ཐོན་ལས་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐོན་ལས་དཔལ་འབྱོར་རིག་པ།
ཐོན་ལས་དཔལ་འབྱོར་རིག་པ་ནི། དུས་རབས19པའི་དུས་མཇུག་ཏུ་ཉེར་སྤྱོད་དཔལ་འབྱོར་རིག་པའི་ཁྱབ་ཁོངས་ཀྱི་ཡན་ལག་གལ་ཆེན་ཞིག་ཡིན། དེང་རབས་ནུབ་ཕྱོགས་དཔལ་འབྱོར་རིག་པའི་ནང་དུ་དངོས་ཡོད་ཀྱི་དཔལ་འབྱོར་གནད་དོན་ལ་དབྱེ་ཞིབ་བྱེད་པའི་གསར་བྱུང་ཉེར་སྤྱོད་དཔལ་འབྱོར་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན། ཐོན་ལས་དཔལ་འབྱོར་རིག་པ་ནི་རྡོག་རྡོག་ཏུ་གྲུབ་པའི་ཐོན་ལས་ཤིག་ཡིན་པའི་ཆ་ནས་གཞིར་བཟུང་སྟེ། བཟོ་ལས་ཅན་དཀྱིལ་སྙིང་དུ་བཟུང་བའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ཐོན་ལས་ཕན་ཚུན་བར་གྱི་འབྲེལ་བའི་གྲུབ་ཚུལ་དང་། ཐོན་ལས་ནང་ཁུལ་དུ་ཁེ་ལས་རྩ་འཛུགས་གྲུབ་ཚུལ་གྱི་འགྱུར་བའི་ཆོས་ཉིད་ལ་དཔྱད་བསྡུར་དང་། དེ་མིན་ཆོས་ཉིད་དེ་དག་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་ཞིག་ཡིན། ཐོན་ལས་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་ཐོན་ལས་ནང་ཁུལ་གྱི་ཁེ་ལས་ཕན་ཚུན་བར་བྱེད་ནུས་འདོན་པའི་འབྲེལ་བའི་ཆོས་ཉིད་དང་། ཐོན་ལས་རང་སྟེང་གི་འཕེལ་རྒྱས་ཆོས་ཉིད། ཐོན་ལས་དང་ཐོན་ལས་བར་གྱི་ཕན་ཚུན་སྐུལ་འབྲེལ་གྱི་ཆོས་ཉིད། དེ་མིན་ཐོན་ལས་དེ་བར་སྟོང་གི་ཁོངས་སུ་ཁྱབ་པའི་ཆོས་ཉིད་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
产业经济学
ཕྱི་ཡིག་གི་མིང་།
Industrial Economics
ཞིབ་འཇུག་བྱ་ཡུལ།
ཐོན་ལས།
ཁོངས་གཏོགས་གཙོ་བོ།
ཐོན་ལས་གྲུབ་ཚུལ། ཐོན་ལས་རྩ་འཛུགས།
1 ཞིབ་འཇུག་གི་ནང་དོན་གཙོ་བོ།

ཐོན་ལས་དཔལ་འབྱོར་རིག་པས་ཐོན་ལས་དེ་ཞིབ་འཇུག་བྱ་ཡུལ་དུ་བཟུང་ཡོད་པ་དང་། དེ་ལ་གཙོ་བོ་ཐོན་ལས་ཀྱི་གྲུབ་ཚུལ་དང་། ཐོན་ལས་རྩ་འཛུགས། ཐོན་ལས་ཀྱི་འཕེལ་རྒྱས། ཐོན་ལས་ཀྱི་ཁྱབ་ཚུལ། ཐོན་ལས་ཀྱི་སྲིད་ཇུས་སོགས་འདུ།  མ་རྩ་རིང་ལུགས་དཔལ་འབྱོར་དེ་བཟོ་ལས་ཅན་དཀྱིལ་སྙིང་དུ་བཟུང་བའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ཐོན་ལས་དང་ཐོན་ལས་བར་གྱི་འབྲེལ་བའི་གྲུབ་ཚུལ་དང་། ཐོན་ལས་ནང་ཁུལ་གྱི་ཁེ་ལས་རྩ་འཛུགས་གྲུབ་ཚུལ་གྱི་འགྱུར་བའི་ཆོས་ཉིད། དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ནང་གནས་སྙོམས་སྒྲིག་གི་གནད་དོན་སོགས་དཔྱད་བསྡུར་བྱེད་པ་ཡིན། ཞིབ་འཇུག་བྱས་པར་བརྒྱུད་ནས་རྒྱལ་ཁབ་ལ་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་ལ་ཕབ་པ་དང་། གཏན་ལ་ཕབ་པའི་ཐོན་ལས་སྲིད་ཇུས་ལ་དཔལ་འབྱོར་གཞུང་ལུགས་ཀྱི་ཁུངས་ལུང་འདོན་སྤྲོད་བྱེད་པ་ཞིག་ཡིན།

ཐོན་ལས་དཔལ་འབྱོར་རིག་པ་ནི་ཐོན་ལས་དེ་ཞིབ་འཇུག་གི་གཏན་ཚིགས་སུ་གཞིར་བཟུང་ནས། གཙོ་བོ་ཚན་རྩལ་གོང་འཕེལ་དང་ངལ་རྩོལ་ནུས་ཤུགས་སོགས་ཀྱི་གྲུབ་ཆའི་ཐོན་ཁུངས་ཀྱི་འཁོར་བསྐྱོད་དང་། བར་སྟོང་འཕེལ་རྒྱས། དཔལ་འབྱོར་ཕན་འབྲས་ཀྱི་རིག་ཚན། ཐོན་ལས་ཀྱི་གནས་ཚུལ་འགྱུར་ལྡོག་ཆོས་ཉིད། དཔལ་འབྱོར་གཞི་གྲངས་ཀྱི་ལག་ཆ་གཙོ་བོ་སྟེ་རྩིས་གཞིའི་དཔལ་འབྱོར་རིག་པའི་ལག་ཆ་སོགས་ལ་ཞིབ་འཇུག་བྱེད་པ་ཡིན། དབྱེ་ཞིབ་ཀྱི་ཐབས་ལམ་གཙོ་བོ་ནི་ཐབས་ཇུས་སྨྲ་བའི་དབྱེ་ཞིབ་ཐབས་ལམ་དང་། སྟོབས་ཤུགས་སྣ་ཚོགས་ཀྱི་ཐབས་ཇུས། ཆ་སྙོམས་དང་ཆ་མི་སྙོམས་པའི་དབྱེ་ཞིབ་ཐབས་ལམ་སོགས་ཡོད། བསམ་བློའི་ཡོང་ཁུངས་གཙོ་བོ་ནི་མཚན་ཉིད་རིག་པའི་འགལ་བ་ཁ་གཏད་དང་གཅིག་གྱུར་གྱི་བསམ་བློ་དང་། རྩོད་སྒྲུབ་ཐབས་ལམ་གྱི་བསམ་བློ་སོགས་ཡིན།

2 དོན་སྙིང་།

གཅིག ཐོན་ལས་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་པའི་གཞུང་ལུགས་དོན་སྙིང་སྟེ།

གཅིག་གྱུར་གྱི་དཔལ་འབྱོར་རིག་པའི་མ་ལག་ཚུགས་པར་ཕན།

དཔལ་འབྱོར་རིག་པ་དང་དོ་དམ་རིག་པ་གཉིས་ཀྱི་འབྲེལ་མཐུད་ལ་ཕན།

ཉེར་སྤྱོད་དཔལ་འབྱོར་རིག་པའི་རིག་ཚན་འཛུགས་པར་ཕན་ནོ།།

གཉིས། ཐོན་ལས་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་པའི་དངོས་ཡོད་དོན་སྙིང་སྟེ།

ཐོན་ལས་རྩ་འཛུགས་གྲུབ་ཚུལ་འཛུགས་པར་ཕན།

ཐོན་ལས་གྲུབ་ཚུལ་གྱི་ལེགས་བཅོས་དང་། ཚན་རིག་འཕེལ་རྒྱས་ལྟ་བ་དོན་འཁྱོལ་བྱེད་པར་ཕན།

ལུགས་མཐུན་གྱི་ཐོན་ལས་སྒྲིག་ཚུལ་དང་།  ནུས་པའི་ཟད་གྲོན་ཆུང་དུ་གཏོང་བ། ཕན་འབྲས་མཐོར་འདེགས་བཅས་སུ་ཕན།

3 རིག་ཚན་གྱི་ཁྱབ་ཁོངས།

ཐོན་ལས་རྩ་འཛུགས་གཞུང་ལུགས་དང་། ཐོན་ལས་གྲུབ་ཚུལ་གྱི་གཞུང་ལུགས། ཐོན་ལས་འབྲེལ་མཐུད་གྱི་གཞུང་ལུགས། ཐོན་ལས་སྒྲིག་ཚུལ་གྱི་གཞུང་ལུགས། ཐོན་ལས་གོང་སྤེལ་གྱི་གཞུང་ལུགས། ཐོན་ལས་སྲིད་ཇུས་ཞིབ་འཇུག ཤུགས་ལྔའི་དཔེ་དབྱིབས་བཅས་སོ།། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།