 སྙོམས་སྒྲིག་བྱེད་སྟངས་ཚོ།

(1)དཔེ་རིས1-1ལྟར། ཡིག་ཆའི་ཁ་ཕྱེ་ནས། སྡེ་ཚན་དྲ་མིག་གི་ཁུལA3:H3བདམས་པ་དང་། “སྙོམས་སྒྲིག་བྱེད་སྟངས”ཚོའི་ནང་གི“དཀྱིལ་སྒྲིག”ཅེས་པའི་མཐེབ་གནོན 01.jpg དེར་ཆིག་རྡེབ་བྱེད་དགོས།

1.jpg

དཔེ་རིས1-1

(2)དེ་མུར་དཔེ་རིས1-2ལྟར། སྙོམས་སྒྲིག་བྱེད་སྟངས་སྒྲིག་འགོད་བྱས་པའི་མཐོང་འབྲས་མཐོང་ཐུབ།

2.jpg

དཔེ་རིས1-2

2  རྣམ་གཞག་སྒྲིག་འགོད།

(1)དཔེ་རིས1-3ལྟར། ཡིག་ཆའི་ཁ་ཕྱེ་ནས། སྡེ་ཚན་དྲ་མིག་གི་ཁུལA3:G10འདེམས་པ་དང་། “སྙོམས་སྒྲིག་བྱེད་སྟངས”ཚོའི་གཡས་ཟུར་འོག་མའི“གླེང་སྒྲོམ་སློང་ཆས”ཞེས་པའི་མཐེབ་གནོན 02.jpg དེར་ཆིག་རྡེབ་བྱས་པས་ན“སྡེ་ཚན་དྲ་མིག་གི་རྣམ་གཞག་སྒྲིག་འགོད”ཅེས་པའི་གླེང་སྒྲོམ་ཐོན་ལ། དེའི་བྱང་བུ“སྙོམས་སྒྲིག”ཅེས་པར་བརྗེས་ནས་ཕྱིས་སུ“ཆུ་སྙོམས་སུ་སྒྲིག”ཅེས་པའི་མར་འགྲེམས་རེའུ་མིག་ཏུ“དཀྱིལ་སྒྲིག”ཅེས་པའི་འདེམས་ཚན་གདམ་དགོས།

3.jpg

དཔེ་རིས1-3

(2)མཐེབ་གནོན 03.jpg “གཏན་འཁེལ”ལ་ཆིག་རྡེབ་བྱས་ནས་ཕྱིར་ལས་ཀའི་རེའུ་མིག་ཏུ་ལོག་པ་དཔེ་རིས1-4ལྟར། སྡེ་ཚན་དྲ་མིག་གི་ཁུལA1:G1འདེམས་པ་དང་། “སྙོམས་སྒྲིག་བྱེད་སྟངས”ཚོའི་ནང་གི“མཉམ་སྒྲིག་ནས་དཀྱིལ་སྒྲིག”ཅེས་པའི་མཐེབ་གནོན 04.jpg ལ་ཆིག་རྡེབ་བྱས་ན་བདམས་པའི་སྡེ་ཚན་དྲ་མིག་མཉམ་སྒྲིལ་བྱས་ནས་ཁ་བྱང་ཡང་དཀྱིལ་སྒྲིག་བྱེད་པ་ཡིན།

4.jpg

དཔེ་རིས1-4


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-10

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།